ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༨ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > སྲིད་གྲོས་ཚོགས་འདུ།

ཚོགས་ཆེན་གཉིས་ཀྱི་ནང་དུ་ཞུགས་པའི་བོད་བརྒྱུད་ནང་བསྟན་འབྲེལ་ཡོད་ཀྱི་སྲིད་གྲོས་ཨུ་ཡོན།

སྤེལ་དུས 2018-03-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འཕྲིན། ཚེས་3ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་འོས་པའི་ཨུ་ཡོན་མི་2158དང་། དངོས་སུ་ཞུགས་མཁན་ཨུ་ཡོན་མི་2149ཡོད།
           རྒྱལ་ཡོངས་ཀྱི་“ཚོགས་ཆེན་གཉིས་”ཀྱི་རས་ཡོལ་ཕྱེ་ཟིན་པས། ང་ཚོས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉིས་སྟོང་ལྷག་ལས་བོད་བརྒྱུད་ནང་བསྟན་འབྲེལ་ཡོད་ཀྱི་ཨུ་ཡོན་རྣམས་ལ་རྒྱུས་ལོན་བྱ།(རྒྱ་ཡིག་གི་པིར་རིས་མང་ཉུང་ལྟར་བསྒྲིགས་པ།)
ཆོས་ལུགས་ཀྱི་སྡེ།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ།(བོད་རིགས།)
          པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ། ཐོག་མའི་མཚན་ལ་རྒྱལ་མཚན་ནོར་བུ། ཕོ། 1990ལོའི་ཟླ་2ཚེས་13ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་རྒྱབ་རི་རྫོང་དུ་སྐྱེས། 1995ལོའི་ཟླ་11ཚེས་29ཉིན། ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་ནན་པོར་གཞིགས་ནས། ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་མདུན་དུ་གསེར་བུམ་དཀྲུགས་འདོན་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད།པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དུ་གཏན་འཁེལ་གནང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྱི་འགན་ཁུར་ཡོད།

རིན་ཆེན་རྣམ་རྒྱལ།།(བོད་རིགས། )
          རིན་ཆེན་རྣམ་རྒྱལ། ཕོ། མཚོ་སྔོན་གསེར་ཆེན་གྱི་མི་ཡིན། 1994ལོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་མཐར་ཕྱིན། ལས་ཐོག་ཆེད་སྦྱོང་སློབ་གྲྭ་ཆེན་མོའི་ཡོན་མཚན་ཡོད། ད་ལྟ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་ལས་དོན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ།  མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་ཁུར་ཡོད།  2018ལོའི་ཟླ་1ཚེས་29ཉིན། སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས། རིན་ཆེན་རྣམ་རྒྱལ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།

ཤར་ནོར་དྲུང་པ་ཧུ་ཐོག་ཐུ།(བོད་རིགས།)
          ཤར་ནོར་དྲུང་པ་ཧུ་ཐོག་ཐུ།  ཕོ།1968ལོའི་ཟླ་12པར་སྐྱེས།  སི་ཁྲོན་ཞིང་ཆེན་མི་ཡིན། 1983ལོའི་ཟླ་11པར་ལས་ཀར་ཞུགས། ཆེད་སྦྱོང་སློབ་གྲྭ་ཆེན་མོའི་ཡོན་མཚན་ཡོད། ད་ལྟ་ཡུན་ནན་ཞིང་ཆེན་ལི་ཅཱང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་ཀྱི་འགན་ཁུར་ཡོད།  2018ལོའི་ཟླ་2ཚེས་5ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ལི་ཅཱང་གྲོང་ཁྱེར་སྐབས་བཞི་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། ཤར་ནོར་དྲུང་པ་ཧུ་ཐོག་ཐུ་མཆོག་སྲིད་གྲོས་ལི་ཅཱང་སྐབས་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།

ལྷག་པ།(བོད་རིགས།)
          ལྷག་པ།  ཕོ།1967ལོའི་ཟླ་8པར་སྐྱེས། བོད་ལྗོངས་སྟོད་ལུང་བདེ་ཆེན་གྱི་མི་ཡིན། 2016ལོའི་ཟླ་6པར་ལས་ཀར་ཞུགས། ད་ལྟ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གཙུག་ལག་ཁང་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བཅས་ཡིན།

འབྲི་གུང་ཆུང་ཚང་བློ་བཟང་བྱམས་པ། (བོད་རིགས།)
           འབྲི་གུང་ཆུང་ཚང་བློ་བཟང་བྱམས་པ། བོད་རིགས།བོད་རང་སྐྱོང་ལྗོངས་ཀྱི་མི་ཡིན། འབྲི་གུང་བཀའ་བརྒྱུད་འབྲི་གུང་ཆུང་ཚང་སྐུ་རབས་སོ་དགུ་བ། ལོ་ལྔའི་ཐོག་འབྲི་གུང་ཆུང་ཚང་སྐུ་ཕྲེང་སོ་དགུ་བར་ངོས་འཛིན་བྱས།སྔ་ཕྱིར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བཅས་ཀྱི་འགན་ཁུར།

འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ།(བོད་རིགས།)
            འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཕོ།1940ལོའི་ཟླ་2པར་སྐྱེས།  སི་ཁྲོན་ལི་ཐང་གི་མི་ཡིན། 1942ལོར་ཆབ་མདོ་བྱམས་པ་གླིང་དགོན་དུ་འཕགས་པ་ལྷ་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་བྱས། 1950ལོའི་ཟླ་9པར་ལས་ཀར་ཞུགས། སློབ་གྲྭ་ཆེན་མོའི་ཡོན་མཚན་ལྡན།  ད་ལྟ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་ཁུར་ཡོད། 2018ལོའི་ཟླ་1ཚེས་29ཉིན།  སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས།

ཧུའུ་ཞའེ་ཧྥུན།(སོག་རིགས།)
            ཧུའུ་ཞུའེ་ཧྥེང་།  ཕོ། 1966ལོར་ལིའོ་ཉིང་ཞིང་ཆེན་ཧྥུ་ཞིན་སོག་རིགས་རང་སྐྱོང་རྫོང་དུ་སྐྱེས། 1981ལོར་དགའ་ལྡན་བྱིན་ཆགས་གླིང་དུ་རབ་ཏུ་བྱུང་། ཆོས་མིང་ལ་བློ་བཟང་བསམ་གཏན་གསོལ། 1983ལོར། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མདུན་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། 1987ལོར། དགའ་ལྡན་བྱིན་ཆགས་གླིང་གི་ཡོངས་འཛིན་གྱི་འགན་ཁུར། 1990ལོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་རྒྱུགས་འཕྲོད། 1992ལོར་སྦྱངས་འབྲས་གཡུར་དུ་ཟ་བ་བླངས་ནས་མཐར་ཕྱིན།  ཕྱིར་དགའ་ལྡན་བྱིན་ཆགས་གླིང་དུ་ལོག་ནས་དགེ་རྒན་གྱི་འགན་ཁུར། 1994ལོར་དགའ་ལྡན་བྱིན་ཆགས་གླིང་གི་མཁན་པོ་གཞོན་པར་བདམས།  2010ལོའི་ཟླ་དང་པོར་མཁན་པོའི་འགནབཞེས།   1992ལོར་པེ་ཅིང་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པར་བདམས།  1995-2000ལོ་བར་སྔ་ཕྱིར།  པེ་ཅིན་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། པེ་ཅིང་གྲོང་ཁྱེར་སྲིད་གྲོས་ཨུ་ཡོན་སོགས་སུ་བདམས། 2002ལོར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་སྐབས་བདུན་པའི་འཐུས་མིའི་ཚོགས་ཆེན་གྱི་ལས་འཛིན་པར་བདམས། 2009ལོར་པེ་ཅིན་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བདམས།

བློ་གྲོས་རྒྱ་མཚོ།(བོད་རིགས།)
            བློ་གྲོས་རྒྱ་མཚོ། བོད་རིགས།  ད་ལྟ་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན། 2013ལོའི་ཟླ་1ཚེས་17ཉིན།  སྲིད་གྲོས་སྐབས་དགུ་བའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་ཐོག  བློ་གྲོས་རྒྱ་མཚོ་སྲིད་གྲོས་སྐབས་བཅུ་བའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས་པར་གྲོས་འཆམ་བྱུང་།  2018ལོའི་ཟླ་1ཚེས་24ཉིན།  སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བའི་ཐོག  བློ་གྲོས་རྒྱ་མཚོ་མཆོག་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས་པ་གྲོས་འཆམ་བྱུང་།

སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ།(བོད་རིགས།)
           སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཕོ། 1955ལོའི་ཟླ་12པར་སྐྱེས། བོད་ལྗོངས་ནག་ཆུའི་མི་ཡིན། 1980ལོའི་ཟླ་7པར་ལས་ཀར་ཞུགས། ལས་ཐོག་ཆེད་སྦྱོང་སློབ་གྲྭ་ཆེན་མོའི་ཡོན་མཚན་ཡོད། ད་ལྟ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ།བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་བཅས་ཀྱི་འགན་ཁུར་ཡོད།   2018ལོའི་ཟླ་1ཚེས་29ཉིན།  བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།  སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས།

