རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཕེབས་པའི་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་དང་གྲོས་བསྡུར་གནང་སྐབས། གཅིག་མཐུན་སྒོས་ཏང་ཀྲུང་དབྱང་གི་རྩ་ཁྲིམས་བཟོ་བཅོས་ཀྱི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་སྲུང་སྐྱོབ་གནང་རྒྱུ་དང་། ་རྩ་ཁྲིམས་བཟོ་བཅོས་སྐོར་གྱི་འཆར་ཟིན་ལ་ཡོངས་སུ་མོས་མཐུན་ཡོད་ཅིང་། རྣམ་དག་གིས་རྩ་ཁྲིམས་ལ་གོང་བཀུར་ཞུ་མཁན་དང་རང་རྟོགས་ཀྱིས་བརྩི་སྲུང་བྱེད་མཁན། བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་མཁན་བཅས་བྱས་ཏེ་རྩ་ཁྲིམས་ཀྱི་འོད་ཟེར་གངས་ལྗོངས་ས་མཐོའི་ས་ཆ་ཀུན་ལ་ཁྱབ་པར་བྱས་ཏེ་དུས་རབས་གསར་པའི་འབད་འཐབ་ཁྲོད་རླབས་ཆེན་གྱི་བྱ་གཞག་བསྐྲུན་རྒྱུ་ཡིན་ཞེས་བསྟན་བྱུང་།
རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་ཏེ་རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག་ཡིན་ཞིང་། ཏང་དང་མི་དམངས་ཀྱི་འདོད་བློ་གཅིག་བསྡུས་ཀྱིས་མཚོན་གྱི་ཡོད་པ་རེད། རྩ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱིས་རང་རྒྱལ་གྱིས་ད་ལྟ་སྤྱོད་བཞིན་པའི་རྩ་ཁྲིམས་ཀྱི་ནང་དོན21ལ་བཟོ་བཅོས་བརྒྱབ་ཡོད་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྩ་ཁྲིམས་སུ་བཀོད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པར་གཏན་ལ་ཕབ་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ནང་བཀོད་པ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་རེད། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་བགྲོད་ལམ་ཀྱག་ཀྱོག་ཡིན་ལ་ཁོད་སྙོམས་པོ་ཞིག་མིན་པ་དང་། གནས་བབ་ཛ་དྲག་ཆེ་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱ་དགོས་པའི་སློབ་སྟོན་བསམ་བློའང་རེད་ཅེས་བསྟན་བྱུང་།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་སྒྲོལ་དཀར།
རྩ་ཁྲིམས་ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཡིས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་སློབ་སྟོན་གོ་གནས་གཏན་འཁེལ་གནང་པ་དེས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་མཚོན་ཡོད་ལ། ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་བྱུང་པའང་མངོན་ཡོད་ཅིང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞིའང་གསལ་པོར་བཏང་ཡོད་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཐུབ་བསྟན་མཁས་གྲུབ།
རྩ་ཁྲིམས་ཀྱི་ནང་དོན་ཁག་ཅིག་ལ་བཟོ་བཅོས་བརྒྱབ་པ་དེས་མི་དམངས་ཀྱི་འདོད་བློ་དང་རྒྱལ་ཁབ་ཀྱི་འདོད་བློ་གང་ལེགས་མཚོན་ཡོད་པས། དུས་རབས་འདིའི་འཕེལ་རྒྱས་དང་ཧ་ཅང་མཐུན་པོ་ཡོད་པས་ཡོངས་སུ་མོས་མཐུན་ཡོད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་ཡིན།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཕུན་ཚོགས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྩ་ཁྲིམས་ནང་བཀོད་དེ། རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས་དུས་རབས་གསར་པར་རང་རྒྱལ་གྱི་འཕེལ་རྒྱས་གཏོང་པའི་རྩ་བའི་ལས་འགན་དང་འགོ་ཁྲིད་ཀྱི་ལྟེ་བ་གཏན་ཁེལ་གནང་པ་དང་། སྟོབས་ཤུགས་ཡོད་ཚད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་གཏན་འཁེལ་བྱས་པའི་གཙོ་གནད་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། 2020 ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་ཁེག་ཐེག་གནང་པ་དེར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།.
