ཀྲུང་གོའི་བོད་ལྗོངས་དྲ་བ། > པར་མཛོད། > པར་རིས།

སྐུ་འབུམ་བྱམས་པ་གླིང་གི་ཟླ་ཟད་ཆེན་མོ།

སྤེལ་དུས 2024-02-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
            ལོ་ངོ་ཉིས་བརྒྱ་དགུ་བཅུ་ལྷག་གི་རིང་བླ་མ་གོང་མ་དག་གི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་བར་དུ་གནས་པའི་སྐུ་འབུམ་བྱམས་པ་གླིང་གི་ཟླ་ཟད་ཆེན་མོ་ད་ལོ་ཡང་སྔར་བཞིན་བོད་ལོའི་ཉི་ཤུ་གཉིས་ནས་དགུའི་བར་ཏེ་ཉིན་ཞག་བདུན་རིང་ལ། སྐུ་འབུམ་དགོན་པའི་གྲྭ་ཚང་བཞི་དང་སྤྱི་སོ་ཆེན་མོ་བཅས་ནས་གངས་ལྗོངས་བསྟན་པ་སྤྱི་དང་བྱེ་བྲག་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་པ་ཆེན་པོའི་བསྟན་པ་བསྟན་འཛིན་བསྟན་པའི་སྦྱིན་བདག་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་བྱད་མ་གཟུགས་ཅན་གཟུགས་མེད་ཀྱི་སྡེ་དང་བཅས་བ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་དམིགས་པ་རྒྱ་ཆེན་པོ་སྒོ་ནས་འདོན་ཕྱག་ལེན་གཏོར་རྒྱག་དང་བཅས་པ་མ་མཉམ་པའི་སྒོ་ནས་ལོ་འདིའི་ཟླ་ཟད་ཆེན་མོ་ལེགས་པར་མཇུག་རྫོགས།