སྒོ་མང་ཚང་བློ་བཟང་བརྩོན་འགྲུས་རྒྱ་མཚོ། (བོད་རིགས།)
           སྒོ་མང་ཚང་བློ་བཟང་བརྩོན་འགྲུས་རྒྱ་མཚོ། བོད་རིགས། ཀན་སུའུ་བླ་བྲང་དགོན་པའི་སྤྲུལ་སྐུ་ཡིན། ད་ལྟ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན། 2018ལོའི་ཟླ་1ཚེས་24ཉིན།  སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བའི་ཐོག   སྒོ་མང་ཚང་བློ་བཟང་བརྩོན་འགྲུས་རྒྱ་མཚོ་མཆོག་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས།

སངས་རྒྱས་རྒྱ་མཚོ། (སོག་རིགས།)
           ཞིན་ཅང་པ་དབྱིན་ཀུའོ་ལེ་སོག་རིགས་རང་སྐྱོང་ཁུལ་ཧོ་ཅིན་རྫོང་པཱ་ལོན་ཐའེ་དགོན་པའི་མཁན་པོ་ཡིན།  རྫོང་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ།ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན།  རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་ཀྱི་འགན་ཁུར་ཡོད།

བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན།(མོ། བོད་རིགས།)
            བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། མོ། བོད་རིགས།1942ལོའི་ཟླ12པར་སྐྱེས། བོད་ལྗོངས་ལྷ་སའི་མི་ཡིན།བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ།  1955ལོའི་ཟླ་5བར་ལས་ཀར་ཞུགས།དམའ་རིམ་སློབ་འབྲིང་གི་ཡོན་མཚན་ཡོད།   ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།  རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་ཁུར་ཡོད།

ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས།(བོད་རིགས།)
            ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། ཕོ།1950ལོའི་ཟླ་9བར་སྐྱེས།  བོད་ལྗོངས་ལྷ་སའི་མི་ཡིན། 1956ལོའི་ཟླ་10བར་ལས་ཀར་ཞུགས། དམའ་རིམ་སློབ་འབྲིང་གི་ཡོན་མཚན་ཡོད། ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་ཁུར་ཡོད།  2018ལོའི་ཟླ་1ཚེས་29ཉིན།  སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག  ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་མཆོག་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས།
ཀྲུང་ཧྭ་རྒྱལ་ཡོངས་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་མཉམ་འབྲེལ་ལྷན་ཚོགས།

དགེ་ལེགས་རྒྱ་མཚོ། (བོད་རིགས།)
           དགེ་ལེགས་རྒྱ་མཚོ། ཕོ།1951ལོར་བོད་ལྗོངས་ཆབ་མདོར་སྐྱེས། དེ་སྔོན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བྱམས་པ་གླིང་དགོན་གྱི་བླ་སྤྲུལ་ཆེན་པོ་བཞི་གྲས་ཡིན། ལོ་བརྒྱད་ལ་སོན་དུས་ཕ་མ་དང་མཉམ་དུ་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས།  སུའེ་ཙེར་སུའུ་ལིས་ཧྲིར་གཞིས་སྡོས་བྱས། 2011ལོར་དགེ་ལེགས་རྒྱ་མཚོས་ཆུང་མ་ཁྲིད་ནས་ཕྱིར་ལྷ་སར་ལོག་སྟེ་གཞིས་ཆགས་གནང་། ད་ལྟ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན།
གྲངས་ཉུང་མི་རིགས།

2018ལོའི་ཟླ་3ཚེས་3ཉིན།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྟག་ཚ་སྤྲུལ་སྐུས་མི་དམངས་ཚོགས་ཁང་ཆེན་མོའི་མདུན་དུ་དྲན་རྟེན་པར་བླངས།
           སྟག་ཚ་སྤྲུལ་སྐུ།(བོད་རིགས།)ཕོ། སི་ཁྲོན་མཛོད་དགེ་རྫོང་གི་མི་ཡིན། 1967ལོའི་ཟླ་7པར་སྐྱེས། 2006ལོའི་ཟླ་11པར་ལས་ཀར་ཞུགས། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན།   ཆེད་སྦྱོང་སློབ་གྲྭ་ཆེན་མོའི་ཡོན་མཚན་ཡོད། ད་ལྟ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ།  མཛོད་དགེ་རྫོང་སྟག་ཚ་དགོན་པའི་མཁན་པོ་གནང་ཡོད།

དཔལ་ལྡན་རྡོ་རྗེ།(བོད་རིགས།)
             དཔལ་ལྡན་རྡོ་རྗེ། ཕོ།  1949ལོའི་ཟླ་4པར་སྐྱེས། སི་ཁྲོན་ཞིང་ཆེན་ལི་ཐང་གི་མི་ཡིན། 1962ལོའི་ཟླ་2པར་ལས་ཀར་ཞུགས། འབྲིང་རིམ་ཆེད་སྦྱོང་གི་ཡོན་མཚན་ཡོད།  ད་ལྟ་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། དཀར་མཛེས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འགན་ཁུར་ཡོད།