དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༨ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > གསར་འགྱུར།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གསར་འགོད་པའི་ཆེད་དོན་ཚོགས་འདུ་སྐོང་འཚོགས་བྱས་པ།

སྤེལ་དུས 2018-03-12 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། རིན་ཆེན་དབང་འདུས།
             སྤྱི་ཚེས་༡༡ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲེན་ཁྲུན་ཡའོ་དང་ཀྲུའུ་རིན་གཞོན་པ་ཀྲེང་ཧྲུའུ་ན་ནས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་འབྲེལ་ཡོད་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་ཡོད་པ་རེད།
             ཧྲེན་ཁྲུན་ཡའོ་ཡིས། ད་ཐེངས་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ནི་ཁྲིམས་ལུགས་ནང་གཏན་འཁེལ་བྱས་པའི་གོ་རིམ་ལ་དམ་པོར་གཞིགས་ནས་བཟོ་བཅོས་བྱས་པ་ཞིག་ཡིན་པ་དང་། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་ཁྱོན་དོན་ཚན་༢༡ཡོད་པ་རེད། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མཛུབ་ཁྲིད་གོ་གནས་གཏན་འཁེལ་བྱས་ཡོད་ཅེས་གསུངས་པ་དང་། ཁོང་གིས། ད་ཐེངས་རྩ་ཁྲིམས་བཟོ་བཅོས་བྱས་པའི་ནད་དོན་གལ་ཆེན་ཞིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ནང་བཅུག་པ་དེ་ཡིན་པ་དང་། དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་སེམས་འདུན་མཚོན་པར་བྱས་ཡོད་ཅེས་བསྟན་ཡོད་པ་རེད།
             རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་ལ་གཞིགས་ཏེ། རྩ་ཁྲིམས་ཀྱི་ལེའུ་དང་པོའི་སྤྱིའི་རྩ་འཛིན་གྱི་དོན་ཚན་དང་པོའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་རང་བཞིན་གྱི་ཁྱད་ཆོས་ཡིན་ཞེས་པ་ཁ་སྣོན་བྱས་ཡོད། དེ་ནི་རྩ་ཁྲིམས་ཀྱི་གླེང་གཞི་ཕུད་ཀྲུང་གོ་གུང་ཁྲན་ཏང་ཞེས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཞེས་པ་རྩ་ཁྲིམས་ཀྱི་དཀྱུས་ཡིག་ནང་ཐོན་ཐེངས་དང་པོ་དེ་ཡིན་པ་དང་། གཏན་འབེབས་དེ་རིགས་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་མིན་ཐད་ཧྲེན་ཁྲུན་ཡའོ་ཡིས། དང་པོ་ནི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བྱས་པའི་རྩ་བའི་རང་བཞིན་གང་ལེགས་མངོན་པར་བྱས་པ་དང་། གཉིས་པ་ནི། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཁྱོན་ཡོངས་རང་བཞིན་མངོན་པ། གསུམ་པ་ནི། ཏང་གིས་འགོ་ཁྲིད་བྱས་པའི་དུས་རབས་རང་བཞིན་མངོན་པ་བཅས་ཡིན། དེར་བརྟེན་ད་ཐེངས་ཀྱི་རྩ་ཁྲིམས་བཟོ་བཅོས་ནི་སྔར་ཡོད་ཀྱི་རྨང་གཞིའི་སྟེང་གོམ་གང་མདུན་སྤོས་ཀྱིས་ཤུགས་སྣོན་དང་། གཏིང་ཟབ། རྒྱ་བསྐྱེད་བཅས་བཏང་བ་ཞིག་ཡིན་པས། དེར་ཆབ་སྲིད་ཀྱི་དོན་སྙིང་དང་ཁྲིམས་སྐྱོང་གི་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་བསྟན་ཡོད།
             ཧྲེན་ཁྲུན་ཡའོ་དང་ཀྲེན་ཧྲུའུ་ན་ནས་ད་དུང་རྒྱལ་ཁབ་ཀྱི་ལས་ཁུངས་ནང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་སོགས་གསར་སྣོན་བྱས་པའི་གནད་དོན་ཐད་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་ཡོད་པ་རེད།