ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་པ་གཏོད་དགོས།

སྤེལ་དུས 2024-06-04 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             རིག་གནས་ནི་རྒྱལ་ཁབ་ཀྱི་རྩ་བ་དང་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རིག་གནས་ཀྱི་བློ་སྤོབས་བརྟན་པོ་དང་། འགན་འཁྲི་འཁུར་བ། སྙིང་སྟོབས་ཆེར་བསྐྱེད་བཅས་ཀྱི་ཐོག་ནས། ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་འབད་བརྩོན་ཆེན་པོས་ཐུན་མོང་ཐོག་གཏོད་དེ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
             ས་གནས་ཁག་དང་སྡེ་ཁག་ཁག་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སྣེ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་རིག་གནས་ཀྱི་འགན་འཁྲི་གསར་པ་སྔར་བས་ལེགས་པར་འཁུར་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་པ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཉིན་རེ་བཞིན་དར་རྒྱས་སུ་བཏང་སྟེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་སྣོན་བཞིན་ཡོད།
             པེ་ཅིང་གི་དཀྱིལ་མདའ་བརྒྱུད་དེ་བྱང་ཕྱོགས་སུ་ཕྱིན་ན། ཡན་ཧྲན་རི་བོའི་རྐང་འདབས་སུ་གནས་པའི་ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་གི་ཀྲུང་དབྱང་སྤྱི་ཁྱབ་ཁང་བརྗིད་ཉམས་ལྷག་ཏུ་ཆེ། 2023ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་གར་རྟོག་ཞིབ་གནང་སྐབས། པར་གཞི་ཁང་འཛུགས་སྐྲུན་བྱེད་པའི་ཐོག་མའི་དམིགས་ཡུལ་ནི་ཉར་ཚགས་བྱ་རྒྱུ་དེ་ཡིན་ཞིང་། ང་ཚོའི་ལོ་རྒྱུས་ཀྱི་དུས་མཚམས་འདིར་གནའ་སྔ་མོ་ནས་བསྡུ་རུབ་ཐུབ་པའི་གསུང་རབ་དཔྱད་ཡིག་ཚང་མ་བསྡུ་རུབ་དང་སྲུང་སྐྱོང་ཡག་པོ་བྱས་ཏེ། འཛམ་གླིང་ཐོག་མཚམས་ཆད་མེད་པའི་ཤེས་དཔལ་ཉག་གཅིག་དེ་མུ་མཐུད་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་ཞེས་ནན་སྟོན་གནང་ཡོད།
             པར་གཞི་ཁག་གཉིས་པ་ཉེ་ཆར་ཞལ་འདེབས་ཕུལ་ནས་བསྡུ་ཉར་ཐུབ་པ་དང་བསྟུན་ནས། རྒྱལ་ཁབ་པར་གཞི་ཁང་གི་པར་གཞིའི་ཐོན་ཁུངས་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་གི་འགོ་འཛིན་ལིའུ་ཁྲེང་ཡུང་གིས། མིག་སྔར་རྒྱལ་ཁབ་པར་གཞི་ཁང“སྤྱི་ཁྱབ་ཁང་གཅིག་དང་ཡན་ལག་ཁང་གསུམ”གྱིས་བསྡུ་ཉར་བྱས་པའི་དངོས་པོའི་པར་གཞི་ཁྲི་3200ལྷག་ཙམ་ཡོད་པའི་ནང་ཀྲུང་དབྱང་སྤྱི་ཁྱབ་ཁང་དངོས་པོའི་པར་གཞི་ཁྲི་1900ལྷག་ཙམ་བསྡུ་ཉར་བྱས་ཡོད། གཞན་ཡང་ང་ཚོས་རྒྱལ་ཁབ་ཀྱི་པར་གཞིའི་གྲངས་གཞིའི་ལྟེ་གནས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས། “སྤྱི་ཁྱབ་ཁང་གཅིག་དང་ཡན་ལག་ཁང་གསུམ”གྱིས་གྲངས་འཛིན་ཐོན་ཁུངས་ཁྱོན་TB880ཙམ་བསྡུ་ཉར་བྱས་ཡོད་ཅེས་ངོ་སྤྲོད་གནང་ཡོད།
             སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། 2023ལོའི་ཟླ་6ཚེས་2ཉིན་གྱི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འགོ་འཛུགས་ས་གསར་པའི་ཐོག་རིག་གནས་དར་རྒྱས་དང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་ཡིན་ཞེས་ནན་སྟོན་གནང་ཡོད།
             ཟླ་5ཚེས་18ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་དང་མཉམ་འབྲེལ་བྱས་ནས་བཏོན་པའི《2024ལོའི་ཀྲུང་གོའི་སྙན་ཚིག་ཚོགས་ཆེན》རྒྱལ་ཁའི་ངང་མཇུག་འགྲིལ་ཡོད། ཉེ་བའི་ལོ་ཤས་རིང《ཀྲུང་གོའི་སྙན་ཚིག་ཚོགས་ཆེན》དང《གསུང་རབ་ནང་གི་ཀྲུང་གོ》སོགས་སྲོལ་རྒྱུན་རིག་གནས་རིགས་ཀྱི་ལེ་ཚན་ཁག་གཅིག་དར་ཁྱབ་ཆེན་པོ་བྱུང་བ་དང་། དོ་ཁུར་ཆེན་པོ་བྱེད་པའི་རིག་གནས་རླབས་རྒྱུན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད།《སྔོ་ལྗང་ཁོ་ན་ཡིན》སོགས་གར་སྟེགས་སྒྱུ་རྩལ་གྱི་རྩེར་སོན་བརྩམས་བྱ་ཡང་སྐད་གྲགས་ཆོད་པ་དེས་མི་རྣམས་ལ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་དུས་རབས་གསར་པའི་ནང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཚོར་སྣང་བྱུང་ཡོད། ཀྲུང་གོའི་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྥེང་ཧྲོང་པའེ་ཡིས། ཀྲུང་གོའི་ན་གཞོན་མི་རབས་ཀྱི་རྩོམ་སྒྲིག་འཁྲབ་ཁྲིད་པ་ཡོངས་ཀྱིས་ད་ལྟ་གོམ་ཞེང་ཆེན་པོ་དང་བློ་སྤོབས་ཆེན་པོའི་སྒོ་ནས་ལོ་རྒྱུས་ཀྱི་གར་སྟེགས་ཐོག་སྐྱོད་བཞིན་ཡོད། ཁོང་ཚོས་སྲོལ་རྒྱུན་རིག་གནས་ལ་གུས་ཤིང་སྐྲག་པའི་རྣམ་འགྱུར་འཛིན་ཞིང་སྔོག་འདོན་གཏིང་ཟབ་བྱས་ཐོག རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མྱོང་ཚོར་ལ་བརྟེན་ནས། དེ་དག་གར་སྟེགས་སྒྱུ་རྩལ་གྱི་གསར་གཏོད་སྟོབས་ཤུགས་སུ་འགྱུར་བཞིན་ཡོད་པས། ངའི་བསམ་པར་དེ་ནི་མི་རྣམས་དགའ་འོས་པ་ཞིག་རེད་སྙམ་གྱི་འདུག་ཅེས་གསུངས་ཡོད།
             ས་གནས་དེ་གའི་ཁྱད་ལྡན་རིག་གནས་ཐོན་ཁུངས་ལ་གཞི་ཚུགས་ནས། ས་གནས་ཁག་གིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་སྔོག་འདོན་ཧུར་ཐག་བྱེད་བཞིན་ཡོད། རྟོག་བཟོའི་དངོས་ཡོད་དང་། མི་ཐབས་རིག་ནུས། སྤྲིན་རྩིས་སོགས་ལག་རྩལ་གསར་པའི་ནུས་པ་འདོན་མགྱོགས་སུ་བཏང་ནས། སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་གསོན་ཤུགས་རྒྱས་སུ་བཅུག་ཡོད།
