ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > པར་མཛོད། > པར་རིས།

པེ་ཅིང་གི་ཁ་བ། དགུན་འགོ་མའི་ལེགས་སྐྱེས།

སྤེལ་དུས 2017-09-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བློ་ཕུན་གྱིས་བསྒྱུར།
          
          ཞོགས་པའི་བསིལ་རླུང་ཁྲོད་དུ་པེ་ཅིང་གི་འདི་ལོའི་ཁ་བ་ཐོག་མ་དེ་བསུས་ཤིང་། མི་རྣམས་ཀྱི་གདོང་ལས་སྤྲོ་སྣང་གི་ཉམས་ཤིག་སེམས་ཀྱི་ཟབ་ས་ནས་མངོན་པར་བྱས། ཡིད་གཅུགས་ཀྱི་མཛའ་གྲོགས་དང་མཉམ་དུ་གངས་ཁྲོད་ཀྱི་མཛེས་པར་རོལ་ཚེ་ད་གཟོད་རང་བྱུང་ཁམས་ཀྱི་ལེགས་སྐྱེས་ཆུད་ཟོས་སུ་མ་སོང་བ་ཡིན་ནོ།། 
གལ་ཏེ་ཁྱེད་རང་པེ་ཅིང་ན་ཡོད་ཚེ། བྲེལ་འཚུབ་ཀྱི་གོམ་སྟབས་དལ་བ་དལ་བུར་གློད་དེ་གོང་མའི་ཕོ་བྲང་གི་ཐོག་ཟུར་ནས་བལྟས་ཚེ། ཁ་བ་དཀར་པོས་རྒྱན་པའི་རྫ་གཡམ་དམར་པོ་འདི་ཉིད་ཀྱི་མཛེས་པ་ལན་བརྒྱར་སྤྱད་ཀྱང་ངོམས་པ་མེད་དོ།།
 
          གོང་མའི་ཕོ་བྲང་དང་ཐག་ཉེ་སར་གནས་པའི་བྱང་མཚེའུ་གླིང་ཁ་ཡང་ཁ་བའི་འཇིག་རྟེན་ལ་རྒྱང་གཟིགས་གནང་ས་ཆེས་ཡག་ས་ཞིག་ཡིན་ཏེ། ཁྱུང་དཀར་གླིང་ཕྲན་ཐོག་གི་བོད་ལུགས་མཆོད་རྟེན་དཀར་པོ་ནི་གོང་མ་ཧྲུན་ཀྲེའི་སྐབས་སུ་རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་པེ་ཅིང་དུ་གདན་འདྲེན་ཆེད་དུ་བཞེངས་པ་ཞིག་ཡིན་ཞིང་། དུས་ད་ལྟའང་མཆོད་རྟེན་དཀར་པོ་འདི་ཉིད་བརྗིད་ཆགས་ཉམས་དགའ་བའི་ངང་འགྱིང་སྟེ་མི་རིགས་བར་གྱི་འབྲེལ་མཐུན་གྱི་ལེགས་སོའི་གཏམ་རྒྱུད་ཚར་དུ་དངར་བ་འདྲེན་བཞིན་མཆིས་སོ། །
 
          གནའ་གྲོང་ཝུའུ་ཀྲེན་གྱི་མདའ་གཡབ་སྔོན་མོ་དང་། ཟམ་ཆུང་འོག་གི་རྒྱུག་ཆུ། རྡོ་སྔོན་ཐོག་ནས་ས་ཐོག་ཏུ་ལྷུང་བའི་ཁ་བའི་འདབ་མ། དེ་དག་ཡོད་ཚད་ནི་སྣག་ཚའི་ཆུ་བྲིས་རི་མོ་ཞིག་དང་ཀུན་ནས་མཚུངས་ཤིང་། ཞི་བ་དང་བག་ཕེབས་ཀྱི་དགེ་མཚན་ཡོངས་སུ་མངའ་བས། གནའ་གྲོང་གི་ཉམས་སྣང་གསོན་པོ་སྐྱེ་བོ་ཀུན་གྱི་མིག་གི་གསོལ་རས་སུ་བསྩལ། ང་དང་ཁྱེད་ཉིད་དཔུང་པ་གཤིབ་ནས་འགྲེང་སྟེ། ཁ་བའི་འདབ་མ་རྫ་གཡམ་སྔོན་མོ་ལས་འཕུར་ལྡིང་བྱེད་པར་བལྟ་ཆོག་གོ། །
 
          ཤིས་ཧུའུ་མཚེའུ་ཡི་ཁ་བ། དུས་གཏན་དུ་མི་རྣམས་ལ་སྟ་གོན་ཅི་ཡང་མེད་པར་མི་ཡུལ་དུ་བྱོན་པས། ཁ་བ་ཆུང་ཆུང་གི་སྐབས་སུ་མཚེའུ་ཡི་ངོགས་སུ་སྤྲི་དཀར་ལྟ་བུའི་སྨུག་པ་ཞིག་གིས་ངང་གིས་ཁྱབ་སྟེ། གསུམ་རྩེན་མི་ཡུལ་དུ་འཕོས་སམ་སྙམ་པའོ།། ཁ་བ་ཆེན་པོའི་སྐབས་སུ་ནི་ཟམ་པ་དང་ལྗོན་པའི་ཚོགས་ཀྱིས་གོས་དཀར་གསོལ་ཏེ་མཚེའུ་ཡི་རང་བཞིན་དངོས་མིའི་འདྲེན་བྱེད་ཀྱི་སྐྱེས་སུ་འདྲེན་ནོ། དེ་དུས་མི་ཡུལ་གྱི་གཏམ་རྒྱུད་ཇི་ཙམ་བརྗོད་འདོད་པ་དེ་ཙམ་དུ་གངས་ཁྲོད་དུ་བསམ་ཆོག་གོ། །
 
