ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2023ལོའི་ལོ་སར། > པར་རིས

གངས་ལྗོངས་ས་མཐོར་ལོ་གསར་གྱི་རྣམ་པ་ཟབ་པ།

སྤེལ་དུས 2023-02-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་བར་སྐོར་ཚོང་རའི་ཟུར་ཞིག་ཡིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྐབས་གསུམ་པའི“གཞོན་ནུས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་བསྟར། ང་དང་ཁྲེང་ཀོན་མཉམ་དུ་འཚར་ལོངས་བྱེད”ཅེས་པའི་ལོ་གསར་མཁོ་ཆས་དུས་ཆེན་ཐོག་ལྷ་སའི་གྲོང་མིས་ཅ་དངོས་ཉོ་བཞིན་པ།
འདི་ནི་ལྷ་སའི་གྲོང་མིས་བོད་ཆས་ཚོང་ཁང་དུ་བོད་ཆས་ཉོ་བཞིན་པ།
           ཆུ་སྟག་ལོ་རྙིང་ཕར་ལ་བསྐྱལ་ནས་ཆུ་ཡོས་ལོ་གསར་ཚུར་ལ་བསུས་ཤིང་། བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་རང་ལྗོངས་ཀྱི་ས་གནས་ཁག་གི་ལོ་གསར་མཁོ་ཆས་ཀྱི་ཁྲོམ་ར་མུ་མཐུད་འཁྲུག་ཆ་དོད་དུ་ཕྱིན་པ་དང་ཚོང་ར་ཆེ་གྲས་ཁག་ཏུ་ཚོན་ཁྲ་ཅན་གྱི་ལྒང་བཞུ་བཀལ་ནས་ལོ་གསར་གྱི་རྣམ་པ་ཧ་ཅང་ཟབ་མོ་ཡོད། ལྷ་སའི་ཁྲོམ་གཞུང་དུ་མི་རྣམས་འཚང་ཁ་ཤིག་ཤིག་ངང་བསྐྱོད་དེ་སྲོལ་རྒྱུན་གྱི་ལོ་གསར་མཁོ་ཆས་ཁྲོམ་རར་ཅ་དངོས་ཉོ་བར་བྲེལ། བར་སྐོར་ཚོང་རར་སྐྱོད་སྐབས་ཤམ་བུ་དང་། ལུག་མགོ ཕྱེ་མར་འབོ། མེ་ཏོག་མཆོད་པ་སོགས་སྲོལ་རྒྱུན་གྱི་ལོ་གསར་མཁོ་ཆས་མང་པོ་ཁྲོམ་བཀྱག་ཁག་ཏུ་བཏོན་པས་སྐབས་ཤིག་རིང་གང་ལ་ལྟ་དགོས་མིན་ཡང་མི་ཤེས།
རྩོམ་སྒྲིག་པ། སངས་སྐྱབས།