             མི་རིང་བའི་གོང་འཚོགས་པའི་ཀྲུང་གོའི་ཡུལ་སྐོར་སློབ་སྦྱོང་གི་ལྗོངས་རྒྱུའི་ཚོགས་ཆེན་ཐོག ཨོའུ་དབྱང་ཞིའུ་དང་དབྱང་ཝན་ལི་སོགས་ལུའུ་ལིན་གྱི་སྔོན་བྱོན་སྐྱེ་བོ་དམ་པའི་གཟུགས་བརྙན་ལ་གཞིགས་ནས་ཇུས་འགོད་བྱས་པའི་གྲངས་འཛིན་རྟོག་བཟོའི་མི་སྣ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད་པ་དང་། ཆེད་ལས་སྒྲིག་ཆས་ལ་བརྟེན་ནས་ཚོགས་ཞུགས་སྐུ་མགྲོན་དང་མཉམ་འགུལ་བྱས་ཡོད། ཅང་ཞི་ཡི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ཞིག་གི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཅང་ཅིན་གྱིས། སླད་ཕྱིན་མཉམ་འགུལ་སྒྲིག་ཆས་དེ་དག་གྲོང་ཁྱེར་དེ་གའི་མཛེས་ལྗོངས་ཁུལ་མང་པོ་ཞིག་ཏུ་སྐྱེལ་ནས་ཡུལ་སྐོར་བས་མཛེས་ལྗོངས་ཁུལ་དུ“ལུའུ་ལིང་ཐེན་ཐོན”གྱི་རྟོག་བཟོའི་མི་དེ་དག་དང་འཕྲད་རྒྱུ་ཡོད་པ་བྱ་རྒྱུ་ཡིན་ཞིང་། ཐུན་མིན་ཉམས་ལེན་བྱེད་པའི་ལྗོངས་རྒྱུ་ཞིག་བཏོད་དེ། ལུའུ་ལིང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
             མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཆེད། རང་རྒྱལ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ལ་མུ་མཐུད་དེ་ཤུགས་སྣོན་རྒྱག་བཞིན་ཡོད། རྟེན་རྫས་བཤམས་མཛོད་ཁང་དང་། མཛེས་རྩལ་ཁང་། དཔེ་མཛོད་ཁང་སོགས་སྤྱི་པའི་རིག་གནས་ཁང་གི་གྲངས་འབོར་མང་དུ་དང་སྤུས་ཚད་ལེགས་སུ་ཕྱིན་པ་དེས་མི་དམངས་མང་ཚོགས་ལ་རིག་གནས་བྱེད་སྒོའི་གདམ་ག་དེ་བས་མང་བ་མཁོ་འདོན་བྱས་ཡོད། རྟེན་རྫས་བཤམས་མཛོད་ཁང་ལ་དཔེ་བཞག་ན། 2023ལོར་རང་རྒྱལ་དུ་ཐོ་འགོད་སྙན་སེང་ཞུས་པའི་རྟེན་རྫས་བཤམས་མཛོད་ཁང་268མང་དུ་ཕྱིན་ཡོད་པས། རྒྱལ་ཡོངས་སུ་ཐོ་འགོད་སྙན་སེང་ཞུས་པའི་རྟེན་རྫས་བཤམས་མཛོད་ཁང་གི་བསྡོམས་འབོར་དེ་2012ལོའི་3866ནས་6833བར་མང་དུ་ཕྱིན་ཡོད་པས། རིག་གནས་མཁོ་སྤྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའོ་ཝུན་ལི་ཡིས། རྟེན་རྫས་བཤམས་མཛོད་ཁང་གི་སློབ་གསོ་དང་། ཞིབ་འཇུག འགྲེམས་སྟོན། བརྒྱུད་སྤེལ་བཅས་ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་དང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཀྱི་ནུས་པ་ཡང་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། མི་དེ་བས་མང་བ་རྟེན་རྫས་བཤམས་མཛོད་ཁང་དུ་བསྐྱོད་པ་དང་རྟེན་རྫས་བཤམས་མཛོད་ཁང་ལ་དགའ་པོ་བྱེད་ཀྱི་ཡོད་པས། རྟེན་རྫས་བཤམས་མཛོད་ཁང་དེ་དུས་རབས་གསར་པའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ནང་མཉམ་འདྲེས་ཐུབ་ཡོད་ཅེས་གསུངས་པ་རེད།

རྩོམ་སྒྲིག་པ། རིག་གྲོལ།