ཀྲུང་གོའི་བོད་ལྗོངས་དྲ་བ། > ཆེད་སྒྲིག > 2024ལོའི་ཚོགས་ཆེན་གཉིས་ཀྱི་ཆེ་སྒྲིག། > གསར་འགྱུར།

ཤ་བོ་སྒྲོལ་མས་འབྱུང་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ཐད་གྲོས་འགོ་བཏོན།

སྤེལ་དུས 2023-03-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
    མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྨ་ཆུའི་ཆུ་སྟོད་ཀྱི་རྒྱུག་ཁུལ་གལ་ཆེན་ཞིག་ཡིན་ཞིང་། དེའི་ཁྲོད་རོང་བོ་དགུ་ཆུ་དང་རྩེ་ཆུ་གཉིས་ཀ་རྨ་ལྷོ་ཁུལ་ནས་ཐོན་པ་དང་རྨ་ཆུའི་མཚོ་སྔོན་ཤར་རྒྱུད་ཀྱི་རིམ་པ་དང་པོའི་ཡན་ལག་ཆུ་བོ་ཞིག་རེད། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཤ་བོ་སྒྲོལ་མས་མཚོ་སྔོན་ཞིང་ཆེན་གྱི་རོང་བོ་དགུ་ཆུ་དང་རྩེ་ཆུ་འབབ་རྒྱུད་ཀྱི་འབྱུང་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་ཡོད། གྲོས་འགོའི་ནང་། རྨ་ལྷོ་ཁུལ་ནི་རང་རྒྱལ་གྱི་“སྲུང་ཡོལ་གཉིས་དང་ས་རྒྱུད་གསུམ་”གྱི་འབྱུང་ཁམས་བདེ་འཇགས་ཀྱི་འཐབ་ཇུས་གྲུབ་གཞིའི་ནང་“མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་ར་”དང་“ས་སེར་མཐོ་སྒང་གི་སི་ཁྲོན་དང་ཡུན་ནན་གྱི་འབྱུང་ཁམས་སྲུང་ར་”དང་“བྱང་ཕྱོགས་བྱེ་འགོག་ཁུལ་”བར་དུ་གནས་པས། འབྱུང་ཁམས་གནས་བབ་གལ་ཆེན་ཞིག་ཡིན། རྨ་ཆུའི་ཆུ་སྟོད་ཀྱི་“རོང་བོ་དགུ་ཆུ་དང་རྩེ་ཆུ་”གཉིས་ནི་རིམ་པ་དང་པོའི་ཡན་ལག་ཆུ་བོ་ཡིན་ཞིང་། དེ་གའི་འབྱུང་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ཡག་པོ་བྱས་ཏེ་རྨ་ཆུ་སྤུས་མཐོའི་སྒོ་ནས་འཕེལ་རྒྱས་ཡོང་བར་རྨང་གཞི་བཏིངས་ཡོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་མཚོ་སྔོན་ཞིང་ཆེན་དང་ལྷག་པར་དུ་རྨ་ལྷོ་ཁུལ་གྱི་“རོང་བོ་དགུ་ཆུ་དང་རྩེ་ཆུ་”འདི་གཉིས་པོས་རྨ་ཆུའི་འབྱུང་ཁམས་སྲུང་སྐྱོང་ཁྲོད་བཟུང་བའི་བྱེད་ནུས་པ་གལ་ཆེན་ལ་བསམ་གཞིགས་གང་ལེགས་ཀྱིས་རྒྱལ་ཁབ་ཀྱི་བང་རིམ་ཐོག་ནས་“རོང་བོ་དགུ་ཆུ་དང་རྩེ་ཆུ་གཉིས་”རྒྱུག་ཁུལ་གྱི་འབྱུང་ཁམས་སྲུང་སྐྱོང་དང་ལྷག་པར་དུ་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་ཐང་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བཅོས་སྐྱོང་བྱེད་པར་སྲིད་ཇུས་དང་། མ་དངུལ། རྣམ་གྲངས། ལག་རྩལ་བཅས་ཀྱི་རྒྱབ་སྐྱོར་བྱ་རྒྱུའི་གྲོས་འགོ་བཏོན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།