དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

མཐའ་མཚམས་ལམ་ཐིག་ཐོག་གི་བློ་དཀར་སེམས་དཀར་གྱི་མཐའ་སྲུང་བ།

ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་མཐའ་སྲུང་བར་བཅར་འདྲི་བྱས་པའི་སྐོར་བཀོད་པ།

སྤེལ་དུས 2021-06-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          མཚོ་སྣ་རྫོང་གི་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་མཐའ་མཚམས་ལམ་ཐིག་ཐོག་མཐའ་སྲུང་བ་མང་དག་ཅིག་ཡོད་པའི་ཁྲོད་ལ་ལས་ཕྱུགས་རིགས་འཚོས་ནས་དུས་རབས་ཕྱེད་ཀ་ཙམ་མཐའ་མཚམས་སྲུང་རྒྱུ་རྒྱུན་འཁྱོངས་དང་། ལ་ལས་ཕ་ཤུལ་བུས་འཛིན་གྱིས་མཐའ་མཚམས་སྲུང་བའི་ཐོག་མའི་བསམ་འདུན་ལ་འགྱུར་ལྡོག་མི་གཏོང་བ། ལ་ལས་ཉམས་མྱོང་སློབ་པ་དང་དུས་མཚུངས་སློབ་ཕྲུག་ཚོར་ཕྱུགས་རིགས་འཚོས་ནས་མཐའ་མཚམས་སྲུང་བའི་རྒྱལ་གཅེས་ཀྱི་བརྩེ་སེམས་བརྒྱུད་སྤྲོད་བྱེད་པ་སོགས་ཁོང་ཚོས་བྱ་སྤྱོད་ངོ་མའི་ཐོག་ནས་མེས་རྒྱལ་མཐའ་མཚམས་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོང་བྱས་ཡོད།
          ཉེ་ཆར་བཅར་འདྲི་ཚོགས་ཆུང་དང་བཅས་པས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་དུ་བསྐྱོད་དེ་མཐའ་བརྟན་མཐའ་དར་ཆེད་ལེགས་སྐྱེས་འབུལ་མཁན་མཐའ་སྲུང་བར་བཅར་འདྲི་བྱས་པ་ཡིན།
          ཚེ་རིང་བསྟན་དར་གྱིས་དུས་རབས་ཕྱེད་ཀ་ཙམ་བརྟན་སྲུང་བྱས་པ།
          ལོ་11ནས་ད་ལྟའི་བར་ཚེ་རིང་བསྟན་དར་གྱིས་ཕྱུགས་རིགས་འཚོས་ནས་མཐའ་མཚམས་སྲུང་རྒྱུ་དེ་དུས་རབས་ཕྱེད་ཀ་ཙམ་རྒྱུན་འཁྱོངས་བྱས་ཡོད།
          དུས་རབས་གོང་མའི་ལོ་རབས་60པའི་ནང་ལོ་11ལ་སླེབས་པའི་ཚེ་རིང་བསྟན་དར་སྤོ་བོ་བསྟན་ཆོས་དང་མཉམ་དུ་གཞན་ཡུལ་ནས་མཚོ་སྣ་རྫོང་དུ་ཕྱིར་ལོག་བྱས་རྗེས་ལམ་ཕུག་ཤང་ཆུ་ནག་གྲོང་ཚོར་གནས་སྡོད་བྱས་ཡོད།
          “ལམ་ཕུག་ཤང་དུ་ཕྱིར་ལོག་བྱས་རྗེས་ལྟོ་གོས་ཐད་སེམས་ཁྲལ་མེད་ལ་གཞན་གྱི་བརྙས་བཅོས་ཀྱང་མྱོང་དགོས་ཀྱི་མི་འདུག”ཅེས་ཚེ་རིང་བསྟན་དར་གྱིས་གསར་འགོད་པར་བཤད། གཞན་ཡུལ་དུ་མི་གཞན་ལ་བརྟེན་ནས་སྡོད་དགོས་པ་དང་རྒྱལ་ནང་དུ་ཕྱིར་ལོག་བྱས་རྗེས་རང་ཁྱིམ་རང་བདག་བྱུང་བས་གཏན་ནས་མི་འདྲ་བའི་ཁོར་ཡུག་དེ་གཉིས་ཀྱིས་ཚེ་རིང་བསྟན་དར་གྱི་སེམས་སུ་བག་ཆགས་ཟབ་མོ་བཞག་ཡོད།
