ཀྲུང་གོའི་བོད་ལྗོངས་དྲ་བ། > པར་མཛོད། > གསར་ཤོས།

ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱེད།

སྤེལ་དུས 2023-12-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་སྟོབས་ཤུགས་སྣ་ཚོགས་བཏང་ནས་ཡོམ་འགོག་གེགས་སེལ་ལ་ཞུགས་པ།

ཀན་སུའུ་ཀ་ཆུ་ཀྲོའུ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ6.2བརྒྱབ་རྗེས། ཚེས19ཉིན་གྱི་ཐོ་རེངས་ནས་བཟུང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་སྟོབས་ཤུགས་སྣ་ཚོགས་ས་ཡོམ་གྱི་གེགས་ཁུལ་དུ་འབྱོར་ནས་ཡོམ་འགོག་གེགས་སེལ་ལས་ལ་གཞོལ་བཞིན་ཡོད། འདི་ནི་ཟླ12པའི་ཚེས19ཉིན་ནུབ་རྒྱུད་འཐབ་ཁུལ་གྱི་ཤོག་སྒྲིག་དཔུང་ཚོགས76པའི་ལུའེ་ཤོག་ཅིག་གི་དཔོན་དམག་གིས་ཀན་སུའུ་ཞིང་ཆེན་ཀ་ཆུ་ཧུད་རིགས་རང་སྐྱོང་ཀྲོའུ་ཅི་ཧྲི་ཧྲན་རྫོང་ཏ་ཧོ་ཅཱ་གྲོང་རྡལ་ཁྲེང་ཅཱ་སློབ་ཆུང་དུ་རོགས་སྐྱོབ་བྱེད་བཞིན་པ།

ཀན་སུའུ་ཀ་ཆུའི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།

ཟླ12པའི་ཚེས18ཉིན་གྱི་ཆུ་ཚོད23དང་སྐར་མ59ཙམ་ལ་ཀན་སུའུ་ཀ་ཆུ་ཀྲོའུ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ6.2བརྒྱབ་པ་རེད། མིག་སྔར་ཀན་སུའུ་དང་མཚོ་སྔོན་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཉེན་སེལ་གུད་སྐྱོབ་བྱས་པ་དང་སྦྲགས། གུར་དང་། ལྟེབ་ཁྲི། ཕོ་ཁེབས་སོགས་གེགས་སེལ་དངོས་རྫས་ཛ་དྲག་ངང་གེགས་ཁུལ་དུ་དབོར་ནས་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་ཡག་པོ་བྱེད་བཞིན་ཡོད། མིག་སྔར་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། འདི་ནི་ཟླ12པའི་ཚེས19ཉིན་རོགས་སྐྱོབ་པས་ཀན་སུའུ་ཞིང་ཆེན་ཀ་ཆུ་ཀྲོའུ་ཅི་ཧྲི་ཧྲན་རྫོང་ཏ་ཧོ་ཅཱ་གྲོང་རྡལ་དུ་རོགས་སྐྱོབ་བྱེད་བཞིན་པ།

རྩོམ་སྒྲིག་པ། དཔལ་གཡང་།