དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

བོད་ཀྱིས་ཁོར་ཡུག་སྲུང་སྐྱོང་ལ་སྒོར་དུང་ཕྱུར་མང་པོ་བཏང་འདུག

སྤེལ་དུས 2021-06-22 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          གསར་འགོད་པར་ཉེ་ཆར་འཚོགས་པའི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་ཚུན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་ངོ་70ཡི་རིང་། བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཐད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་814བཏང་ཡོད། 1988ལོ་ཚུན་ལྗོངས་ཡོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་47(རྒྱལ་ཁབ་རིམ་པའི་11)བཙུགས་པ་དང་བསྡོམས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ཡན་བཟུང་ཡོད། 《2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས》ནང་མངོན་པར་གཞིགས་ན། 2020ལོར་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་སྟེ་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།

          བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ལྗོངས་ཡོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ“མཚོ་བོད་ས་མཐོར་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་དེ་རེད”དང“མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་སྐྲུན་དགོས་པ”སོགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་བློ་ལ་བརྟན་པོར་བཅངས་ནས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཀླུང་ཀུན་བརྟན་སྲུང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བཙུགས་ཡོད། 

          ལོ་ངོ་70ཡི་རིང་། ལྗོངས་ཡོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འདུ་འགོད་རབ་དང་རིམ་པ་ལག་བསྟར་བྱས་པ་དང་2009ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད》ལ་ཆོག་མཆན་སྤྲད་ཚུན་ནས་2020ལོའི་བར། རིམ་རྩིས་བྱས་ན་སྒོར་དུང་ཕྱུར་121.5 རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུའི་ཐད་སྤྱད་པ་དང་། རི་ཆུ་ནགས་ཞིང་མཚོ་མཚེའུ་རྩྭ་ར་དང་བྱེ་ཐང་བཅས་ལེ་ལག་ཚང་བའི་ངང་བཅོས་སྒྲིག་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་ཀྱིས“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་པ། གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པར་བྱས་ཏེ་2020ལོར་ནགས་ཚལ་ཁྱབ་ཚད་12.31%ཟིན་པ་དང་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྣ་ཚོགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།
          ལོ་ངོ་70ཡི་རིང་། ལྗོངས་ཡོངས་ཀྱིས་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་བརྒྱབ་ཅིང་། ཐོན་ཁུངས་གསར་སྤེལ་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་གཙོ་གནད་ལས་རིགས་ཀྱིས་ཁོར་ཡུག་གི་ཤུགས་རྐྱེན་ལ་གདེང་འཇོག་ཞིབ་བཤེར་འཆར་འགོད་བྱེད་ཚད་100%ཟིན་པ་དང་། རྒྱལ་ཁབ་རིམ་པ་དང་ས་གནས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། ལྟེ་བའི་ཁུལ། བར་བརྒལ་ཁུལ་བཅས་ཆུ་ཤུགས་ཐོན་ཁུངས་ཀྱི་གསར་སྤེལ་བཀག་སྡོམ་ཁུལ་ནང་བཅུག་པ་དེས་ལྗོངས་ཡོངས་ཀྱི་ཆུ་བོའི་བསྡོམས་འབོར་གྱི94.1%བཟུང་ཡོད། རྡོ་སོལ་མི་སྤྱོད་པ་དང་། གློག་རླངས་ཅན། གྲོང་མིའི་སྲོལ་རྒྱུན་ནུས་རྒྱུ་འཛད་སྤྱོད་ཀྱི་ཚབ་བྱེད་པ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ནུས་རྒྱུ་གཙང་མའི་གློག་ཤུགས་སྒྲིག་ཆས་ནས་གློག་གཏོང་བའི་བསྡུར་ཚད་89.5%ཟིན་པ་དང་། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་ཁོར་ཡུག་གི་མཁའ་རླུང་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་ཟིན་པ། ལྗོངས་ཡོངས་ཀྱི་གཙང་པོ་དང་། ཆུ་བོ། མཚོ་མཚེའུ་བཅས་གཙོ་བོའི་ཆུ་སྤུས་IIIརིམ་པའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་མཐོ་བ་བྱུང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ས་ཁུལ་གྱི་ཆུ་སྤུས་100%ཟིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།