དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་དགོས།

སྟོད་ལུང་བདེ་ཆེན་ཆུས་གནས་ནང་དགོན་པ། དཔལ་ལྡན་དཔའ་བོ།

སྤེལ་དུས 2021-03-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          དེ་རིང་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་རེད། ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བརྒྱུད་མྱོང་བའི་གངས་ལྗོངས་ས་མཐོའི་ངོས་ནས་བརྗོད་ན། ལོ་62གོང་གི་དེ་རིང་ནི་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་ཤིག་སྟེ། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བོད་དུ་ལག་བསྟར་བྱེད་མཇུག་འགྲིལ་ནས་ཡུན་རིང་མུན་ནག་གི་སྡུག་བསྔལ་མྱངས་པའི་བོད་ཀྱི་མི་དམངས་དུས་དེ་ནས་བཟུང་འོད་ཟེར་དང་བདེ་སྐྱིད་ལྡན་པའི་ཕྱོགས་སུ་བསྐྱོད་དེ་ས་མཐོར“ཚེ་སྲོག་གི་དཔྱིད་དཔལ”བཞད་ཡོད། ལོ་62རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག བོད་ཀྱིས་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་བརྒྱུད་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་ལ་རྒྱུན་ཆད་མེད་པར་རླབས་ཆེན་གྱི་ཡར་རྒྱས་གསར་པ་བྱུང་ཡོད་ལ་ཁྱབ་ཁོངས་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ལོ་བཅུ་ཕྲག་རིང་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་200ལྷག་ཙམ་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་མང་བསྟུད་མར་གྲངས་གནས་གཉིས་འཕར་བ། ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་དབུལ་ཞྭ་ཕུད་པ་བཅས་ནི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལས་བྱུང་ཡོད། དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ཡོད། དེ་རིང་ང་ཚོས་ཟླ་3ཚེས་28ཉིན་གྱི་དམིགས་བསལ་གྱི་ཉིན་མོ་འདིར་གཟབ་རྒྱས་དང་རྔམ་བརྗིད་ལྡན་པའི་ངང་ནས་དྲན་གསོ་ཞུ་དོན་ནི་སྔོན་ཆད་མི་བརྗེད་པ་དང་། ད་ཆར་གཅེས་སྤྲས། འགན་འཁྲི་བློ་ལ་བརྟན་པོར་འཆང་བ་བཅས་ཀྱི་ཆེད་དུ་ཡིན།
          གྲུབ་འབྲས་དེ་དག་ལས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ནི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་དང་ཁ་འབྲལ་ཐབས་མེད་པ་ར་སྤྲོད་གང་ལེགས་ཐུབ་ཡོད། ལོ་བཅུ་ཕྲག་དེ་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ངོས་ནས་བརྗོད་ན་ཧ་ཅང་དུས་ཐུང་ཡིན་རུང་། དེ་སྔ་འབད་འཐབ་ལྷོད་མེད་བྱེད་མྱོང་བའི“བོད་སྐྱོད་པ་རྒན་གྲས”གྲངས་ལས་འདས་པ་ཚོའི་ངོས་ནས་བརྗོད་ན། དེ་ནི་དཔའ་ངར་ཆེན་པོས་འབད་བརྩོན་བྱས་པ་དང་རེ་བའི་འབྲས་བཟང་སྨིན་ཆེད་རྔུལ་ཆུ་བཏོན་ནས་བོད་ཀྱི་མི་དམངས་རྣམས་ལ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་རྒྱུ་དེ་རེད། ད་