ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༨ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > འཐུས་མི་དང་ཨུ་ཡོན།

བོད་ལྗོངས་ཀྱིས་སྲིད་གྲོས་ཨུ་ཡོན་གྱི་གྲངས་ཚད་ཇེ་ཉུང་དུ་བཏང་ཡང་ཆོས་ལུགས་སྡེའི་བསྡུར་གྲངས་ནི་སྔར་བཞིན་ཀྲུང་གོའི་ཆེས་མཐོ་ཤོས་རེད།

སྤེལ་དུས 2018-01-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།

ཟླ1ཚེས23ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ལྷ་སར་འཚོགས་ཤིང་། པར་འདི་ནི་ཆོས་ལུགས་སྡེའི་ཨུ་ཡོན་གྱིས་སྲིད་གྲོས་ལས་དོན་སྐོར་གྱི་སྙན་ཞུར་གསན་བཞིན་པ་རེད།
          ཟླ1ཚེས23ཉིན། གྲྭ་བཙུན80ཡིས་ལུས་ལ་ངུར་སྨིག་གཟན་ཤམ་གྱོན་ཏེ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་སླེབས་འདུག་ཅིང་། ཁོང་ཚོ་ནི་ཀྲུང་གོའི་ས་གནས་སྲིད་གྲོས་ཁྲོད་གྲངས་འབོར་ཆེས་མང་ཤོས་ཀྱི་ཆོས་ལུགས་སྡེའི་སྲིད་གྲོས་ཨུ་ཡོན་གྱི་ཚོགས་སྡེ་ཞིག་ཞིག་རེད།
          ཚེས23ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང(གཤམ་དུ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཞེས་བསྡུས)གྲོས་ཚོགས་ཐེངས་དང་པོ་ལྷ་སར་འཚོགས།
          བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཚོགས་འདུ“ཁུ་བསྡུ”བྱས་ཏེ་འཚོགས་ཤིང་། ཨུ་ཡོན་གྱི་གྲངས་ཚད་ཀྱང་འོས་འཚམ་གྱིས་ཉུང་དུ་བཏང་ཡོད་པ་རེད། སྐབས་གསར་པའི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ལ་ཨུ་ཡོན་ཁྱོན་བསྡོམས519ཡོད་པ་དང་། སྐབས་སྔོན་མའི་མི་གྲངས615ཡི་གཞི་ཁྱོན་ལས15.6%གིས་ཇེ་ཉུང་དུ་སོང་ཡོད། སྐབས་གསར་པའི་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་ཁྲོད་ཆོས་ལུགས་སྡེའི་མི་སྣ་ཁྱོན་བསྡོམས80ཡོད་ལ། ལས་རིགས་སྡེ16ནང་ནས་བསྡུར་གྲངས་མཐོ་ཤོས་ཟིན་ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀའོ་ཡང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལོ་ལྔའི་རིང་ལ་ཁྱོན་བསྡོམས་གྲོས་གཞི2405བདག་སྤྲོད་བྱས་ཡོད་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི2347ཐོ་འགོད་ནང་ཚུད་པར་བྱས་ཡོད།  2017ལོའི་ལོ་མཇུག་བར། གྲོས་གཞི་ཚང་མར་སྒྲུབ་ལན་བཏབ་ཚར་ཞིང་། སྒྲུབ་ལན་སློག་ཚད100%སླེབས་ཡོད་པ། ཨུ་ཡོན་ཡིད་ཚིམ་དང་ཕལ་ཆེར་ཡིད་ཚིམ་ཚད98% ཡན་ཟིན་ཡོད། ཁོང་གིས་དེའི་ཁྲོད་གྲོས་གཞི་ཕྱེད་གྲངས་ལས་བརྒལ་བ་ནི་ཐག་གཅོད་བྱས་ཟིན་པའམ་ཡང་ན་གྲོས་གཞི་དག་དང་ལེན་བྱེད་པའི་དགོངས་འཆར་བཏོན་འདུག  གྲོས་གཞི་གཞན་དག་ནི་ཐག་གཅོད་བྱེད་རྩིས་ཡོད་པའམ་དང་ལེན་གྱི་ཁྱབ་ཁོངས། ཡང་ན་དཔྱད་གཞིར་རུང་པའི་གྲས་སུ་བཞག་ཡོད་ཅེས་ངོ་སྤྲོད་གནང་བྱུང་།
          “གཞི་གྲངས་ཆེན་པོའི”ངོས་ནས་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱིས་འགན་ནུས་སྒྲུབ་ཚུལ་གནས་ཚུལ་ལ་བལྟས་ན། ཨུ་ཡོན་རྣམས་ཀྱིས་འཕེལ་རྒྱས་དང་བརྟན་བརླིང་།  སྐྱེ་ཁམས། དམངས་འཚོར་དོ་ཁུར་ཆེན་པོ་གནང་གི་ཡོད་དེ། འབྲེལ་ཡོད་གྲོས་གཞིའི་སྤྱིའི་བསྡུར་གྲངས་ཟིན་ཚད86%ཟིན་ཡོད་ལ། ཨུ་ཡོན་རྣམས་ཀྱིས་བོད་ལྗོངས་ཀྱི་འཕེལ་རྒྱས་མགྱོགས་པོར་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད། ལོ་ལྔའི་ནང་འབྲེལ་ཡོད་གྲོས་གཞི851བཏོན་ཡོད་ལ། ཐོ་འགོད་བྱས་པའི་གྲོས་གཞིའི་བསྡོམས་འབོར་གྱི36%ཟིན་ལ། དེའི་ནང་དྲ་སྦྲེལ་དངུལ་རྩའི་དཔལ་འབྱོར་འཕེལ་རྒྱས་གཏོང་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་པ་སོགས་འདུས་ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བསྟན་ཁོས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྔའི་རིང་བོད་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་རྒྱལ་ཁབ་ཀྱི་གཅིག་གྱུར་དང་བདེ་འཇགས། མི་རིགས་མཐུན་སྒྲིལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་པ་ཡིན་ལ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཞིང་ཆེན་རིམ་པའི་སྲིད་གྲོས་འཐུས་མི་ཚོགས་པ6རྩ་འཛུགས་བྱས་ནས་རྒྱ་གར་དང་འཇར་མན། ཀེ་རི་སེ། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ10ལྷག་ཙམ་ལ་འཚམས་འདྲི་གནང་པ་དང་། བོད་ལྗོངས་ཀྱི་གནས་ཚུལ་དྲིལ་བསྒྲགས་ཡག་པོ་གནང་ཡོད་པ་རེད།
          ཤེས་རྟོགས་བྱུང་པར་གཞིགས་ན། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ལོ་རེར་ལྷ་སར་བཅའ་སྡོད་བལ་བོའི་སྤྱི་ཁྱབ་གཞུང་ཚབ་ལས་ཤག་གི་དཔོན་རིགས་གདན་འདྲེན་ཞུས་ནས་གྲོས་ཚོགས་ཟུར་ཉན་གནང་དུ་བཅུག་ནས་བོད་ལྗོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉམས་སུ་མྱངས་འདུག