ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2023ལོའི་ལོ་སར། > པར་རིས

ཚེ་བརྟན། ཡར་ལངས་ཞིང་བྲན་ཞིག་གིས་མི་རབས་མཆེད་བཞིའི་བདེ་སྐྱིད་ལྡན་པའི་ལོ་གསར།

སྤེལ་དུས 2023-02-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  
ཨ་མ་ཚེ་བརྟན་གྱིས་ཐུད་ཟ་བཞིན་པ།
  ཨ་མ་ཚེ་བརྟན་གྱི་ནང་མི་དང་མཉམ་དུ་བརྒྱབ་པའི་པར།
  ཨ་མ་ཚེ་བརྟན་གྱི་ཕྲུ་གུ་དང་ཚ་བོ་ཚ་མོ་ཚོས་སྒྲ་སྙན་དཀྲོལ་ནས་ཞབས་བྲོ་འཁྲབ་བཞིན་པ།
  ཨ་མ་ཚེ་བརྟན་ཁྱིམ་གྱི་སྡོད་ཁང་།
  བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་བཙག་གྲོང་ཚོར་གཞིས་ཆགས་པའི་རང་ཁྱིམ་དུ། རྨོ་བོ་ཚེ་བརྟན་ལགས་ཀྱི་ཞལ་རས་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་ཞིང་། ནང་མི་གཞོན་སྐྱེས་ཚང་མས་རེ་རེ་བཞིན་ཁོང་ལ་དབུ་ཐུག་སྦྱར་ནས་གུས་བཀུར་མཚོན་པར་བྱེད།
  ད་ལོ་སོ་ནམ་ལོ་གསར་དང་དཔྱིད་གསར་དུས་ཆེན་ཉིན་གཅིག་ལ་འཁེལ་བས། གོམས་སྲོལ་མི་འདྲ་ནའང་རྣམ་པ་འཁྲུག་མཉམ་རེད། རྨོ་བོ་ཚེ་བརྟན་ལགས་ཀྱི་ཕྲུ་གུ་ཚ་བོ་དང་བཅས་པ་རླངས་འཁོར་བཏང་ནས་རྫོང་གྲོང་དུ་ལོ་གསར་གྱི་ཉོ་ཆ་རྒྱག་པར་བསྐྱོད་ཅིང་། བུའི་མནའ་མ་ཚོས་ཁྱིམ་དུ་ལུག་མགོ་དང་ཕྱེ་མར་སོགས་སྲོལ་རྒྱུན་དམིགས་བསལ་གྱི་ཞིམ་ཟས་རྣམས་གྲ་སྒྲིག་བྱེད་བཞིན་འདུག ཁྱིམ་གྱི་མི་ཐོག་བཞི་པ་སྟེ། རྨོ་བོ་ཚེ་བརྟན་ལགས་ཀྱི་ཡང་ཚ་བྱིས་པ་ཕོ་མོ་ཚོས་ལུས་ལ་བོད་ཆས་ཀྱི་གཟབ་མཆོར་སྤྲས། གཡུ་ཆུང་གི་ཕྲ་བཏབ་པའི་མགོ་རྒྱན་བཏགས་ཏེ་དགའ་སྤྲོའི་ངང་རང་ཁྱིམ་དུ་ཕར་རྒྱུག་ཚུར་རྒྱུག་བྱེད།
  ད་ཆའི་འཚོ་བ་འདི་འདྲ་སྔོན་མ་ཡིད་ལ་འཁོར་མྱོང་མེད”1943ལོར་སྐྱེས་པའི་རྨོ་བོ་ཚེ་བརྟན་ལགས་ནི་དམངས་གཙོའི་བཅོས་བསྒྱུར་སྔོན་དུ“ཁྲལ་པ”ཡིན་ཞིང་རྣམ་གྲངས་མང་བའི་ཁྲལ་དང་འུ་ལག་གིས་ཁོ་ཚོའི་ཁྱིམ་ཚང་དེའི་ཡོང་སྒོ་ཕལ་ཆེ་བ་བཤུ་གཞོག་བཏང་སྟེ་ལྷག་མ་ཕྲན་བུས་ལྟོ་གོས་འཕྱིད་ཐབས་བྱེད།
  ཆུང་བྱིས་པའི་སྐབས་སུ། ཚེ་བརྟན་གངས་དང་ཆར་པར་སྐྲག་སྣང་ཆེ་ཤོས་སྐྱེ་བའི་རྒྱུ་མཚན་ཡང་ཁོ་ཚོའི་ས་ཕག་གི་ཁང་ཁྱིམ་ཆུང་ངུ་དེས་ཆར་རླུང་མི་ཐུབ་པའི་ཁར། ཁྱིམ་ལ་མལ་ཁྲིའི་མིང་ཙམ་མེད་པར་སྤུ་ཟད་ཐེབས་པའི་ཀོ་གདན་གྱི་སྟེང་དུ་ཉལ་དགོས་ཀྱི་ཡོད། ཆར་ཆུ་ཡོང་དུས་ཁང་ཁྱིམ་ནང་དུ་འདམ་ཞོ་ལངས་ཏེ་ཀོ་གདན་གྱི་དེ་ཚོའང་ལྡུར་འགྲོ་ཡི་ཡོད།
  “ཆུང་དུས་ལོ་གསར་གཏོང་སྐབས་ལུག་མགོ་དང་ཕྱེ་མར་ཟ་རྒྱུ་ཡོད། འོན་ཏེ་ད་ཆ་དང་མི་འདྲ་བ་ནི་སྐབས་དེ་དུས་ལོ་གཅིག་དུས་གཅིག་གྲ་རྒྱས་ཤོས་ཀྱི་ལྟོ་དུས་གཅིག་པོ་དེའང་ང་ཚོའི་ངོས་ནས་བཤད་ན་བྲོ་བ་མྱངས་པ་ཙམ་ལས་རྒྱགས་ཚད་ཟ་རྒྱུ་ག་ལ་ཡོད”རྨོ་བོ་ཚེ་བརྟན་གྱིས་དེ་ལྟར་གསུངས།
  1959ལོར་གངས་ལྗོངས་ས་མཐོར་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་བསྒྱུར་འགོ་ཚུགས་པ་དང་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་གཏོར་བཏང་བས། ཚེ་བརྟན་གྱི་ཁྱིམ་ཚང་ལ་སྐྱིད་པའི་ཉི་མ་ཤར་འགོ་ཚུགས།
  “བལྟས་བལྟས་རིག་རིག་ལ། འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བ་དང་སྐྱ་ནམ་རྒྱས་པོ་འདི་འདྲ་ཆགས་པ་རེད”ཅེས་རྨོ་བོ་ཚེ་བརྟན་གྱིས་དེ་ལྟར་གསུངས། དེང་གི་ཆར་ཁོང་ཁྱིམ་གྱི་མི་རབས་མཆེད་བཞིའི་དགའ་བདེའི་དཔལ་ལ་རོལ་བཞིན་ཡོད་ལ། ནང་མི་11རྣམས་ཁང་པ་གསར་པ་ཉིས་ཐོག་གི་ནང་དུ་གྲ་རྒྱས་འཚོ་བར་རོལ་བཞིན་ཡོད་པས་གངས་ཆར་རླུང་འཚུབ་ཅི་འདྲ་ལྡང་ཡང་འཁྱག་ལྟོགས་དང་དབུལ་ཕོངས་ཀྱི་མིང་ཙམ་ཡང་མེད་པར་གྱུར་ཡོད།
  རྩོམ་སྒྲིག་པ། སངས་སྐྱབས།