“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཀྱིས་མི་རིགས་ཀྱི་ཀ་བ་བསྐྲུན་དགོས།

ཀྲུའུ་ཞི་ཞི་ཅིན་ཕིང་གི་2020ལོའི་ལོ་གསར་གྱི་ཤིས་ཚིག་ལས་བློ་སྒོ་འབྱེད་པ།

སྤེལ་དུས 2020-01-06 ཡོང་ཁུངས། མི་དམངས་་ཉིན་རེའི་ཚགས་པ། རྩོམ་པ་པོ།
          རྒྱལ་གཅེས་ནི་མི་ཡུལ་དུ་གཏིང་ཟབ་ཤོས་དང་ཡུན་རིང་ཤོས་གནས་པའི་བརྩེ་བ་ཞིག་རེད། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་ཁྲོད་རྩ་བ་གཏིང་ཟབ་ཚུགས་ནས་མི་རབས་ནས་མི་རབས་བར་གྱི་ཀྲུང་ཧྭའི་བུ་ཕྲུག་ཚོས་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུར་ལྕག་སྐུལ་གཏོང་བཞིན་ཡོད།
          “རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ལས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཀྱིས་མི་རིགས་ཀྱི་ཀ་བ་བསྐྲུན་ཡོད”2020ལོའི་ལོ་གསར་གྱི་ཤིས་ཚིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོའི་གནས་ཚུལ་ཕྱིར་དྲན་གནང་ནས་བརྩེ་བ་ཟབ་པའི་བསྟོད་བསྔགས་ལས་རྒྱལ་ཡོངས་ཀྱི་གོང་འོག་ཚང་མར་རྦ་རླབས་དྲག་ཏུ་འཕྱུར་བ་ལྟ་བུའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་བ་ཟབ་ཏུ་སོང་བ་མ་ཟད། རྒྱལ་གཅེས་རིང་ལུགས་སྙིང་སྟོབས་ཀྱི་དུས་རབས་ཀྱི་དོན་སྙིང་ཟབ་མོ་ཡང་མངོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མི་སེམས་འགུལ་བའི་བཀའ་མོལ་ལ་རང་ཡིད་རང་ཆེས་དང་སྤོབས་སེམས་ཀྱིས་ཁེངས་པའི་ཁར་གཟི་བརྗིད་དང་ཕུགས་འདུན་གྱི་འོད་སྟོང་འཕྲོས་ནས་ང་ཚོའི་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ་དང་རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་བའི་བློ་སྟོབས་འཕེལ་བས་མ་ཚད་ད་དུང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུར་ལྕག་སྐུལ་ཡང་གནང་ཡོད།
          ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པ་བཞིན། 2019ལོར། ཆེས་བརྗེད་པར་དཀའ་བ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དེ་ཡིན། ང་ཚོས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ངོ་70ཡི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་བསྟོད་གླུ་ཕུལ་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྲ་ཞིང་བརྟན་པའི་སྟོབས་ཤུགས་ལས་སྐྱེ་བོ་ཀུན་ལ་སྐུལ་མ་ཐེབས་ཡོད། རྔམ་བརྗིད་ཆེ་བའི་དམག་གཟིགས་རུ་སྟར་དང་སྤྲོ་བ་རབ་ཏུ་རྒྱས་པའི་མང་ཚོགས་ཀྱི་ཁྲོམ་སྐོར་ལས་གནམ་བདེ་སྒོ་མོའི་ཐང་ཆེན་དེ་ཉིད་དགའ་སྤྲོས་ཁེངས་པའི་རྒྱ་མཚོ་ལྟ་བུར་གྱུར་ཡོད། རྒྱལ་ཡོངས་ས་ཕྱོགས་ཀུན་ལ་དམར་མདངས་བཀྲ་བའི་གཟབ་མཆོར་སྤྲས་པ་དང་། མི་རྣམས་ཀྱི་ངོ་གདོང་ནས་སྤོབས་ཉམས་ལྡན་པའི་འཛུམ་མདངས་འཕྱུར་ཞིང《ང་དང་ངའི་མེས་རྒྱལ》ཞེས་པའི་གླུ་དབྱངས་ཁྲོམ་གཞུང་དང་སྲང་ལམ་གང་སར་གྲགས་ཡོད། ང་ཚོས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ངོ་70ཡི་འོད་སྟོང་འབར་བའི་གྲུབ་འབྲས་ལ་དགའ་འབོད་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྟོབས་ཤུགས་ཆེན་པོ་ལས་མི་སེམས་གཡོ་བ། ཀྲུང་གོ་མི་དམངས་དུང་ཕྱུར་14ཙམ་གྱི་མི་སེམས་གཅིག་ཏུ་འགྲིལ་བ། རྒྱལ་གཅེས་ཀྱི་སྤྲོ་སེམས་སྔར་ན་མེད་པ་འཕེལ་བ་བཅས་ལས་ཀྲུང་གོ་གསར་པར་བསྟོད་གླུ་འབུལ་བ་དང་དུས་རབས་གསར་པར་འབད་འཐབ་བྱེད་པའི་མདུན་སྐྱོད་ཀྱི་རླབས་རྒྱུན་ཞིག་ཆགས་ཏེ། ང་ཚོར་དཀའ་ངལ་དང་ཉེན་ཁ་མཐའ་དག་བསལ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་རྫོགས་མཐའ་མེད་པའི་སྟོབས་ཤུགས་སྦྱིན་ཡོད།
