དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

དུས་རབས་ཀྱི་སྙན་དབྱངས་གང་སར་གྲགས། འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

སྤེལ་དུས 2021-06-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
 བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་བྱེད་སྒོ་སྤེལ་བ།
          ལོ་བརྒྱའི་རྒྱང་སྐྱོད་ལམ་བུའི་ཟིལ་རླབས་དགུང་དུ་འཕྱུར། ལོ་བརྒྱའི་ཐོག་མའི་བསམ་འདུན་སྲ་ཞིང་བརྟན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། ཉིན་ཤས་བསྟུད་མར་བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ངོ་མཚར་ཆེ་བའི་རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མི་རིགས་ཁག་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་མཚོན་པར་བྱས་པ་རེད།
          “དཔའ་ངར་མདུན་སྐྱོད་ཀྱི་གླུ་གཞས་རེ་རེ་ལས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། རང་རེའི་མེས་རྒྱལ་སྔར་བས་འབྱོར་ཕྱུག་དང་མི་དམངས་དེ་བས་བདེ་སྐྱིད་ཡོང་བའི་ཡིད་ཆེས་ཡོད”ཅེས་འཁྲབ་སྟོན་བྱ་ཡུལ་ནས་ཐོན་མ་ཐག་པའི་ལྟད་མོ་བ་ཀྲང་ཧྥེང་ཅུན་གྱིས་གསར་འགོད་པར་བཤད།
          རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གླུ་སྒྲའི་ཁྲོད་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་ཉམས་ལེན་བྱས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་ཆེད། ཉེ་ཆར“ནམ་ཡང་ཏང་གི་རྗེས་སུ་འབྲང”ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ལྗོངས(ཀྲུང་དབྱང)ཐད་གཏོགས་ལས་ཁུངས་ཀྱི“བདུན་གཅིག”གི་གླུ་གཞས་འདེམས་སྒྲུག་འགྲན་བསྡུར་ལྷ་སར་གཉེར་ཞིང་། ཚན་པ་32ནས་ཡོང་བའི་མི་1600ལྷག་ཙམ་འགྲན་བསྡུར་ལ་ཞུཌ་ཡོད་པ་རེད།
          “དེ་རིང་ང་ཚོ་འདི་རུ་འཛོམས་ཏེ་གླུ་གཞས་བླངས་ནས་ལོ་རྒྱུས་བརྗོད་པ་དང་། གླུ་གཞས་བླངས་ནས་བརྩེ་སེམས་མཚོན་པ། གླུ་གཞས་བླངས་ནས་བསམ་འདུན་མཚོན་པ་བྱས་ཏེ་ཏང་དང་། རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་གྱི་དུས་རབས་ཀྱི་སྙན་དབྱངས་བླངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་འབད་འཐབ་ཀྱི་རླབས་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་གྱི་ཡིན”ཞེས་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཨན་རུའུ་ཕིང་གིས་བཤད།
          ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ལས་བྱེད་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ཏེ་གསར་བརྗེའི་དངོས་མཚོན་པར་གཞི《ལི་ཏཱ་ཀྲའོ》ཞེས་པ་བལྟས་པ་དང་འབྲེལ“ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་བསྲུངས་ཀྱིས་དུས་རབས་ཀྱི་ལང་ཚོ་ཆུད་ཟོས་སུ་མི་གཏོང་བའི”བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་སྤེལ་བ་རེད།
          བྱེད་སྒོ་མཇུག་འགྲིལ་རྗེས་ཚང་མས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་ཡག་པོ་སྔར་བས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནང་སེམས་ལ་འཇགས་པ་དང་ཕྱི་བྱ་སྤྱོད་ལ་འཁྱོལ་བ་བྱས་ཏེ་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ནས་བོད་ལྗོངས་ཀྱི་ཚོང་ལས་བྱ་གཞག་སྤུས་ཚད་མཐོ་པོའི་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
          ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་དང་། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་། གྲོང་ཁྱེར་གྱི་ཐད་གཏོགས་ལས་དོན་ཨུ་ལྷན། གྲོང་ཁྱེར་སློབ་གསོ་ཅུས། ལྷ་ས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་གཉེར་འགན་ཁུར་བའི“ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲང་། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི”གསར་བརྗེའི་དཔེ་ཀློག་འགྲན་བསྡུར་ཆེ་མོ་ཟླ་6ཚེས་20ཉིན་བདེ་བླག་ངང་མཇུག་འགྲིལ་ཞིང་། དཔེ་ཀློག་འགྲན་བསྡུར་ཆེ་མོ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགྲན་ཞུགས་བརྩམས་ཆོས《ཉམས་པ་མེད་པ》དང་། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་འགྲན་ཞུགས་བརྩམས་ཆོས《ཨ་མས་ང་ལ་གླུ་ཞིག་བསླབ》 ཆུ་ཤུར་རྫོང་ཨུད་སློབ་སྦྱོང་སློབ་གསོ་གཞུང་ལས་ཁང་གི《དེང་གི་ཆུ་ཤུར་གླེང་། ཏང་གི་བཀའ་དྲིན་དྲན》བཅས་ལས་བྱེད་སྒོ་སྤེལ་ཡུལ་འཁྲུག་ཆ་དོད་པོར་གྱུར་ནས་ཐལ་མོའི་རྡེབ་སྒྲ་ཚད་མེད་དུ་གྲགས།
          “ད་ཐེངས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་ཚུན་ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སློབ་གྲྭ་སོགས་རུ་ཁག་200ལྷག་ཙམ་འགྲན་བསྡུར་ལ་ཞུགས་པ་དང་། དཔེ་ཀློག་བྱེད་སྒོ་བརྒྱུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོའི་གཞི་རྟེན་སྔར་བས་ཕུན་སུམ་ཚོགས་སུ་སོང་ནས་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་ལས་རིགས་ཁག་ཏུ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་རྣམ་པ་ཟབ་མོ་བཏོད་ཡོད”ཅེས་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དཔེ་སྐྲུན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བསྟན་འཛིན་དགའ་འཕེལ་གྱིས་ངོ་སྤྲོད་བྱས།
          ཉེ་ཆར། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི“ལུས་རྩལ་པའི་སེམས་པ་ཏང་ལ་ཕྱོགས”ཞེས་པའི་རིག་རྩལ་འཁྲབ་སྟོན་བོད་ལྗོངས་ལུས་རྩལ་ཁང་དུ་གཉེར་བ་རེད། མཉམ་གཞས《ང་དང་ངའི་མེས་རྒྱལ》དང་། དངོས་མཚོན་འཁྲབ་ཚན《གངས་འཁྱགས་ཁྲོད་དུ་ཕུགས་འདུན་གཉེར》 གྱེར་དོན《ཡུལ་སྨད་སྲུང་བ》 ཞབས་བྲོ《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》སོགས་འཁྲབ་ཚན་གཅིག་རྗེས་གཉིས་མཐུད་ངང་འཁྲབ་ནས་ཚང་མས་ལྷག་བསམ་རྣམ་དག་གི་བརྩེ་སེམས་དང་། སྙན་ཞིང་འཇེབས་པའི་གླུ་གཞས་ལ་བརྟེན་ནས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ཕྱག་རྟགས་ཕུལ་བ་དང་ཏང་ལ་བཅངས་བའི་བརྩེ་སེམས་མཚོན་པར་བྱས་པས། བོད་ལྗོངས་ཀྱི་ལུས་རྩལ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།