ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2023ལོའི་ལོ་སར། > གསར་འགྱུར།

ཧན་ཀྲེང་ཧྲང་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

སྤེལ་དུས 2023-03-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་སྤྱི་ཚེས་༥ཉིན་གྱི་ཕྱི་དྲོ་ཁོང་ཞུགས་པའི་ཧྲན་ཏུང་འཐུས་མི་ཚོགས་པར་ཕེབས་ནས་འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་གནང་ཡོད།
  འཐུས་མི་ཚོའི་གཏམ་བཤད་གསན་རྗེས། ཧན་ཀྲེང་གིས། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་ཞུར་རྦད་དེ་མོས་མཐུན་ཡོད་ཅེས་བསྟན་པ་དང་། ཁོང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཆེས་རྒྱུན་གཏན་མ་ཡིན་པ་དང་སྤྱིར་བཏང་མ་ཡིན་པ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ང་ཚོས་དཀའ་ངལ་དང་ཉེན་ཁའི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅག་པ་དང་། འཛམ་གླིང་གི་འཕོ་འགྱུར་ཆེན་པོ་དང་། ཏོག་གསར་རིམས་ནད་ཀྱི་བརྡབ་གསིག རྒྱལ་ནང་དཔལ་འབྱོར་འཕར་ཤུགས་ཆག་པ་སོགས་ཀྱི་ཉམས་ཚོད་མང་པོ་ཐེག་ཐུབ་པ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅེས་བསྟན་འདུག