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དབང་འདུས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྩ་ཁྲིམས་ནང་བཀོད་པ་དེས་ནི་དུས་རབས་གསར་པའི་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་རྩ་བའི་ལས་འགན་དང་འབད་འཐབ་དམིགས་འབེན། འཐབ་ཇུས་གོམ་རིམ་སྔར་བས་ཁ་གསལ་བཏང་པ་ཡིན་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་འབད་བརྩོན་ཐད་སྔར་བས་མཐུན་སྒྲིལ་སྐུལ་སློང་བྱེད་པར་ཕན་པ་ལྡན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དཀོན་མཆོག་ཆོས་སྒྲོན།
ཏང་གི་ཚོགས་ཆེན་བཅུ་དགུ་པར་གཏན་ལ་ཕབ་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་བྱེད་ཕྱོགས། སྲིད་ཇུས་བཅས་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྩ་ཁྲིམས་ནང་བཀོད་པ་དེས་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་མངོན་ཡོད་པས། ང་ཚོས་ཁྱོན་ཡོངས་སུ་སྲུང་སྐྱོབ་བྱེད་རྒྱུ་ཡིན།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་རྒྱལ་མཚན།
དུས་ཐོག་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པར་གཏན་ལ་ཕབ་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཛིན་དུས་ཚད་ལམ་ལུགས་འཐུས་ཚང་དུ་གཏོང་པ། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་སོགས་འདུས་པའི་འབྲེལ་ཡོད་ནང་དོན་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ནང་བཀོད་པ་ཤིན་ཏུ་གལ་ཆེན་ཡིན་ཞིང་ཧ་ཅང་དུས་ཐོག་ཏུ་འཁྱོལ་ཡོད་པས། ང་ཚོའི་ཐུན་མོང་གི་བསམ་འདུན་ཡིན།

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་བལྟས་ན། རྩ་ཁྲིམས་ལ་བཟོ་བཅོས་བཏང་པ་དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་ཉམས་མྱོང་གསར་པ། བླང་བྱ་གསར་པ་མངོན་ཡོད་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པ་མ་ཟད། རྩ་ཁྲིམས་དང་བཅའ་ཁྲིམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཡང་མཐུན་པོ་ཡོད་པས། གནས་བབ་ཆེན་པོའི་འཁོར་ཕྱོགས་དང་ཀུན་གྱི་བློ་སེམས་གཏད་ཕྱོགས་རེད། ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་གནང་ནས་སྔར་ལས་དར་རྒྱས་ཆེ་བའི་མེས་རྒྱལ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཆེད་དང་ཞུམ་མེད་སྒོས་མདུན་སྐྱོད་དང་། ནམ་ཡང་འབད་བརྩོན་བླ་ལྷག་བྱེད་དགོས་པར་འདོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་རིང་མཚོ་བརྟན།
རྩ་ཁྲིམས་ནི་སྔར་བས་ལྷག་པའི་སྒོ་ནས་གནས་བབ་གསར་པར་བསྟུན་པ་དང་། ཉམས་མྱོང་གསར་པ་བསྡུ་ལེན། གྲུབ་འབྲས་གསར་པ་གཏན་འཁེལ་བྱས་ནས་ཚད་ལྡན་གསར་པ་བཟོས་ན་ད་གཟོད་ཡུན་རིང་པོའི་ཚེ་སྲོག་གི་སྟོབས་ཤུགས་འཕེལ་ཐུབ་པ་རེད།
རྒྱལ་ཡོངས་ མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད།
རྩ་ཁྲིམས་ལ་བཟོ་བཅོས་འོས་འཚམ་བརྒྱབ་པ་དེའི་ཐོག་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་གང་ལེགས་མཚོན་ཡོད་ལ། ཏང་གི་བཞེད་དགོངས་དང་མི་དམངས་ཀྱི་རེ་འདུན་ཚད་མཐོའི་གཅིག་གྱུར་ཡིན་པའང་མཚོན་ཡོད་པས། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བསོད་ནམས་ཉི་མ་།
ཐེངས་འདིར་རྩ་ཁྲིམས་ལ་བཟོ་བཅོས་གནང་པའི་ཐོག་ནས་ཏང་གི་བཞེད་དགོངས་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་དམ་ཚགས་ཡིན་པ་མཚོན་ལ། ཁྱོན་ཡོངས་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པར་ཕན་ཐོགས་ལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ལམ་ལུགས་ལ་ཕན་ཐོགས་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོབ་བྱ་རྒྱུར་ཕན་ཐོགས་ཡོད་པས། ང་རང་ཡོངས་སུ་མོས་མཐུན་ཡོད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་ཡིན།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཕུར་བུ་དོན་གྲུབ།
རྩ་ཁྲིམས་ལ་བཟོ་བཅོས་གནང་པ་དེ་ནི“ལོ་བརྒྱ་གཉིས” ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་འབྲེལ་བ་ཡོད་ཅིང་། གང་ཡིན་ཚང་མ་གནད་འགག་ཡིན་ལ་། དོན་ཚན་རེ་རེ་གཙོ་གནད་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོབ་བྱེད་པ་མངོན་པར་མཚོན་ཡོད་ལ། དུས་རབས་གསར་པའི་བླང་བྱའང་མཚོན་ཡོད་པས། ཡོངས་སུ་མོས་མཐུན་ཡོད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་ཡིན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་རྒྱལ་ལྷ་མཚོ།
རྩ་ཁྲིམས་ལ་བཟོ་བཅོས་གནང་པར་ཡོངས་སུ་མོས་མཐུན་དང་བརྩི་བཀུར་བྱེད་རྒྱུ་ཡིན་ཏེ། འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་པ་ལག་ལེན་མཐར་ཕྱིན་གནང་པའི་བདེན་དཔང་ནུས་ལྡན་ཞིག་ཡིན་ལ། རང་རྒྱལ་གྱི་གནས་ཚུལ་དངོས་དང་དགོས་མཁོ་དངོས་དང་ཡོངས་སུ་མཐུན་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒོ་གོག
ང་ཚོས་ཐེངས་འདིའི་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དེ་གོ་སྐབས་སུ་བྱས་ཏེ་རྩ་ཁྲིམས་ལ་གོང་བཀུར་དང་རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་སྲུང་སྐྱོབ། རྩ་ཁྲིམས་བེད་སྤྱོད་གཏོང་པར་སྣེ་ཁྲིད་ནས། རྩ་ཁྲིམས་དང་བཅའ་ཁྲིམས་རང་ལྗོངས་སུ་ཕྱོགས་ཡོངས་ནས་ལག་བསྟར་དང་ལག་བསྟར་ཡང་དག་བྱེད་པར་འགན་ལེན་གནང་ཆེད་དང་། ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་དང་། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུ་དང་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས།