ཀྲུང་གོའི་བོད་ལྗོངས་དྲ་བ། > པར་མཛོད། > གསར་ཤོས།

མང་ཚོགས་ལ་འབྲེལ་ཡོད་སྲིད་ཇུས་གསོན་ཉམས་དོད་པོས་སྒྲོག་འགྲེལ་བྱེད་པ།

སྤེལ་དུས 2023-11-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
 
              ཉེ་ཆར། “ནམ་ཡང་ཏང་གི་རྗེས་སུ་འབྲང་། དུས་རབས་གསར་པར་བྱས་རྗེས་འཇོག”ཅེས་པའི་བརྗོད་དོན་གཙོ་བོའི་གཞིས་རྩེ་གྲོང་ཁྱེར་གྱི“ཇོ་མོ་གླང་མའི་མང་ཚོགས་སྒྲོག་འགྲེལ་པ་ཡག་ཤོས”འདེམས་སྒྲུག་འགྲན་བསྡུར་ཆེན་པོ་སྐབས་གཉིས་པའི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་འགྲན་བསྡུར་ལ་རིགས་པའི་གཞུང་ལུགས་རིགས་དང་། སྒྲུང་གཏམ་རིགས། རིག་རྩལ་རིགས་བཅས་རིགས་གསུམ་ཡོད་ཅིང་། བྱེད་སྒོར་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་། ལས་རིགས་ཁག་གི་གདོང་ལེན་དཔེ་བཟང་བ། གཞི་རིམ་གྱི་སྒྲོག་འགྲེལ་པ། རྒྱ་ཆེའི་མང་ཚོགས་བཅས་ཞུགས་ཡོད། འགྲན་བསྡུར་རིམ་པ་བརྒྱུད། བདམས་ཐོན་པ77མཐའ་བསྡུར་ནང་ཚུད་པ་དང་། ཁོང་ཚོས་སྒྲུང་གཏམ་ཤོད་པ་དང་རིག་རྩལ་འཁྲབ་སྟོན་སོགས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་རྒྱུ་གཙོ་རྐང་དུ་བྱས་ཏེ། རང་ཉིད་ཀྱི་ཉེ་འགྲམ་དུ་ཐོན་པའི་གཏམ་རྒྱུད་དང་ཕ་ཡུལ་གྱི་འཕོ་འགྱུར་དང་ཟུང་འབྲེལ་དམ་ཟབ་བྱས་པ་དང་གསོན་ཉམས་དོད་པའི་སྐད་ཆ་ནས་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་འཕེལ་རྒྱས་ཡར་ཐོན་དང་འགྱུར་ལྡོག་ཆེན་པོ་བརྗོད་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ལྕག་སྐུལ་བྱས་ཤིང་། འདི་ནི་དགོད་བྲོའི་གཏམ་གླེང《དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དོན་དག་དགོད་བྲོ་པོ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ། 

རྩོམ་སྒྲིག་པ། དཔལ་གཡང་།