དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

དག་ཐེར་ཟབ་ཏུ་བཏང་སྟེ་དོན་འཁྱོལ་ལ་དམ་འཛིན་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ལྷོ་ཁ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་བ།

སྤེལ་དུས 2021-06-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་ཆར། གསར་འགོད་པར་ལྷོ་ཁ་གྲོང་ཨུད་ཀྱི་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དེས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་གནད་དོན་ལ་དམ་པོར་དམིགས་ཏེ་ཕྱོགས་ཡོངས་དང་། ལེ་ལག་ཚང་བ། ཡང་དག་པ་བཅས་ཀྱི་སྒོ་ནས་དག་ཐེར་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱུན་མཐུད་སློབ་སྦྱོང་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་གཟིགས་ལས་དོན་དང་། བོད་ཀྱི་ལས་དོན་གྱི་རྣམ་བཤད་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ཟུང་འབྲེལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ངང་སྤེལ་བ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་བཅས་བྱས་ནས་བསམ་བློར་དྲག་ཆས་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་བཅས་ཏན་ཏིག་ཐུབ་པ་བྱས་ཡོད། དག་ཐེར་ལ་དམ་འཛིན་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དག་ཐེར་དོན་འཁྱོལ་མི་བྱེད་པ་ནི་ཏང་ལ་ལྷག་བསམ་རྣམ་དག་མེད་པ་དང་མི་དམངས་ལ་འགན་མི་འཁུར་བ་ཞིག་ཡིན་པའི་བསམ་བློ་བརྟན་པོར་བཅངས་ཏེ་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་ཡོངས་ནས་དག་ཐེར་གཏིང་ཟབ་བྱེད་པ། བྱེད་ཐབས་ནུས་ལྡན་ལ་བརྟེན་ཏེ་ཚུར་ལན་གནད་དོན་ཕྱོགས་ཡོངས་དང་། གཏིང་ཟབ། མཐར་ཕྱིན་པ། གནད་སྨིན་བཅས་ཀྱི་སྒོ་ནས་སྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་ཡོད། སྣེ་ཁྲིད་དེ་ལྟ་སྐུལ་དང་ལེན་དང་། སྣེ་ཁྲིད་དེ་དག་ཐེར་དོན་འཁྱོལ། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན། གྲུབ་འབྲས་སྤྱོད་རྒྱུར་ཤུགས་སྣོན། སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་། སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ནས་དུས་རབས་གསར་པའི་མཐའ་བརྟན་ལས་དོན་ཡག་པོ་སྒྲུབ་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཏེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། “རྒྱུགས་འབུལ”སྐབས་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་། “རུལ་སུངས”དང“སྐོར་རྔོན”ལ་དོགས་ཟོན་རྒྱུན་འཁྱོངས་ཀྱིས་ཏང་ལ་འགན་ཁུར་བ་དང་། མི་དམངས་ལ་འགན་ཁུར་བ། བྱ་གཞག་ལ་འགན་ཁུར་བ་བཅས་ཀྱི་རྣམ་འགྱུར་གསལ་པོ་བསྟན་ནས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་ཏན་དང་། གཞི་རིམ་རྩ་འཛུགས་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། “སྤྱོད་ཚུལ་བཞིའི”གནད་དོན་རྒྱུན་སྲིང་ལྷོད་མེད་ངང་ཡོ་བསྲང་བཅས་བྱས་ནས་དངོས་སུ་དོ་དམ་ནན་པོ་དང་། དོ་དམ་ནན་པོ་བྱེད་ཕོད་པ། ཡུན་རིང་དོ་དམ་ནན་པོ་བཅས་བྱས་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།