ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༨ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > མི་དམངས་འཐུས་ཚོགས།

2017ལོའི་ལོ་འཁོར་གྱི“ཀྲུང་གོར་སེམས་འགུལ་ཐེབས་པའི”མཛད་སྒོ་དོ་དགོང་སྤེལ་རྒྱུ་ཡིན་ལ། བོད་ལྗོངས་ཀྱི་ཡུལ་སྨད་ཤང་གི་ལྕམ་སྲིང་གཉིས་འོས་མིར་ཚུད་ཡོད་འདུག

སྤེལ་དུས 2018-03-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལགྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས1ཉིན་གྱི་དགོང་མོ་ཆུ་ཚོད20ཡི་སྟེང་།“2017 ལོའི་ལོ་འཁོར་གྱི་ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣར་བྱ་དགའ་སྤྲོད་པའི་མཛད་སྒོ》དེ་ཀྲུང་དབྱང་བརྙན་འཕྲིན་དྲ་བ་ནས་ཐོག་མར་གཏོང་རྒྱུ་ཡིན་ལ།  བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་གྲོང་མི་སྒྲོལ་དཀར་དང་གཡང་འཛོམས་ལྕམ་སྲིང་གཉིས་འོས་མིར་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས།
          2017ལོའི་ཟླ10པར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་མི་སྒྲོལ་དཀར་དང་གཡང་འཛོམས་ལྕམ་སྲིང་གཉིས་ལ་འཕྲིན་ལན་སྤྲིངས་ཤིང་། འཕྲིན་ཡིག་ཏུ། མཚོ་ངོས་ལས་ས་བབ་མཐོ་ཚད་སྨི་3600ལྷག་ཙམ་དང་།ལོ་རེར་གངས་བབས་ནས་ལོ་ཕྱེད་ལྷག་ཙམ་ལ་རི་ལམ་འགག་ནས་ཡོད་པའི་མཐའ་མཚམས་ས་མཐོའི་སྟེང་། ཁྱེད་ཕ་བུ་མི་རབས་གཉིས་ཀྱིས་ལོ་ངོ་བཅུ་ཕྲག་དུ་མ་ཉིན་གཅིག་ལྟར་བརྩིས་ནས་མེས་རྒྱལ་གྱི་མངའ་ཁོངས་ས་ཁུལ་ཁུ་སིམ་མེར་སྲུང་སྐྱོབ་བྱས་པའི་སྙིང་སྟོབས་དེ་རིགས་ལ་མི་རྣམས་ཡིད་སྨོན་འཆོར་པ་རེད། ངས་ཁྱེད་ཚོ་དང་། དུས་ཡུན་རིང་པོར་མཐའ་མཚམས་བརྟན་སྲུང་ལ་བློ་དཀར་ལེགས་སྐྱེས་འབུལ་མཁན་བློ་མཐུན་ཡོངས་ལ། བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བྲིས་འདུག

སྒྲོལ་དཀར་དང་གཡང་འཛོམས་ལྕམ་སྲིང་གཉིས་ཀྱིས་ཧ་ཅང་སེམས་འགུལ་ཐེབས་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ལ་བལྟ་བཞིན་པ།
ཀྲུང་དབྱང་བརྙན་འཕྲིན་དྲ་བའི་ཀྲུང་གོར་སེམས་འགུལ་ཐེབས་པའི་འོས་མིའི་མཛད་རྗེས་ངོ་སྤྲོད་བྱེད་སྐབས། འཕྲིན་ཡིག་འདིའི་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་བཀོད་ཡོད་པ་རེད།
