ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༨ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > སྲིད་གྲོས་ཚོགས་འདུ།

རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་སློབ་སྦྱོང་དང་གསོ་སྦྱོང་ཚོགས་འདུ་འཚོགས་པ།

སྤེལ་དུས 2018-02-28 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་ཆོས་སྒྲོན།
            ཚེས་24ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་སློབ་སྦྱོང་དང་གསོ་སྦྱོང་ཚོཌ་འདུ་འཚོཌ་ཤིང་། ཚོཌ་འདུའི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་རྩ་ཁྲིམས་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་གྲོས་ཀྱི་སྒྲིག་ཡིག་སློབ་སྦྱོང་བྱས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་དོན་སྙིང་གལ་ཆེན་དང་། གནས་བབ། ནུས་པ་དང་དེ་བཞིན་ཁྱད་ཆོས་བཅས་བློ་གཅིག་སེམས་གཅིག་གིས་ཁོང་དུ་ཆུད་པ་བྱས་ཏེ“འདུ་ཤེས་བཞི”སྔར་བས་ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་གྱི་དབང་ཆ་དང་འོས་འགན་ཤེས་རྟོགས་དང་ཁོང་དུ་ཡང་དག་ཆུད་པ་བྱས་ཐོག་ཁྲིམས་ལྟར་སྒྲིག་ཡིག་བཞིན་འགན་འཁྲི་ལག་བསྟར་དང་སྲིད་ཞུགས་སྲིད་གླེང་གི་ནུས་པ་ཆེ་རུ་གཏོང་དགོས་པ་དེ་རེད།
            རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རང་ལྗོངས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་བདམས་ཐོན་བྱུང་བའི་གནས་ཚུལ་ངོ་སྤྲོད་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་འགྱུར་མེད་བཅས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་འབྲེལ་ཡོད་ལམ་ལུགས་དང་སྒྲིག་ཡིག་གསལ་འགྲེལ་གནང་བ་རེད།
            ཝུའུ་དབྱིང་ཅེས་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་ལོར་འཚོག་རྒྱུའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་དང་དུས་རབས་གསར་པར་དམངས་སེམས་གཅིག་སྒྲིལ་དང་། དམངས་ཀྱི་གནས་ཚུལ་ཤེས་རྟོགས། འཕེལ་རྒྱས་དོན་གཉེར་བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པས་རྒྱལ་ཡོངས་སུ་དོ་ཁུར་བྱེད་བཞིན་ཡོད་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཀྱང་དོ་སྣང་བྱེད་བཞིན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རང་ལྗོངས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས“འདུ་ཤེས་བཞི”སྔར་བས་ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་བཏང་སྟེ་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི་མིག་དཔེ་དང་། སྲིད་ཞུགས་སྲིད་གླེང་གི་མིག་དཔེ། མཐུན་སྒྲིལ་མཉམ་ལས་ཀྱི་མིག་དཔེ། སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་མཁན་གྱི་མིག་དཔེ་བཅས་རང་རྟོགས་ངང་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ད་ཐེངས་ཀྱི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཡག་པོ་འཚོག་ཐུབ་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དང་མི་དམངས་ལ་ཚད་ལོན་གྱི་རྒྱུགས་ལན་ཞིག་འབུལ་དགོས་ཅེས་གསུངས་པ་རེད།
            ཝུའུ་དབྱིང་ཅེས་གཅིག་ནས་ཐོག་མཐའ་བར་གསུམ་དུ་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་ཡག་པོ་བྱེད་པ་དང་། གཉིས་ནས“འདུ་ཤེས་བཞི”བརྟན་པོ་བཙུགས་ཏེ་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་པ། གསུམ་ནས་ཁྲིམས་སྐྱོང་གི་སྙིང་སྟོབས་ལ་བརྟེན་ནས་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ། བཞི་ནས་དམངས་གཙོ་དར་སྤེལ་ཧུར་ཐག་བཏང་སྟེ་འགན་འཁྲི་ལག་བསྟར་ནན་པོ་བྱེད་པ། ལྔ་ནས་སྒྲིག་ཁྲིམས་ནན་པོ་སྲུང་སྟེ་གཟུགས་བརྙན་བཟང་པོ་གཏོད་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
            རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་དང་དེ་བཞིན་ཟུར་ཞུགས་དང་ཟུར་ཉན་བྱེད་མཁན་བཅས་དང་ལྗོངས་མི་དམངས་འཐུས་ཚོགས་གཞུང་དོན་ཐིང་དང་། ལྗོངས་སྲིད་གྲོས་གཞུང་དོན་ཐིང་། ལྗོངས་ཏང་ཨུད་རྩ་འཛུགས་པུའུ། དྲིལ་བསྒྲགས་པུའུ། འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱི་འབྲེལ་ཡོད་བློ་མཐུན་གསོ་སྦྱོང་ཚོགས་འདུར་ཞུགས་ཡོད་པ་རེད།