དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

འབྲོག་དམངས་ཁྲི1.7ལྷག་གིས“སྐྱེ་ཁམས་ཟ་མ”བཟའ་ཐུབ་པར་གྱུར།

སྤེལ་དུས 2021-03-26 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
           གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་ནང་རྐྱེན་ཐད་ནས་སྤོབས་པ་ཆེན་པོས་བཅོས་བསྒྱུར་དང་འཚོལ་ཞིབ་བྱས་པ་དང་། སྐྱེ་ཁམས་བདག་སྐྱོང་སྤྱི་ཕན་ལས་གནས་ནང་རྐྱེན་གསར་གཏོད་བྱས་པ། ནུས་ཤུགས་གང་ཡོད་ཀྱིས་སྐྱེ་ཁམས“བདག་སྐྱོང+ཐོན་ལས”ཀྱི་གནད་ཁེལ་དབུལ་སྐྱོར་གྱི་རྣམ་པ་གསར་པ་བསྐྲུན་པས། སྐྱེ་ཁམས་བདག་སྐྱོང་པ17211གིས“སྐྱེ་ཁམས་ཟ་མ”བཟའ་ཐུབ་པར་གྱུར།
           མཚོ་ངོས་ལས་མཐོ་ཚད་སྨི་བཞི་སྟོང་ལྷག་ཡིན་པའི་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་དུ། གྲང་ངར་རུས་པར་ཟུག་འོངས།རུ་གཙོ་དབང་ཕྱུག་གི་སྣེ་ཁྲིད་འོག གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་བདག་སྐྱོང་རུ་ཁག་གི་རུ་མིས་འཕྲུལ་རྟར་བཞོན་ཏེ་རྩྭ་ཐང་ལ་སྐོར་སྲུང་བྱེད་བཞིན་ཡོད་པ་དང་། དབང་ཕྱུག་གི་དཔུང་པའི་སྟེང“གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་བདག་སྐྱོང་པ”ཞེས་པའི་ཡི་གེ་དཔར་བའི་དཔུང་རྟགས་དམར་པོ་ཞིག་བཏགས་འདུག་ལ། ཁོས་བཤད་རྒྱུར། ཉིན་རེར་རྩྭ་ཐང་ལ་སྐོར་སྲུང་བྱ་རྒྱུ་ནི་ངེས་པར་བསྒྲུབ་དགོས་པའི་དོན་དག་ཅིག་ཡིན་ལ། དཀའ་ལས་ཆེ་བ་ནི་བཤད་མ་དགོས་མོད། འོན་ཀྱང་རྩྭ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་ནི་སྐྱེ་ཁམས་བདག་སྐྱོང་པ་རེ་རེས་བསྒྲུབ་འོས་པའི་འགན་འཁྲི་ཡིན།
           དབང་ཕྱུག་ནི་ཆུ་དམར་ལེབ་རྫོང་གི་འབྲོག་པ་ཞིག་ཡིན་ལ། རེ་འདུན་ཞུས་པ་བརྒྱུད་ནས་སྐྱེ་ཁམས་བདག་སྐྱོང་རུ་ཁག་གི་རུ་མི་ཞིག་ཏུ་གྱུར་སོང་། ཁོས་ཧུར་ཐག་སྒོས་རྒྱལ་ཁབ་ཀྱི་ཕྱུགས་བསྐྱུར་རྩྭ་སྐྱོང་སྲིད་ཇུས་དང་དུ་བླངས་ཏེ། རང་ཚང་གི་ནོར་ལུག་གི་ཁ་གྲངས་མུ་མཐུད་དུ་ཇེ་ཉུང་ལ་བཏང་ཞིང་། རྩྭ་ཐང་སྲུང་སྐྱོབ་ཀྱི་ཆེད་དུ་རང་གི་སྟོབས་ཤུགས་ཕུལ།
           “སྐྱེ་ཁམས་བདག་སྐྱོང་རུ་ཁག་ཏུ་ཞུགས་རྗེས། སྲིད་གཞུང་གིས་ཟླ་རེར་ཟླ་ཕོགས་བྱིན།”དབང་ཕྱུག་གིས་དེ་ལྟར་བཤད་ལ། སྔོན་ཆད་དང་བསྡུར་ན། ད་ལྟ་སྐོར་སྲུང་བྱེད་ཐེངས་ཇེ་མང་དུ་སོང་ཡོད་པར་མ་ཟད། སྐོར་སྲུང་བྱ་རྒྱུའི་དོན་དག་ཀྱང་སྔོན་གྱི་རྩྭ་ཐང་སྐོར་སྲུང་བྱེད་པའི་སྟེང་ལ་རི་དང་། ཆུ། ནགས། མཚེའུ། རྩྭ་ཐང་སོགས་ལའང་སྐོར་སྲུང་བྱེད་དགོས་པ་རེད།
           གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་མགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། རྣམ་སྲས་ཞང་སྲིད་གཞུང་གིས་ད་དུང་ས་གནས་རང་ནས་འབྲོག་པ20ལྷག་གདམ་གསེས་བྱས་ཏེ། ཁོ་ཚོར་དམར་ཕྱིའི་པར་ཆས་དང་རྒྱང་མཐོང་བཀོལ་སྤྱོད་ལག་རྩལ་གསོ་སྦྱོང་བྱས། སྔོན་ལ་པར་ལེན་ལག་རྩལ་ཁོང་དུ་ཆུད་པའི་འབྲོག་པ་འདི་དག་ནི་སྐྱེ་ཁམས་མྱོང་རོལ་ཆེད་འཐུས་བདག་གཉེར་བྱ་འགུལ་སྤེལ་མཁན་གྱི་ཁེ་ཕན་རེག་མཁན་སྐོར་དང་པོར་གྱུར།
           རྫ་སྟོད་རྫོང་རྣམ་སྲས་ཞང་གནས་མདོ་སྡེ་བའི་འབྲོག་མི་བཀྲ་ཤིས་ཀྱིས་གསོ་སྦྱོང་བྱས་རྗེས་དམར་ཕྱིའི་པར་ཆས་བཀོལ་སྤྱོད་ཀྱི་ལག་རྩལ་བསླབས་ནས་ཤེས་སོང་བ་དང་། ཡུལ་སྐོར་པ་ཁྲིད་དེ་གྲོག་རོང་དུ་སོང་ནས་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་གྱི་བྱ་འགུལ་ལ་རོལ་མྱོང་བྱེད་དུ་འཇུག་བཞིན་ཡོད་པས། ལོ་གཅིག་གི་ནང་ལ་ཡོང་སྒོ་མི་ཉུང་བ་ཞིག་ཡོད། བཀྲ་ཤིས་ཀྱིས་བཤད་རྒྱུར། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་འོག འབྲོག་པ་ཚོས་ཡུལ་སྐོར་པ་ཁྲིད་དེ་རི་མགོ་ནས་སྐྱེ་ཁམས་ཡུལ་སྐོར་ལ་རོལ་མྱོང་བྱེད་དུ་བཅུག་པ་ན། འབྲོག་པ་ཚོའི་ཡོང་སྒོ་ཡང་སྔོན་ཆད་ལས་ཇེ་མང་དུ་སོང་ཡོད།
           འབྲོག་པའི་སྐྱེ་ཁམས་བདག་སྐྱོང་དང་ཕྱུག་འགྱུར་ནུས་པ་ཇེ་དྲག་ཏུ་གཏོང་ཆེད།གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཚོད་ལྟའི་སྲིད་ཇུས་གཏན་འབེབས་སྟེང་སྐྱེ་ཁམས་སྲུང་སྐྱོབ་དང་གནད་ཁེལ་དབུལ་ཐར་ཟུང་འབྲེལ་བྱས། གླིང་ཁུལ་དུ་རི་ཆུ་ནགས་རྩྭ་ཐང་མཚེའུ་བཅས་སྒྲིག་འཛུགས་ཅན་གྱི་བདག་སྐྱོང་དང་། དྲ་མིག་ཅན་གྱི་སྐོར་ཞིབ་སྐུལ་སྤེལ་བཏང་བ་དང་། ཞང་དང་གྲོང་རྡལ་བདག་སྐྱོང་ས་ཚིགས་དང་།སྡེ་བ་རིམ་པའི་བདག་སྐྱོང་རུ་ཁག་དང་བདག་སྐྱོང་ཡན་ལག་ཚོ་ཆུང་བཅས་སྒྲིག་འཛུགས་བྱས་ཏེ། སྐྱ་མི་རུ་ཁག་དང་འཕྲུལ་རྟའི་རུ་ཁག་གིས་རྒྱང་རིང་ནས་སྐོར་སྲུང་བདག་སྐྱོང་བྱ་རྒྱུ་སྒྲིག་འཛུགས་དར་སྤེལ་བཏང་སྟེ། འབྲོག་པ་རྣམས་རིམ་གྱིས་རྩྭ་ཐང་བེད་སྤྱོད་མཁན་ནས་སྐྱེ་ཁམས་བདག་སྐྱོང་པར་བསྒྱུར་བ་རེད། དུས་མཚུངས་སུ། འབྲོག་པ་རྣམས་ཀྱིས་སྤྱི་གླིང་སྐྱེ་ཁམས་རོལ་མྱོང་དང་། ཁོར་ཡུག་སློབ་གསོའི་ཞབས་འདེགས་དང་སྐྱེ་ཁམས་སྲུང་སྐྱོབ་བཟོ་འགོད་ངལ་རྩོལ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་བ་བསྒྲུབ་པར་སྐུལ་ལྕག་དང་། ཁྲིད་སྟོན། རྒྱབ་སྐྱོར་བཅས་བྱས་ཏེ། འབྲོག་པ་རྣམས་ལ་སྐྱེ་ཁམས་སྲུང་སྐྱོབ་དང་། སྤྱི་གླིང་དོ་དམ་ཁྲོད་བརྟན་འཇགས་དང་ཡུན་ཕན་གྱི་གྲུབ་འབྲས་ཐོབ་ཏུ་བཅུག་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོལ།