ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2023ལོའི་ལོ་སར། > ལོ་གསར་རིག་གནས།

དགུ་ཐུག་འཐུང་ནས་ལོ་གསར་བསུ་བ་ཞུ།

སྤེལ་དུས 2023-02-16 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ།

          བོད་ཟླ་༡༢པའི་ཚེས་༢༩ཉིན་གྱི་དགོང་མོར་ཁྱིམ་ཚང་ཚང་མ་ནང་མི་མཉམ་འཛོམས་ངང་ནས་དགུ་ཐུག་འཐུང་གི་ཡོད། དེ་ནི་ལོ་གསར་འགོ་ཚུགས་ལྟ་བུ་ཡིན་ཞིང་། དེའི་དགོང་མོར་ཁྱིམ་མི་ཚང་མས་གཟན་ལ་མི་གཟུགས་ཀྱི་གླུད་བཟོས་ཏེ་རྫ་སྣོད་ཆག་དུམ་ནང་བཞག་ཏེ་རྒྱ་ལམ་གསུམ་མདོར་གཡུགས་ནས་རང་ཁྱིམ་ལ་བར་ཆད་མི་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད། དགུ་ཐུག་སྐབས་སུ་རྫས་དགུ་བླུགས་པའི་ཐུག་པ་འཐུང་བཞིན་ཐུག་པའི་ནང་དུ་ཉི་ཟླའི་གཟུགས་བཟོས་པ་དང་། དེ་བཞིན་ཆོས་པོ་ཏི། ཟེ་མ་ར་མགོ སོལ་བ་དང་། དཀར་ཡོལ། སི་པན་སོགས་བཏུམས་ནས་ཐུག་པའི་ནང་བླུགས་བས་ཐུག་པ་འཐུང་སྐབས་དེ་དག་ལས་གང་ཞིག་དོན་རུང་དེར་བསྟོད་སྨད་བྱེད་པའི་མི་དེའི་རྣམ་ཀུན་གྱི་སྤྱོད་པ་མཚོན་པར་བྱེད་ཀྱི་ཡོད། དགུ་ཐུག་ལ་ཐུག་པ་འཐུང་བའི་བྱེད་སྒོ་ཕུད་ད་དུང་སོག་མ་རིང་པོ་ལ་མེ་སྤར་ནས་ཁྱིམ་ནང་དུ་བསྐོར་བ་ཞིག་བྱས་ཤིང་ཁ་ནས་མར་གདོན་ཤོག་ཅེས་ཟེར། ཐུག་པ་འཐུང་ཚར་རྗེས་འདྲེ་ཕུད་པའི་བྱེད་སྒོ་སྤེལ་ཞིང་སོག་མ་སྔོན་དང་རྗེས་ལ་ཤོག་སྦག་སོགས་འཁྱེར་ཏེ་ལམ་བཞི་མདོར་གཡུགས་ཀྱི་ཡོད། གཞན་ཡང་། དགུ་ཐུག་ཟེར་བ་དེ་ནི་བོད་ཟླ་༡༢ཚེས་༢༩ཉིན་གྱི་ཐུག་པ་ཡིན་པས་དགུ་ཐུག་ཟེར་ལ། ཡང་ཐུག་པ་དེར་རྫས་དགུ་ཡོད་པའི་དབང་གིས་དགུ་ཐུག་ཀྱང་ཟེར་། 
རྩོམ་སྒྲིག་པ། རིག་གྲོལ།