ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > ཚ་ཤོས།

རྒྱལ་ཡོངས་ཀྱི་དབུལ་བསྒྲལ་མི་ཕྱིར་གླ་པར་སྐྱོད་མཁན་ཁྲི་3085ཟིན་པ།

སྤེལ་དུས 2021-09-27 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
            ཚེས་25ཉིན་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་གསར་སྤེལ་མཛུབ་ཁྲིད་སིའི་སི་ཀྲང་གཞོན་པ་ལིའུ་ཞའོ་ཧྲན་གྱིས། འདི་ལོ་ནས་བཟུང་ཞིང་ཆེན་གཞན་དུ་གླ་པ་བྱེད་པའི་དབུལ་བསྒྲལ་ངལ་རྩོལ་ནུས་ཤུགས་ལ་འགྲིམ་འགྲུལ་གྲོན་དངུལ་གྱི་ཁ་གསབ་དང་། ཁེ་ལས་ལ་རོགས་སྐྱོར་བྱས་ནས་ལས་གནས་བརྟན་པོ་ཡོང་བ། ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པ་སོགས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་ཆབས་ཅིག་ལས་གནས་ཐོག་གསོ་སྦྱོང་བྱེད་པར་ཤུགས་སྣོན་བརྒྱབ་ནས་རྩལ་ནུས་ཆེ་རུ་བཏང་ཡོད། ཟླ་8པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་དབུལ་བསྒྲལ་མི་ཕྱིར་གླ་པར་སྐྱོད་པའི་གཞི་ཁྱོན་མི་ཁྲི་3085ཟིན་ནས་དབུལ་སྒྲོལ་བརྟན་པོ་དང་དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད།
            ལིའུ་ཞའོ་ཧྲན་གྱིས་དེ་ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གནས་ཚུལ་འདི་ངོ་སྤྲོད་བྱས་པ་རེད། ཁོང་གིས་གོམ་སྟབས་རྗེས་མར་ཕྱིར་གླ་པར་སྐྱོད་མཁན་གྱི་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་ཆེ་རུ་གཏོང་བར་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་ཡིན་པ་སྟེ།
            གཅིག་ནས་དབུལ་བསྒྲལ་མི་ལ་ལས་གནས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། “གསོ་སྦྱོང་བྱེད་དགོས་རིགས་ཚང་མ་གསོ་སྦྱོང་ཐུབ་པ་དང་གསོ་སྦྱོང་བྱེད་ཐུབ་རིགས་ཚང་མར་གསོ་སྦྱོང་བྱེད་པའི”རྩ་དོན་ལྟར་ཕྱིར་གླ་པར་སྐྱོད་རྩིས་ཡོད་པའི་དབུལ་བསྒྲལ་མི་ལ་ཁ་ཕྱོགས་གཏན་འཁེལ་དང་ལས་གནས་གཏན་འཁེལ་གྱི་གསོ་སྦྱོང་དང་། དགོས་མཁོ་ཆེ་ལ་དཀོན་པའི་ལས་རིགས་ཀྱི་ཆེད་ལས་གསོ་སྦྱོང་། ལས་རིགས་གཞན་སྒྱུར་གྱི་གསོ་སྦྱོང་། ལས་གཏོད་གསོ་སྦྱོང་བཅས་བྱས་ནས་སྣེ་མང་ཅན་གྱི་རྩལ་ནུས་ཆེ་རུ་གཏོང་བའི་དགོས་མཁོ་བསྐངས་རྒྱུ་རེད།
            གཉིས་ནས་རྩལ་ནུས་དང་ལག་རྩལ་གྱི་སྤུས་རྟགས་གཏོད་རྒྱུ་ཡིན་ཞིང་། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རིག་གནས་དང་ཡུལ་སྐོར་པུའུ་དང་མཉམ་དུ་ན་ནིང་ནས་བཟུང་དམིགས་གཏན་འཁེལ་བའི་མི་ཚོགས་ལ་ཕྱོགས་པའི་བརྗོད་དོན་གཙོ་བོའི་རྩལ་ནུས་འགྲན་བསྡུར་ཆེ་མོ་དང་འགྲེམས་སྟོན་དཔྱད་འདེམས་བྱེད་སྒོ་མང་པོ་སྤེལ་ཡོད། འགྲན་བསྡུར་དང་བྱེད་སྒོ་སྤེལ་བར་བརྟེན་ནས། སྤྱི་ཚོགས་ཡོངས་ཀྱིས་རྩལ་ནུས་ལ་མཐོང་ཆེན་བྱེད་ཚད་ཆེ་རུ་བཏང་སྟེ་རྒྱ་ཆེའི་ངལ་རྩོལ་པར་རྩལ་ནུས་སློབ་སྦྱོང་དང་། རྩལ་ནུས་ཁོང་དུ་ཆུད་པ། རྩལ་ནུས་ལ་བརྟེན་ནས་འབབ་འཕར་ཡོང་བ་བཅས་བྱ་རྒྱུའི་ཁྲིད་སྟོན་བྱེད་པའི་རེ་བ་བྱེད་ཀྱི་ཡོད།
            གསུམ་ནས་ལས་གནས་ཐོག་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། མི་སྤྱི་སྡེ་ཚན་དང་མཉམ་དུ་ཐབས་བརྒྱ་ཇུས་སྟོང་གིས་དབུལ་བསྒྲལ་ངལ་རྩོལ་ནུས་ཤུགས་ཀྱི་ལས་གནས་སུ་བརྟན་པོ་ཡོང་བ་དང་། ཁེ་ལས་སུ་བརྟན་པོ་ཡོང་བ། ས་གནས་དེ་གར་བརྟན་པོ་ཡོང་བ་བཅས་བྱ་རྒྱུ་དང་། ལས་གནས་དང་མི་འཚམ་པོ་ཡོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་ཀྱི་ཆེད་དོན་འདུ་ཚོགས་དང་། དྲ་ཐོག་གི་ལས་མི་བསྡུ་བའི་འདུ་ཚོགས། ངོ་ཐུག་གདོང་འཕྲད་ཀྱིས་ལས་ཞུགས་རོགས་སྐྱོར། སྒྲིག་འཛུགས་ཡོད་པའི་ངལ་ནུས་ཕྱིར་གཏོང་སོགས་ཀྱི་ཐབས་ལམ་བརྒྱུད། ལས་གནས་གྲོང་གསེབ་ལ་མཁོ་འདོན་དང་ཞབས་ཞུ་གཞི་རིམ་དུ་བྱས་ཏེ་དབུལ་བསྒྲལ་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ཞབས་ཞུའི་དགོས་མཁོ་བསྐངས་རྒྱུ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།