ཆ་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་ཚང་མར་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད། ད་ཆའི་བོད་ཀྱི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན། དེར་བརྟེན་ང་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཐོག་མའི་བསམ་འདུན་བརྗེད་རྒྱུ་མེད། ཐོག་མའི་བསམ་འདུན་ནི་དམིགས་བསལ་གྱི་ལོ་རྒྱུས་ཆ་རྐྱེན་འོག་གྲུབ་པ་ཞིག་རེད། བོད་རྙིང་པའི་མུན་ནག་དང་སྡུག་བསྔལ་བློ་ལ་བརྟན་པོར་ངེས་པ་དེ་ང་ཚོས“ཐོག་མའི་བསམ་འདུན”ལ་གོ་བ་ལེན་པར་ཕན་ཐོགས་ཆེན་པོ་ཡོད་པ་སྨོས་མེད་རེད། མུན་ནག་གི་ལོ་རྒྱུས་ལས་ད་ཆའི་འོད་སྟོང་དེ་བས་མངོན་ཐུབ། དེ་ནི་ང་ཚོ་ཀྲུང་ཧྭ་མི་རིགས་དང་རྒྱལ་ཁབ་ཀྱི་དྲན་ཤེས་ཀྱི་ཆ་ཤས་ཤིག་རེད། ང་ཚོས་ནམ་ཡང་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ད་ཆའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ཚེ་གཞི་ནས་བདེ་སྡོད་ལས་བརྩོན་གྱི་འབྱུང་འགྱུར་ཕྱོགས་སུ་དེ་བས་ལེགས་པའི་སྒོ་ནས་སྐྱོད་ཐུབ།
          ང་རང་ཏང་གི་མི་རིགས་ཆོས་ལུགས་ཀྱི་མཛད་ཕྱོགས་སྲིད་ཇུས་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་འོག་འཚར་ལོངས་བྱུང་བའི་ཆོས་ལུགས་མི་སྣ་ཞིག་ཡིན་པའི་ངོས་ནས་ཁྱབ་ཁོངས་དེའི་ནང་མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་ཞི་མཐུན་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་ནི་དོར་ཐབས་མེད་པའི་དུས་རབས་ཀྱི་འགན་འཁྲི་ཞིག་ཡིན་ལ། ནང་བསྟན་ཆོས་ལུགས་ཀྱི་འཁོར་རྣམ་པ་བཞིས་འདུལ་ཁྲིམས་བཞིན་ལག་བསྟར་བྱེད་པའི་སྒུལ་ཤུགས་དང་དམིགས་ཚད་གལ་ཆེན་ཞིག་ཀྱང་རེད། ངས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་རང་ཉིད་ཀྱི་བསྲུང་བྱའི་ཚད་གཞིར་བརྩིས་ཏེ། རང་ནུས་གང་ཡོད་ཀྱིས་བྱམས་སྙིང་རྗེར་བརྟེན་ནས་་ཞི་མཐུན་ཡོང་བར་འབད་པ་དང་། ལྟ་བ་གཅིག་མཚུངས་ཀྱི་སྒོ་ནས་ཞི་མཐུན་དོན་ཐོག་ཏུ་འཁྱོལ་བ། འདྲ་མཉམ་གྱི་བསམ་པ་བཅངས་ནས་ཞི་མཐུན་ཡོང་བར་བརྩོན་པ། སྦྱིན་པ་གཏོང་བར་སྤྲོ་བའི་བསམ་པ་བཅངས་ནས་ཞི་མཐུན་ཡོང་ཐབས་བཅས་བྱེད་རྒྱུ་ཡིན། མི་རིགས་མཐུན་སྒྲིལ་ཐད་ངས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་ནས་མུ་མཐུད་བོད་བརྒྱུད་ནང་བསྟན་གྱི་སྡོམ་ཁྲིམས་དང་བསྟན་དོན་མི་རིགས་མཐུན་སྒྲིལ་དང་ཟུང་འབྲེལ་བྱས་ནས་འགྲེལ་བཤད་བརྒྱབ་སྟེ། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་རྒྱུ་དང་། ཆོས་ལུགས་སྣ་ཚོགས་་འདྲ་མཉམ་གྱི་སྙིང་སྟོབས་ལ་བརྟེན་ནས་ནང་བསྟན་ཆོས་ལུགས་ཀྱིས་དམངས་ལ་ཕན་བདེ་བསྐྲུན་ཏེ་བོད་ལྗོངས་གསར་པའི་བརྟན་ལྷིང་དང་དུས་བདེ་ཞི་མཐུན་གྱི་སྤྱི་ཚོགས་བསྐྲུན་རྒྱུ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།