          ཡུལ་སྨད་ཤང་ནི་མེས་རྒྱལ་ལྷོ་ནུབ་མཐའ་མཚམས་སུ་གནས་ཡོད་ལ། 1964ལོ་ནས1996ལོའི་བར་གྱི་ལོ་ངོ34 ཡི་ནང་། སངས་རྒྱས་ཆོས་པ་ཚང་ནི་འདི་གར་གཞིས་ཆགས་པའི་མི་ཚང་གཅིག་པུ་ཡིན་ཏེ།  ཕ་རྒན་གཅིག་དང་བུ་མོ་གཉིས། སྡོད་ཁང་གཅིག  དེ་ནི་ཤང་སྲིད་གཞུང་ཡིན་ལ་ཁོ་ཚོའི་གཞིས་ཁྱིམ་ཡང་རེད། ཕ་སངས་རྒྱས་ཆོས་པ་ནི་ས་གནས་དེ་གའི་དམངས་དམག་རྒན་པ་ཞིག་ཡིན་ལ།  ལོ་ངོ34ཡི་རིང་ཕྱུགས་འཚོ་ཞོར་མཐའ་མཚམས་སྲུང་ནས་གནས་འདི་དང་ཁ་བྲལ་མྱོང་ཡོད་པ་མ་རེད། སྒྲོལ་དཀར་དང་གཡང་འཛོམས་ལྕམ་སྲིང་གཉིས་ནི་ཕ་རྒན་གྱི་སྣེ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་ཤིང་། དུས་རབས་ཕྱེད་ཀའི་ལྷག་ཙམ་གྱི་རིང་ལ།  ཕ་བུ་གསུམ་གྱིས་འབྲོག་ལས་ལ་བརྟེན་ལས་འཚོ་བ་རོལ་ཞིང་མེས་རྒྱལ་གྱི་ས་ཁོངས་སྤྱི་ལེ་གྲུ་བཞི་མ་སྟོང་ཕྲག་ཁ་ཤས་བརྟན་སྲུང་གནང་པ་རེད། ཕ་སངས་རྒྱས་ཆོས་པས་རྟག་ཏུ་སྒྲོལ་དཀར་དང་གཡང་འཛོམས་ལ“གལ་ཏེ་ང་ཚོ་ཕྱིན་སོང་པ་ཡིན་ན། རྒྱལ་ཁོངས་ཀྱི་ས་ཆ་འདིའི་སྟེང་མི་མེད་སོང་པ་རེད”ཅེས་གསུང་མྱོང་ལ། གསུང་འདི་ནི་བུ་མོ་གཉིས་ཀྱིས་མི་ཚེ་གང་ངོར་སེམས་ལ་དམ་པོར་བཅིངས་པ་རེད། ཁོ་ཚོས་ཀྱང་ས་ཞིང་སྲུང་སྐྱོབ་བྱས་པ་ནི་རྒྱལ་ཁབ་སྲུང་སྐྱོབ་བྱས་པ་ཡིན་པ་གསལ་པོར་རྟོགས་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོང་ཚོའི་བྱས་རྗེས་དེ་ཤེས་རྗེས།  ཟླ10བའི་ཚེས29ཉིན་གྱི་སྔ་དྲོར། བྱ་བའི་བྲེལ་ཟིང་ཁྲོད་དུས་ཚོད་བཙལ་ནས་མི་ཚེ་ཕྱེད་ཀ་ཟིན་པའི་ལྕམ་སྲིང་གཉིས་ལ་འཕྲིན་ལན་བྲིས་ཏེ། ཁོ་གཉིས་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།
          ལྕམ་སྲིང་གཉིས་ཧ་ཅང་སེམས་འགུལ་ཐེབས་བཞིན་དུ། ཨ་ཅག་སྒྲོལ་དཀར་གྱིས“སྤྱི་ཁྱབ་ཧྲུའུ་ཅིའི་ལས་ཀར་བྲེལ་བ་ཆེན་པོ་ཡོད་ལ། ང་ཚོས་འཕྲིན་ཡིག་འབྲི་དུས་འདི་འདྲའི་མྱུར་མོའི་ངང་ཁོང་གིས་ང་ཚོར་འཕྲིན་ལན་སྤྲིངས་པ་ནི་དངོས་གནས་བསམ་ཡུལ་ལས་འདས་སོང”ཞེས་བཤད་བྱུང་། ད་ལྟ། སྒྲོལ་དཀར་དང་གཡང་འཛོམས་ལྕམ་སྲིང་གཉིས་ལས་འཁྱུར་ངལ་གསོ་བྱས་ཟིན་ནའང་།    ཡུལ་སྨད་ཤང་ལ་ལྟ་སྲུང་བྱེད་པའི་འགན་འཁྲི་ནི་སྔར་བཞིན་ཁྱིམ་རྒྱུད་འདིའི་རྒྱུན་འཛིན་གནང་ཡོད་པ་རེད། བསོད་ནམས་གཡང་འཛོམས་ཀྱི་བུ་བསོད་ནམས་དོན་གྲུབ་ཀྱིས་རང་འགུལ་ངང་ཤང་གི་གཞུང་ཞབས་པར་རྒྱུགས་སྤྲད་ནས“ ཡུལ་སྨད་ཤང་འཛུགས་སྐྲུན་དེ་བས་ལེགས་པ་བྱེད་པར” ཆོད་སེམས་བརྟན་པོ་བཅིངས་ཡོད་པ་རེད།
          ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི“ཀྲུང་གོར་སེམས་འགུལ་ཐེབས་པའི” སྙིང་སྟོབས་ཀྱི་ལེ་ཚན་གྲགས་ཅན་ནི2002 ལོ་དབུ་ཚུགས་པ་ནས་བཟུང་། ལོ་རེར་སྤྱི་ཚོགས་ལས་རིགས་ཁག་ལས་མི་སྣ་བཅུ་བདམས་ནས་སྐྱེ་བོ་ཕལ་པ་རྣམས་ཀྱི་སྟོབས་ཤུགས་མངོན་པ་དང་།  སྤྱི་ཚོགས་ཀྱི་དྲོད་ཚད་མངོན་པར་མཚོན་ནས་གཟིགས་མོ་བ་རྣམས་ཀྱིས“ ཀྲུང་གོར་དྲོ་སྐྱིད་སྦྱིན་ཡོད་ལ།ང་ཚོར་སེམས་འགུལ་ཐེབས་སུ་བཅུག་པའི”གཏམ་རྒྱུད་མངོན་ཡོད་པ་རེད། ལོ་ངོ་བཅུ་ལྷག་ཙམ་རིང་ལ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་མི་སྒེར་དང་ཐུན་མོང་མང་པོ་ཞིག་ལ་མཚན་སྙན་དེ་ཐོབ་ཡོད་པ་རེད།
          2005ལོར། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་མཁན་ལ“ཀྲུང་གོར་སེམས་འགུལ་ཐེབས་པའི”“དམིགས་བསལ་བྱ་དགའ”ལ་བདམས་པ་དང་། ཁོ་ཚོས་དཀའ་ངལ་ལ་མ་འཛེམ་པར་ལོ་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་ཚེ་སྲོག་གི་བཀག་སྡོམ་ཁུལ་དུ་འཛམ་གླིང་ཐོག་ཆེས་རླབས་ཆེན་གྱི་ལྕགས་ལམ་འཛུགས་སྐྲུན་གནང་པའི་འབད་འཐབ་ཀྱི་སྙིང་སྟོབས་ལ་གུས་འདུད་ཞུས་པ་རེད། 2008ལོར་བོད་ཀྱི་རི་འཛེག་ལུས་རྩལ་པ། དཔལ་འབར་དེ་སའི་གོ་ལའི་ཆེས་མཐོ་སར་སྒྲོན་མཁན་བོད་རིགས་དཔལ་འབར་འཁྱེར་མཁན་སྐྱིད་སྐྱིད་ལ་ལོ་དེའི“ཀྲུང་གོར་སེམས་འགུལ་ཐེབས་པའི”མི་སྣ་ཆེན་པོ་བཅུ་ལ་བདམས། 2010 ལོར། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཤུལ་རྫོང་སྐྱེ་རྒུ་མདོ་གྲོང་རྡལ་བཀྲ་ཤིས་དར་ཐང་ཚོ་ཁག་གསུམ་པའི་ཚོ་དཔོན་ཚེ་དབང་གིས་ཡུལ་ཤུལ་ས་ཡོམ་གནོད་སེལ་ཁྲོད་བརྩེ་བ་ཆེན་པོ་མངོན་ཡོད་པས།ལོ་འཁོར་གྱི“ཀྲུང་གོར་སེམས་འགུལ་ཐེབས་པའི” མི་སྣ་ཆེ་གྲས་བཅུ་ལ་བདམས་པ་དང་།“ཕོ་རྒོད”ཀྱི་མཚན་སྙན་སྤྲད་པ་རེད།  2013 ལོར། བྱིས་པ་རྣམས་སློབ་གྲྭར་ཞུགས་ཐུབ་ཆེད།ཆེས་མཇུག་མཐར་གཞུང་ལམ་ཤར་གཏོང་བྱུང་པའི་མེ་ཏོག་རྫོང་དུ་དགེ་རྒན་གྱི་ལས་གནས་བརྟན་སྲུང་བྱས་ནས་ལོ12འགོར་པའི་སྐལ་བཟང་བདེ་སྐྱིད་ཀྱིས“ བརྩེ་སེམས་གང་གིས་མི་ཚོགས་ཤིག་གི་སེམས་ལ་དྲོད་ཁོལ་སྦྱིན་པ་དང་།  འོད་སྣང་གང་གིས་རི་ལུང་གི་འོད་མདངས་དེ་བས་མང་པོར་བཀྲག་མདངས་འཚེར་བར་བྱས་པས”2013ལོའི་སེམས་འགུལ་ཐེབས་པའི་་མི་སྣ་ཆེ་གྲས10 ཡི་གྲས་ཀྱི་གཅིག་ལ་བདམས་པ་རེད།