          གལ་ཏེ་པེ་ཅིང་གི་མཁར་གྱང་དམར་པོ་དང་། གངས་དཀར་གྱིས་མཛེས་པ་ཡོད་ཚད་ཕྱི་རུ་སྤྲུགས་ཚེ། ལྷ་སའི་མཁར་གྱང་དམར་པོ་དང་གངས་དཀར་གྱིས་དད་པ་ཡོད་ཚད་ཕྱི་རུ་ཕྱུང་བ་ཡིན། གངས་ལྷག་གིས་བར་སྐོར་གྱི་མིའི་གོམ་བགྲོད་ཀྱི་རྒྱུན་གཅོད་པར་ག་ལ་ནུས་ཏེ། གནས་སྐོར་གྱི་ལམ་དུ་ཁོང་ཚོས་གོམ་ཁ་ནམ་ཡང་ལྷོད་པའི་སྐབས་མ་མཆིས་སོ། །
   
          ཉིང་ཁྲིའི་ཁམ་སྡོང་ཁྲོད་ཀྱི་ཁ་བ་ནི་དེ་བས་འཕྱོར་གོས་སྤྲས་པའི་མཛེས་མ་ཞིག་དང་མཚུངས་ཤིང་། རི་བོ་གནམ་ལྕགས་འབར་བའི་གཤམ་གྱི་ཁ་བའི་རྡུལ་དཀར་ལས། ཉིང་ཁྲི་ནི་དུས་རྒྱུན་གྱི་ལྷིང་འཇགས་ལས་གྲོལ་ཏེ་རུ་གྱོང་བའི་བུད་མེད་ཅིག་དང་ཀུན་ནས་མཚུངས།
 
          ཇོ་མོ་གླང་མ་ནི་སྐྱེ་བོ་ཁྲི་སྟོང་མང་པོའི་སེམས་ནང་གི་རྨི་ལམ་དེ་ཡིན་ཞིང་། ཇོ་མོ་གླང་མའི་ཞབས་འོག་ཏུ་སླེབས་པའི་མི་རྣམས་ཀྱིས་གངས་ལྷག་འཇགས་རྗེས་ཉི་འོད་ཀྱི་གཟི་གདངས་འཕྲོ་བའི་ཇོ་མོ་གླང་མའི་འཛུམ་ཞལ་མཇལ་མ་ཐག་རང་ཉིད་ཀྱི་བསམ་པ་རྫོགས་པའོ།། གལ་ཏེ་ཇོ་མོ་གླང་མའི་ཞབས་འོག་ཏུ་བཅར་མ་མྱོང་བ་ཞིག་ཡིན་ཚེ། ཁོའི་སེམས་སུ་རང་ཉིད་ཀྱི་བཞེངས་པའི་ཇོ་མོ་གླང་མའི་གཟུགས་བརྙན་ཞིག་ཡོད་ངེས། དེ་ནི་ནམ་ཡང་རང་ཉིད་ཀྱི་རི་བོའི་སྤོ་ལ་འཛེགས་རྒྱུ་མ་བརྗེད་པ་བྱའོ་ཞེས་སྐུལ་འདེབས་བྱ་རྒྱུ་དེ་རེད་ལགས།
 
          རྒྱང་རིང་གི་རྒྱང་རིང་ཞིག་ན་ཤཾ་བ་ལ་བྱ་བའི་གནས་ཤིག་ཡོད་པ་དེར། མུ་ཁྱུད་དུ་ཆགས་པའི་གངས་རིའི་ཕྲེང་བ་ལས། ལོ་ལྟར་ཁ་བའི་ཟེགས་མ་ཐོག་མར་བབས་པའི་ཉིན་མོ་ནི་སྟོན་མཇུག་གམ་དགུན་སྟོད་དུ་འཁེལ་ཞིང་། དད་ལྡན་པ་ཁྱུ་ཚོ་མང་པོའི་ངག་ལས་ཡིག་དྲུག་ཟློ་བཞིན་གནས་འདིར་ལྷགས་ཏེ། སེམས་ཀྱི་རྒྱང་ཕྱག་འབུལ་བའོ།།
 
དགུན་འགོ་མའི་ཁ་བ་ཨང་། འདི་ནས་ཁྱེད་ཀྱིས་སུ་ཞིག་དྲན་དུ་བཅུག་སོང་། འདི་ནས་ཁྱེད་ཀྱིས་སུ་ཞིག་སྨྲེང་བར་བཏང་སོང་།