བསོད་ནམས་རྒྱ་མཚོའི་བརྙན་པར་བདམས་བཀོད།
སྤེལ་དུས 2020-05-08
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
རྭ་རྒྱ་བསོད་ནམས་རྒྱ་མཚོ་འམ་རྭར་བསོད།༢༠༠༡ ལོར་རྨ་ཆེན་རྫོང་རྭ་རྒྱ་ཆུ་བ་སྡེ་བར་སྐྱེས་ཤིང་།༢༠༡༢ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་ཤེས་རིག་གི་སྐྱེད་ཚལ་འགྲིམ་པའི་གོ་སྐབས་ཐོབ།༢༠༡༤ལོར་ཀླུ་ཚང་དགོན་པའི་ཆོས་སྒོར་ཞུགས།རང་ཉིད་ཆུང་དུས་ནས་པར་ལེན་རྒྱུའི་ཕྱོགས་ལ་སྤྲོ་བ་ཆེ་ཆེར་ཡོད་མོད།འོན་ཀྱང་དུས་ཚོད་ཀྱི་དབང་གིས་པར་ལེན་རྒྱུའི་དགའ་ཕྱོགས་རེ་ཞིག་རག་མ་སོང་།༢༠༡༧ ལོར་ནས་བཟུང་རང་གི་དགའ་ཕྱོགས་ལ་འཐམ་རྒྱུའི་སེམས་ཐག་ཡེ་ནས་བཅད་དེ་པར་ལེན་སྒྱུ་རྩལ་གྱི་ལམ་ཁར་ཞུགས།ད་དུང་མུ་འཐུད་དུ་རང་གི་དགའ་ཕྱོགས་དམིགས་ཡུལ་དུ་བཟུང་ནས་བརྩོན་ལེན་བྱེད་འདོད་དང་རང་ཉིད་ཀྱི་རེ་བ་ཉག་གཅིག་ཀྱང་དེ་ཡིན།
རྩོམ་སྒྲིག་པ། སངས་སྐྱབས།