          1973ལོར་ཆུ་ནག་གྲོང་ཚོའི་བཀོད་སྒྲིག་ལྟར་ཚེ་རིང་བསྟན་དར་རྫོང་གིས་སྒྲིག་འཛུགས་བྱས་པའི་སྨན་དོན་གསོ་སྦྱོང་ནང་ཞུགས་སུ་བཅུག་པས་གྲོང་ཚོའི་སྨན་པ་ཞིག་ཏུ་གྱུར། 1974ལོའི་ཟླ་7ཚེས་1ཉིན། ལོ་20ལ་སླེབས་པའི་ཚེ་རིང་བསྟན་དར་གྱིས་ཏང་རྩ་འཛུགས་ལ་ཏང་ལ་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་ཕུལ་ནས་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་གཟི་བརྗིད་ལྡན་པའི་ངང་གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར་ཡོད།
          གྲོང་ཚོའི་ནང་ཁོང་ནི་གྲོང་ཚོའི་སྨན་པ་ཞིག་ཡིན་པ་མ་ཟད། ད་དུང་སྔ་རྗེས་སུ་གྲོང་ཚོའི་ཡུལ་དམག་གི་རུ་དཔོན་དང་། གྲོང་ཚོ་ཨུ་ལྷན་གྱི་ཨུ་ཡོན། ཀྲུའུ་རེན། ཏང་ཀྲི་པུའུ་ཧྲུའུ་ཅི་སོགས་ཀྱི་འགན་འཁུར་ཡོད། མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་མེས་རྒྱལ་མཐའ་མཚམས་ཀྱི་བདེ་འཇགས་ཀྱང་སྲུང་སྐྱོང་བྱས་ཡོད།
          ལམ་ཕུག་ཤང་ཆུ་ནག་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ཡིན་པ་དང་དཔེ་མཚོན་གྱི་མཐའ་མཚམས་གྲོང་ཚོ་ཞིག་རེད། ས་མཐོའི་གནམ་གཤིས་འགྱུར་ལྡོག་ཆེ་ཞིང་། སྐབས་རེ་རླུང་བུ་ཆེན་པོ་ལྡང་བ་དང་སྐབས་རེ་སྤྲིན་ནག་གིས་ཁེངས་པ་སོགས་བྱེད་ཀྱི་ཡོད། “སྐོར་གཡེང་བྱེད་པའི་ལམ་བར་དུ་གངས་རི་བརྒལ་དགོས་པ་དང་། འཁྱགས་ཆུ་སྒྲོལ་དགོས་པ། འདམ་བག་ནང་སྐྱོད་དགོས་པ་སོགས་ནི་ཆེས་རྒྱུན་གཏན་ཞིག་རེད”ཅེས་ཚེ་རིང་བསྟན་དར་གྱིས་བཤད། མཐའ་སྲུང་གི་ལམ་བུ་དེའི་ཐོག་ཚེ་རིང་བསྟན་དར་གྱིས་ལོ་བཅུ་ཕྲག་ཁ་ཤས་རྒྱུན་འཁྱོངས་བྱས་ཡོད།
          ལོ་བཅུ་ཕྲག་ཁ་ཤས་རིང་གི་བརྟན་སྲུང་སྐོར་གླེང་སྐབས་ཚེ་རིང་བསྟན་དར་གྱིས“ས་དེ་སྲུང་བ་ནི་རྒྱལ་མཚམས་སྲུང་བ་དང་ཁྱིམ་གཞིས་སྲུང་བ་ཞིག་རེད”ཅེས་བཤད།
          ཚེ་རིང་བསྟན་འཛིན་ཕ་བུ་གཉིས་ཀྱིས་མཐའ་མཚམས་སྲུང་བའི་ཐོག་མའི་བསམ་འདུན་རྒྱུན་མཐུད་བྱས་པ།
          སྐལ་བཟང་བསྟན་འཛིན་གྱི་ཕ་ཚེ་རིང་བསྟན་འཛིན་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སླད་མོན་པ་མི་རིགས་ཤང་གི་མཐའ་མཚམས་སྲུང་མཁན་གྱི་མི་རབས་དང་པོ་དེ་རེད།
          དེ་སྔ་ཞིང་བྲན་ཡིན་པའི་ཚེ་རིང་བསྟན་འཛིན་གྱིས་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་མངའ་བདག་ཆེན་པོ་གསུམ་གྱི་བཤུ་གཞོག་དང་གཉའ་གནོན་མྱངས་མྱོང་ཡོད་ལ་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རང་ཐག་རང་གཅོད་བྱེད་པའི་སྤྲོ་སྣང་ཡང་མྱངས་མྱོང་ཡོད། 1966ལོར་ཚེ་རིང་བསྟན་འཛིན་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་རྗེས་སླད་མོན་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིའང་བྱས་པ་རེད།
