ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༨ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > མི་དམངས་འཐུས་ཚོགས།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་གནང་བ།

སྤེལ་དུས 2018-01-29 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཉི་ཆོས།
           ཚེས་27ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོས་ཚོགས་ཆུང་ཁག་བགོས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་གྲོས་ཞིབ་གནང་བ་རེད། 
           ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཏིང་ཡེ་ཤན། ཀྲོང་ཡན། ནོར་བུ་དོན་གྲུབ། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས་བཅས་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ནང་སོ་སོར་ཞུགས་པ་རེད། 
           རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས། འཐུས་མི་ཚོས་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་དང་གཟབ་ནན་དོན་གཉེར་གྱི་ལས་ཀའི་རྣམ་འགྱུར་ཐོག་ནས་རང་རང་སོ་སོའི་བསམ་ཚུལ་ལྷུག་པོར་གླེང་སྟེ་གྲོས་བསྡུར་འཁྲུག་པོ་ཞིག་གནང་བ་རེད། འཐུས་མི་ཚོས་འདས་ཟིན་པའི་ལོ་ལྔའི་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་པ་དང་། ཏང་གིས་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་བྱ་རྒྱུ་གཅིག་གྱུར་ནུས་ལྡན་ཡོང་བ་བྱས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་ས་གནས་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏིང་ཟབ་བཏང་བ། མི་དམངས་འཐུས་ཚོགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་པ། ཁྲིམས་ལྟར་ལྟ་སྐུལ་བྱས་པ། འཐུས་མིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། འགན་ནུས་སྒྲུབ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་བཅས་བྱས་པས་ལས་དོན་ཁག་གོམ་སྟབས་གསར་པ་སྤོ་ཐུབ་པ་བྱུང་བ་དང་། གྲུབ་འབྲས་གསར་པ་ཐོབ་པ་མ་ཟད། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བའི་ངོས་འཛིན་གཅིག་མཐུན་གནང་བ་རེད། 
           རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས། འཐུས་མི་ཚོས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མཛུབ་ཁྲིད་ནུས་ལྡན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནུས་ལྡན། སྲིད་གཞུང་དང་སྲིད་གྲོས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཀྱི་འོག་ཏང་གི་བྱ་གཞག་བླ་ན་མེད་པ་དང་། མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པ་། རྩ་ཁྲིམས་དང་བཅའ་ཁྲིམས་བླ་ན་མེད་པ་བཅས་མཐའ་འཁྱོངས་བྱས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་ལས་དོན་གྱི་བརྗོད་དོན་གཙོ་བོ་ཏན་ཏིག་ངང་ལག་ལེན་གཏིང་ཟབ་བསྟར་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་སྤྱི་ཚོགས་དུས་བདེར་ཤུགས་རྐྱེན་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནུས་ལྡན་བཏང་བ། སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ་དང་། སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད། གཞུང་དྲང་སྤྱོད་གཙང་ངང་ཁྲིམས་འཛིན་བཅས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་བཅས་ལས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་མ་ཟད། ད་དུང་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཡོད་རྒུ་གཏོང་རྒྱུར་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱས་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད། 
           རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས། འཐུས་མི་ཚོས་ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ། སྲིད་གཞུང་དང་། སྲིད་གྲོས། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཀྱི་འོག་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་གྱིས་བསྒྲུབས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་རིམ་བྱུང་གི་གྲོས་ཆོད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་། རང་ངོས་ཀྱི་ལྟ་སྐུལ། གཞི་རིམ་རྨང་གཞི་འཛུགས་སྐྲུན། གཞི་རིམ་དཔུང་ཁག་འཛུགས་སྐྲུན་བཅས་བྱེད་ཤུགས་ཆེ་རུ་བཏང་བར་འཕེལ་རྒྱས་གསར་པ་བྱུང་ལ་ཡར་རྒྱས་གསར་པའང་བྱུང་བའི་ངོས་འཛིན་གཅིག་མཐུན་གནང་བ་རེད།