ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2023ལོའི་ལོ་སར། > གསར་འགྱུར།

ཝང་ཧུའུ་ཉིང་ཀུའེ་ཀྲའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

སྤེལ་དུས 2023-03-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད་ཝང་ཧུའུ་ཉིང་གིས་སྤྱི་ཚེས་༥ཉིན་གྱི་ཕྱི་དྲོ་ཁོང་ཞུགས་པའི་ཀུའེ་ཀྲའུ་འཐུས་མི་ཚོགས་པར་ཕེབས་ཏེ་འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་ལས་དོན་སྙན་ཞུར་གྲོས་ཞིབ་གནང་ཡོད་པ་རེད།
  ཝང་ཧུའུ་ཉིང་གིས་འཐུས་མི་ཚོའི་གཏམ་བཤད་གསན་རྗེས། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་༢༠པའི་དགོངས་དོན་མཚོན་པ་དང་། སྙན་ཞུ་དེར་རྦད་དེ་མོས་མཐུན་ཡོད་ཅེས་བསྟན་འདུག