          “ཆུང་དུས་ཕ་བྲེལ་བ་ཧ་ཅང་ཆེ་བས་ང་དགོང་མོ་མ་ཉལ་གོང་ཁོང་དང་གདོང་ཐུག་ཙམ་ལས་ཡོང་གི་མེད”ཅེས་བཤད། སྐལ་བཟང་བསྟན་འཛིན་གྱི་དྲན་འཆར་ནང་ཕ་རྟག་ཏུ་བྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་རེད།
          “མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་པ་ནི་སྐལ་བཟང་བསྟན་འཛིན་ཧ་ཉིད་གོ་བ་ནས་བཟུང་ཕས་བརྗོད་མང་ཤོས་ཀྱི་སྐད་ཆ་ཞིག་རེད།
          ཕ་ཡི་ཤུགས་རྐྱེན་འོག་ལོ་18ལ་སླེབས་སྐབས། སྐལ་བཟང་བསྟན་འཛིན་གྱིས་ཕའི་ལག་ནས་མཐའ་སྲུང་གི་རྒྱུག་མཐུད་དབྱུག་པ་བླངས་པ་དང་མང་ཚོགས་ཚོས་སླད་གྲོང་ཚོའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ་དང་། དེ་རྗེས་སླར་ཡང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་པ་རེད། ཁོང་གི་སྐུལ་སློང་འོག་སླད་མོན་པ་མི་རིགས་ཤང་དུ་ལོ་16ཡན་ཆད་དང་ལོ་65མན་ཆད་ཀྱི་སྐྱེས་པ་རྣམས་གཅིག་རྗེས་གཉིས་མཐུད་ངང་སྐོར་གཡེང་རུ་ཁག་ལ་ཞུགས་པ་རེད།
          ང་ཚོ་མི་མང་ཆེ་བའི་ངོས་ནས་བརྗོད་ན་རྒྱལ་མཚམས་ཀྱི་ལམ་ཐིག་ནི་ས་བཀྲའི་ཐོག་གི་ཀྱག་ཀྱོག་ལམ་ཐིག་ཞིག་ཡིན་མོད། འོན་ཀྱང་སྐལ་བཟང་བསྟན་འཛིན་གྱི་ངོས་ནས་བརྗོད་ན་ལམ་ཐིག་དེ་དག་ནི་མཐའ་མཚམས་ལ་སྐོར་གཡེང་བྱེད་པའི་ལམ་བུའི་ཐོག་གི་རི་བོ་དང་གྲོག་རོང་ཤ་སྟག་རེད།
          ལོ་མང་གི་མཐའ་མཚམས་སྐོར་གཡེང་ལས་སྐལ་བཟང་བསྟན་འཛིན་གྱི་དེ་སྔོན་གཞོན་བཟོ་དོད་པའི་ངོ་གདོང་ཐོག་ད་ཆ་གཉེར་མས་ཁེངས་ཡོད།
          མཐའ་དར་དམངས་ཕྱུག་དང་མཐའ་མཚམས་མི་སེར་ཕྱུག་པོར་གྱུར་ན་མཐའ་མཚམས་དེ་བས་བརྟན་ལྷིང་ཡོང་ཐུབ། “ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཇའི་ཐོན་ལས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བས་ང་ཚོའི་འདི་གར་ལོ་རེ་ལས་མ་འདས་པར་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ན་ནིང་ས་གནས་འདི་གའི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21780ཟིན་ཡོད”ཅེས་སྐལ་བཟང་བསྟན་འཛིན་གྱིས་གསར་འགོད་པར་བཤད།
          ཞོགས་ཤིག་ཏུ་ཇ་བསྲུབ་མ་འཐུང་བཞིན་པའི་ཚེ་རིང་བསྟན་འཛིན་གྱིས་ཇ་ཕོར་ཕར་བཞག་ནས་སྐལ་བཟང་བསྟན་འཛིན་གྱི་དཔུང་པར་ཞུ་ཙམ་བྱས་ཏེ“དེ་སྔ་གུང་ཁྲན་ཏང་གིས་ང་ཚོར་ས་ཞིང་བགོ་བཤའ་བརྒྱབ་པ་དང་ད་ཆ་གུང་ཁྲན་ཏང་གིས་ང་ཚོར་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་བྱུང་བས་ང་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་གཟབ་ནན་ངང་བཤད།
          སྤེན་པ་ཚེ་རིང་གིས་རྒྱལ་གཅེས་མཐའ་སྲུང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ།
