ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2023ལོའི་ལོ་སར། > གསར་འགྱུར།

ཀྲའོ་ལེ་ཅི་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

སྤེལ་དུས 2023-03-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲའོ་ལེ་ཅི་ཡིས་ཚེས་5ཉིན་གྱི་ཕྱི་དྲོ་ཁོང་བཞུགས་པའི་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཡོད། འཐུས་མི་ཚོའི་གཏམ་བཤད་གསན་གྲུབ་རྗེས། ཁོང་གིས། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་ལས་དོན་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཡོད་པས། དངོས་ཐོག་བདེན་འཚོལ་དང་། གསར་གཏོད་ཡར་བརྩོན། མཐུན་སྒྲིལ་སྐུལ་ལྕག་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད་ཅེས་བསྟན་ཡོད།