          རྒྱལ་གཅེས་རིང་ལུགས་ནི་ང་ཚོའི་མི་རིགས་སྙིང་སྟོབས་ཀྱི་ལྟེ་བ་དང་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་འབད་འཐབ་དང་འབད་བརྩོན་ལྷོད་མེད་བྱེད་པའི་སྙིང་སྟོབས་ཀྱི་སྒྲོག་ཐག་ལྟ་བུ་ཡིན། ལོ་ངོ་5000ལྷག་ཙམ་རིང་ཀྲུང་ཧྭ་མི་རིགས་ཀྱིས་བསམ་ཚོད་དཀའ་བའི་ཉེན་ཁ་དང་ཉམས་སད་གྲངས་ལས་འདས་པ་ཐེག་པར་བྱས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་པ་དང་། མི་རབས་ནས་མི་རབས་བར་མི་ཉམས་པ། གཅིག་རྒྱུན་གཅིག་འཛིན་ཐུབ་པ་དེ་དག་ཀྲུང་ཧྭ་མི་རིགས་ལ་ཡུན་རིང་ལྡན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་འཁྲིད་དེ་འཛམ་གླིང་ལ་མཐོང་དཀོན་པའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཀྱི་ངོ་མཚར་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་བཏོད་དེ་གནམ་ས་གཡོ་བའི་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་ཅིག་བརྩམས་པས་རྒྱལ་གཅེས་རིང་ལུགས་ནི་ཐོག་མཐའ་བར་གསུམ་དུ་སྤོབས་ཉམས་ཆེ་བའི་དབྱངས་རྟ་གཙོ་བོ་ཞིག་ཡིན་ལ། ང་ཚོར་འབད་འཐབ་ལྷུར་ལེན་བྱ་རྒྱུར་ལྕག་སྐུལ་གཏོང་བའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་ཀྱང་རེད།
          ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་རྒྱུ་ནི་དེང་རབས་ཀྲུང་གོའི་རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་དོན་ཁ་གསལ་ཞིག་རེད། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཡོང་བཞིན་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་རྒྱུ་འདི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། དམིགས་ཚད་དང་བར་ཐག་ཇི་ཙམ་ཉེ་བ་དེ་ཙམ་གྱིས་དུས་བབ་རྙོག་འཛིང་ཆེ་རུ་འགྲོ་བ་དང་། ལས་འགན་དཀའ་ཚེགས་ཇི་ཙམ་ཆེ་བ་དེ་ཙམ་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བའི་ངང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་བསམ་བློ་གཏོང་ས་གཅིག་ཏུ་གཏོང་བ་དང་ངར་ཤུགས་གཅིག་ཏུ་སྒྲིལ་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། 2020ལོར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་པ་བཅས་ལས་ང་ཚོར་རྒྱལ་གཅེས་སྤྲོ་སེམས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དྲག་པོ་གཅིག་ཏུ་འགྲིལ་བ་དང་དངོས་སྒྲུབ་བྱ་སྤྱོད་ལ་འགྱུར་རྒྱུའི་རེ་འབོད་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་རྒྱུ་དང་། མི་དམངས་ལ་སློབ་གསོ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་དང་། རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་བྱེད་པའི་མི་དམངས་ཡོངས་ཀྱི་སྤྲོ་སེམས་ཆེན་པོ་འཕེལ་བར་བྱེད་པ། དུས་རབས་གསར་པར་འབད་འཐབ་བྱེད་པ་དང་མི་རིགས་བསྐྱར་དར་ཡོང་བའི་རླབས་ཆེན་གྱི་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་བཅས་བྱས་ཚེ་ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་རླབས་ཆེན་གྱི་རྒྱལ་ཁ་བླངས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ངོ་མཚར་གསར་པ་དེ་བས་ཆེ་བ་གཏོད་ཐུབ་ངེས་ཡིན།
          རི་རབ་ཁྲི་སྟོང་བརྒལ་ན་ཡང་། མི་ཉིད་རི་བོའི་རྩེ་མོ་ཡིན། ལོ་གསར་པའི་ཉི་འོད་ས་གཞི་ཆེ་མོར་འཕྲོས་ཟིན་པས་ང་ཚོས་སྔར་བཞིན་འགག་སྒྲོལ་དཀའ་སེལ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ལ། དཀའ་སྤྱད་རྔུལ་ཆུར་བརྟེན་ནས་འབད་འཐབ་དང་དམ་པ་དོན་གཉེར་གྱིས་མདུན་སྐྱོད་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་དང་། རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་བའི་བློ་སྟོབས། རྒྱལ་ཁབ་ཀྱི་དྲིན་གཟོའི་བྱ་སྤྱོད་བཅས་རང་ངོས་ཀྱི་རང་འཁྲིའི་ལས་གནས་ཐོག་དོན་འཁྱོལ་ཡོང་བ་དང་། ཕུགས་འདུན་འགྲུབ་པའི་འབད་འཐབ་ལ་གཞོལ་བ། གོམ་པ་རེར་རྐང་རྗེས་རེ་འཇོག་པའི་དམིགས་གཏན་འཁེལ་བའི་དམིགས་ཚད་ཀྱི་ཕྱོགས་སུ་བློ་སྟོབས་ཆེན་པོས་མདུན་དུ་སྐྱོད་དེ་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།