          མཚོ་སྣ་རྫོང་མག་མག་མོན་པ་མི་རིགས་ཤང་སློབ་ཆུང་དུ་ང་ཚོར་སློབ་ཁྲིད་བྱས་ནས་ལོ་25སོང་བའི་སྤེན་པ་ཚེ་རིང་འཕྲད་བྱུང་། ཕྲུ་གུ་ཚོར་སློབ་ཚན་འཁྲིད་ཟིན་མ་ཐག་པའི་ཁོང་གིས་ང་ཚོ་དགེ་རྒན་གྱི་གཞུང་ལས་ཁང་དུ་ཁྲིད་ནས་ཁོང་གི་ལོ་རྒྱུས་བརྗོད་བྱུང་།
          སྤེན་པ་ཚེ་རིང་གིས་ཐོག་མཐའ་བར་གསུམ་དུ་མཐའ་མཚམས་ཀྱི་འཐབ་ས་དང་པོར་སློབ་ཁྲིད་ལས་ལ་གཞོལ་ཡོད། འདི་ལོའི་ཟླ་གསུམ་པར་མཚོ་སྣ་རྫོང་གི་མཐའ་མཚམས་ཤང་སྟེ་མཁར་ལྟག་ཤང་ནས་མག་མག་མོན་པ་མི་རིགས་ཤང་སློབ་ཆུང་དུ་སློབ་སྤྱིའི་འགན་འཁུར་བར་བཏང་ཡོད།
          “སློབ་མ་དེ་དག་གི་རྒན་རབས་མང་ཆེ་བས་དེ་སྔ་བཅིངས་འགྲོལ་དམག་ལ་ལམ་སྣེ་འཁྲིད་མྱོང་ཡོད་ལ་ཁྱིམ་སྲུང་རྒྱལ་སྐྱོབ་ཐད་ལེགས་སྐྱེས་ཀྱང་ཕུལ་མྱོང་ཡོད”ཅེས་སྤེན་པ་ཚེ་རིང་གིས“དགེ་རྒན་ཞིག་ཡིན་པའི་ངོས་ནས་ང་ཚོས་ཕྲུ་གུ་ཚོར་རྒྱལ་གཅེས་མཐའ་སྲུང་གི་ལོ་རྒྱུས་ཤོད་དགོས་ངེས་རེད། མག་མག་མོན་པ་མི་རིགས་སློབ་ཆུང་དུ་གཟའ་འཁོར་རེར་རྒྱལ་གཅེས་མཐའ་སྲུང་ཉམས་ལེན་སློབ་ཚན་ཐེངས་གཉིས་རེ་འཁྲིད་ཀྱི་ཡོད”ཅེས་བཤད།
          སྤེན་པ་ཚེ་རིང་གིས་རང་ཉིད་ཀྱི་ལས་དོན་དེ་འཆད་སྟེགས་ཐོག་ལངས་རྒྱུ་དེ་ཡིན་པས་ཧ་ཅང་སྤྱིར་བཏང་ཞིག་ཡིན། མི་སེམས་འགུལ་བའི་ཉམས་མྱོང་གང་ཡང་མེད། “མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་དུ་སློབ་ཁྲིད་ལས་དོན་སྤེལ་སྐབས་དཀའ་ངལ་ཆེ་ཙམ་ཡོད་མོད། འོན་ཀྱང་ཁྱིམ་བདག་ཚོས་བློ་བདེ་པོའི་ངང་མཐའ་མཚམས་སྲུང་ཐུབ་པ་དང་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་བྱུང་ཚེ་ང་ཚོར་དཀའ་ངལ་ག་ཚོད་འཕྲད་རུང་དཀའ་ལས་རྒྱག་རིན་ཡོད”ཅེས་བཤད།
          ཁྱིམ་ཚང་ནི་རྒྱལ་ཁབ་ཆུང་ཤོས་དང་རྒྱལ་ཁབ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་ཡིན། མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་སྲུང་རྒྱུ་ནི་རང་ཉིད་ཀྱི་ཁྱིམ་གཞིས་ཡག་པོ་སྲུང་རྒྱུ་དེ་ཡིན། བོད་ཀྱི་མཐའ་མཚམས་ལམ་ཐིག་རིང་པོའི་ཐོག་ཚེ་རིང་བསྟན་དར་དང་། སྐལ་བཟང་བསྟན་འཛིན། ཚེ་རིང་བསྟན་འཛིན། སྤེན་པ་ཚེ་རིང་བཅས་དང་འདྲ་བར་ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་རང་ཉིད་ཀྱི་ཐབས་ལ་བརྟེན་ཏེ་མཐའ་མཚམས་སྲུང་མཁན་ཧ་ཅང་མང་པོ་ཡོད། ཁོང་ཚོས་མཐའ་མཚམས་སུ་གཞིས་ཚུགས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན”བྱ་རྒྱུ་དེ་མཐའ་མཚམས་མང་ཚོགས་ཀྱི་བྱ་སྤྱོད་ཀྱི་རང་རྟོགས་ཤིག་ཏུ་གྱུར་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།