ཀྲུང་གོའི་བོད་ལྗོངས་དྲ་བ། > པར་མཛོད། > གསར་ཤོས།

བློ་གྲོས་སྟོབས་ཤུགས་གཅིག་ཏུ་བསྒྲིལ། མཛེས་སྡུག་འབྱུང་འགྱུར་མཉམ་དུ་བཏོད།

སྤེལ་དུས 2024-01-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་མཇུག་འགྲིལ་ཚོགས་འདུའི་ཚོགས་ར་ཡིན་པ།

འཐུས་མི་རྣམ་པས་གྲོས་ཆོད་ཁག་ལ་གྲོས་འཆམ་བྱུང་བར་དགའ་བསུ་ཞུ་བ།

འཐུས་མི་རྣམ་པས་ཕྱག་བརྐྱངས་ནས་གྲོས་ཆོད་ཁག་ལ་བརྡས་ཐག་གཅོད་བཞིན་པ།

མཇུག་འགྲིལ་ཚོགས་འདུའི་ཚོགས་ར་ཡིན་པ།

འཐུས་མི་རྣམ་པས་ནན་ཏན་ངང་ཚོགས་འདུ་གསན་བཞིན་པ།

མཇུག་འགྲིལ་ཚོགས་འདུ་གྲོལ་རྗེས་འཐུས་མི་རྣམ་པ་ཚོགས་ར་ནས་ཕེབས་བཞིན་པ།
             ཟླ1པའི་ཚེས10ཉིན་གྱི་ཕྱི་དྲོར། དགུན་དུས་ཀྱི་དྲོ་འཇམ་ཉི་འོད་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམ་པས་གདེང་ཚོད་ཆེན་པོས་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་མཇུག་འགྲིལ་ཚོགས་ཆེན་ལ་ཞུགས་པ་རེད།
             ཕྱི་དྲོའི་ཆུ་ཚོད3དང་སྐར་མ30ལ་མཇུག་འགྲིལ་ཚོགས་འདུ་དངོས་སུ་འགོ་ཚུགས་པ་རེད།
             ཕྱི་དྲོའི་ཆུ་ཚོད4དང་སྐར་མ06ལ་ཚོགས་ཆེན་གྱི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་རྒྱལ་ཁའི་ངང་གྲོལ་བ་དང་། འཐུས་མི་རྣམ་པ་སྤོབས་སེམས་ཆེན་པོས་ཚོགས་ར་ནས་དོན་ཕེབས་པ་རེད།
             ཉིན་ཤས་བསྟུད་མར་ལྗོངས་ཡོངས་ཀྱི་ས་གནས་ཁག་ནས་ཕེབས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམ་པས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་འགན་སེམས་ཆེན་པོའི་ཐོག་ནས་འགན་འཁྲི་ནན་ཏན་འཁུར་ཏེ་སྙན་སྒྲོན་ལ་གྲོས་ཞིབ་དང་། གང་བསམ་ལྷུག་གླེང་། བློ་བསྡུས་དགེ་འཚོལ་བཅས་གནང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་ཆེད་རྫོགས་མཐའ་མེད་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།
             མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམ་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་བབ་བསྟུན་འཕྲལ་སྒྲུབ་ཀྱིས་རྒྱལ་ཁའི་ངང་མདུན་དུ་སྐྱོད་པ་དང་དུས་ཀྱིས་མི་མི་སྒུག་པའི་དགོས་གཏུགས་ཀྱི་འདུ་ཤེས་བཅངས་ནས་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཡག་པོ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།
རྩོམ་སྒྲིག་པ། དཔལ་གཡང་།