ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > འཐུས་མི་དང་ཨུ་ཡོན།

བོད་ལྗོངས་ཀྱི་འཐུས་མི་རྣམས་རྒྱལ་ས་པེ་ཅིང་དུ་ཕེབས་འབྱོར་བྱུང་བ།

སྤེལ་དུས 2023-03-03 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
          དངུལ་མདོག་ཅན་གྱི་ལྷ་བྱ་ནམ་མཁའི་དབྱིངས་སུ་འཕུར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཞུགས་མཁན་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་རྣམས་གནམ་གྲུར་བཞུགས་ནས་སེམས་པ་དྲོ་སྐྱིད་ཀྱིས་ཁེངས་བཞིན་དུས་རབས་གསར་པའི་སྤོབས་པ་དང་བཅས་བོད་ལྗོངས་ཡོངས་ཀྱི་མི་དམངས་རྣམས་ཀྱི་མངགས་བཅོལ་བསྣམས་ནས་ཕེབས་པ་དང་། འཐུས་མི་རྣམས་ཀྱི་སེམས་དབུས་སུ་འཕེལ་རྒྱས་ལས་བྱུང་བའི་དགའ་སྤྲོ་དང་འབད་འཐབ་ལས་ཐོབ་པའི་གྲུབ་འབྲས་ཡོད་ལ། ལས་འགན་གཙང་སྒྲུབ་བྱེད་པའི་འགན་སེམས་ཀྱང་ཡོད། 
དཔྱིད་དུས་ཀྱི་ཚོགས་ཆེན་ལ་ཕེབས་པ།


          ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ལོ་ཞིག་ཡིན་པས། དུས་རབས་གསར་པའི་རྒྱང་ལམ་གསར་པའི་འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་བའི་འཐུས་མི་རྣམས་ཀྱིས་ལམ་བར་དུ་བོད་ལྗོངས་ཡུན་རིང་བདེ་འཁོད་དང་། སྤུས་དག་གོང་འཕེལ་ཡོང་བར་བྱེད་པའི་རྣམ་པ་བཟང་པོའི་སྐོར་ལ་གླེང་མོལ་གནང་བཞིན། ལས་འགན་གཙང་སྒྲུབ་བྱེད་པའི་བསམ་ཕྱོགས་ཡོད་དོ་ཅོག་མཉམ་སྤྱོད་གནང་བཞིན་མཆིས།  





          དེ་རིང་ཆུ་ཚོད་༡༣དང་སྐར་༡༠ཀྱི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་བོད་ལྗོངས་ཀྱི་འཐུས་མི་རྣམས་རྒྱལ་ས་པེ་ཅིང་དུ་ཕེབས་འབྱོར་བྱུང་།   

          དཔྱིད་དུས་ཀྱི་ཚོགས་ཆེན་གཉིས་ལ། འཐུས་མིའི་སྙིང་སྟོབས་རྒྱས་སོང་། དུས་རབས་ཀྱི་འབོད་སྒྲའི་ཁྲོད་དུ།  འཐུས་མིའི་སེམས་ཤུགས་འཕེལ་སོང་། འཐུས་མི་རྣམས་ད་ལོའི་ཚོགས་ཆེན་གཉིས་ཀྱི་གྲོས་རིམ་ཁག་ནང་ཞུགས་རྒྱུ་ཡིན་པས་ཚང་མར་ལས་འགན་གཟི་བརྗིད་ཆེ་ལ། ཕྲག་གི་འགན་འཁྲི་ཡང་ལྗིད་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད། 
རྩོམ་སྒྲིག་པ།  བསྟན་ཆོས།