དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ། > པར་རིས་གསར་འགྱུར།

ལོ་དྲུག་ཅུའི་རིང་དུ་བོད་མི་དམངས་བདེ་སྐྱིད་ལ་སྙེག་ནས་མདུན་དུ་བསྐྱོད་པ།

སྤེལ་དུས 2019-04-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལོ་དྲུག་ཅུའི་སྔོན་གྱི་དཔྱིད་ཀ་དེར། ལྷ་སའི་སྲང་མདོར་ལུས་པའི་སྤྲང་པོ་དང་དེ་མིན་ཡར་ལུང་གཙང་པོའི་འགྲམ་ངོགས་གཉིས་དང་གཙང་པོ་གསུམ་བཞུར་ཡུལ་གྱི་ཞིང་བྲན།  ད་དུང་བྱང་ཐང་གི་འབྲོག་པ་དབུལ་བོ་དག་གི་ས་ཞིང་གི་གན་རྒྱ་དང་བུ་ལོན་ཚང་མ་མེད་པར་བཟོས་ཤིང་། རྒྱ་ཆེ་བའི་དམངས་གཙོའི་བཅོས་སྒྱུར་ཞིག་ལོ་རྒྱུས་རིང་བའི་མདོ་དབུས་མཐོ་སྒང་ནས་མགོ་བརྩམས། དེ་སྔ་རེ་ཐག་ཆད་པའི་མི་དེ་དག་ལ་སླར་ཡང་ཚེ་སྲོག་གསར་བ་ཞིག་འཐོབ། དགུན་གྱི་ཙག་རླུང་འགེམས་མྱོང་མཁན་གྱིས་ད་གཟོད་ཉི་མའི་དྲོད་ཁོལ་ཚོར་ཐུབ་ལ། མུན་ནག་གི་འཚོ་བ་རོལ་མྱོང་མཁན་གྱིས་ད་གཟོད་འོད་སྣང་ལ་གཅེས་སྤྲས་བྱ་སྲིད། གངས་རིའི་ཕང་ནས་ཤར་བའི་ཉི་མ་ཡིས།། ལྷ་སའི་གྲོང་ལ་གསེར་གྱི་འོད་སྟོང་སྤྲོས།། ཡར་ལངས་ཞིང་བྲན་མཛེས་པའི་རྒྱན་སྤྲས་ཏེ།། ཕ་མ་བུ་ཕྲུག་ལྷན་དུ་གྲོང་གསར་མྱུལ།། ཞེས་པའི་1959ལོ་ནས་ད་ལྟའི་བར་དུ་དར་ཁྱབ་ཆེ་བའི་《གྲོང་གསར་མྱུལ་བ》ཞེས་བྱ་བའི་གླུ་དབྱངས་འདིས་བོད་མི་དམངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཡར་ལངས་ཞིང་བྲན་ལ་ཚེ་སྲོག་གི་སྟོབས་གསར་བ་རྒྱས་པའི་དགའ་སྤྲོ་གླུ་རུ་བླངས་འདུག་ལ། དེ་ལས་ད་དུང་བོད་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྙེག་ཀྱང་མཚོན་འདུག
ལན་ཀྲི་ཀའེས་བླངས་པའི་པར་རིས་བརྩམས་ཆོས་བསམ་གཏན་ལ་ས་ཞིང་འཐོབ་པ་ཞེས་པ་འདིས་བོད་ཀྱི་ཡར་ལངས་ཞིང་བྲན་ལ་ས་ཞིང་འཐོབ་པ་མཚོན་ཡོད།
            བཅོས་སྒྱུར་སྐོར་གླེང་ན། ལོ་དྲུག་ཅུའི་རིང་ལ་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་བརྟན་པོའི་འོག   ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་དག་ལ་བཅོས་སྒྱུར་གྱི་དཔྱིད་རླུང་གིས་འཚོས་ཏེ། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་སོ་སོའི་འཛུགས་བསྐྲུན་ལ་ཧུར་བརྩོན་ངང་ཞུགས་པ་དང་། གོམ་པ་རེ་རེས་བོད་དེ་རྗེས་ལུས་ནས་སྐྱེ་སྟོབས་ལྡན་པ་ཞིག་གམ་ཉམས་ཆག་ནས་གསོན་ཤུགས་ལྡན་པ་ཞིག་ཏུ་འཕོ་འགྱུར་བྱུང་། ཆོས་སྲིད་ཟུང་འབྲེལ་ཀྱི་ལམ་ལུགས་མེད་པར་བཟོས་ནས་མི་དམངས་དམངས་གཙོའི་སྲིད་དབང་བཙུགས་པས། བོད་མི་དམངས་ཀྱི་ཆོས་དད་རང་མོས་ལ་ཁག་ཐེག་བྱུང་བར་མ་ཟད། བོད་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་བའི་ཁེ་དབང་ལ་ཆབ་སྲིད་ཀྱི་འགན་སྲུང་མཁོ་འདོན་བྱས། ས་ཞིང་བཅོས་སྒྱུར་བྱས་པས་བོད་མི་དམངས་ལ་ས་ཞིང་དང་ཞིང་ལས་ཡོ་བྱད་དང་མཛོ་ཕྱུགས་སོགས་ཀྱི་ཐོན་སྐྱེད་རྒྱུ་ཆ་རེག་པ་དང་། མི་རྣམས་ཀྱི་ངལ་རྩོལ་གྱི་ཧུར་བརྩོན་རང་བཞིན་དང་འཚོ་བའི་སྤྲོ་སེམས་རབ་ཏུ་འཕེལ། ས་རྒོད་སློག་ཏེ་འབྲུ་རིགས་བཏབ་པས་ནས་ཀྱི་ཐོན་ཚད་འཕར་བ་དང་། འབྲོག་ལས་དར་སྤེལ་བཏང་བས་ལོ་རེ་བཞིན་ལྷས་ར་ཕྱུགས་ཀྱིས་བཀང་བར་གྱུར། རྨང་གཞིའི་སྒྲིག་བཀོད་འཛུགས་བསྐྲུན་བྱས་ཏེ་ཚོང་ཁང་དང་ཞིང་སྡེ་ཡིད་རྟོན་ཁང་། དངུལ་ཁང་། སློབ་གྲྭ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས། ཆུ་གློག་ས་ཚིགས། བཟོ་གྲྭ། ལམ་དྲྭ་འགྲིམ་འགྲུལ་སོགས་དེང་རབས་ཅན་གྱི་སྤྱི་སྤྱོད་སྒྲིག་བཀོད་རིམ་པ་བཞིན་བསྐྲུན་ཚར་བ་དང་། བོད་ཀྱི་སྤྱི་ཚོགས་རྣམ་པ་དང་འཚོ་བའི་ཆ་རྐྱེན་མྱུར་དུ་འགྱུར་ལྡོག་བྱུང་། ཕྱོགས་ཡོངས་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་ཏེ། བོད་མི་དམངས་ཀྱིས་ཁྲིམས་ལྟར་རང་ས་རང་ཡུལ་དང་རང་མི་རིགས་ཀྱི་ལས་དོན་ལ་དོ་དམ་བྱ་བའི་རང་སྐྱོང་དབང་ཆར་འགན་སྲུང་ལེགས་པོ་བྱུང་ཞིང་། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་བ་གཏན་འཇགས་དང་། བོད་ཀྱི་ལས་རིགས་སོ་སོ་མུ་མཐུད་དུ་རིམ་པ་གསར་བར་བགྲོད་པར་སྐུལ་འདེད་ཐེབས་ལ། བོད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་ཤིན་ཏུ་ཆེན་པོ་ཐེབས། བོད་དུ་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་དང་བཅོས་སྒྱུར། དར་སྤེལ་བཅས་བྱེད་པའི་བརྒྱུད་རིམ་ཁྲོད། བོད་ཀྱི་རིགས་སོ་སོའི་མང་ཚོགས་རྣམས་མཛེས་པའི་བོད་ལྗོངས་འཛུགས་བསྐྲུན་བྱེད་པར་ཞུགས་སྣང་ཆེ་རུ་འཕེལ་ཞིང་། བོད་དེ་བདེ་ལྡན་གྱི་ཕྱོགས་སུ་འཕེལ་བའི་འགྲོ་ཕྱོགས་ཁ་གསལ་ངེས་གསལ་རེད་འདུག
            དེང་སྐབས་ཀྱི་སྐོར་གླེང་ན། སྤྲོ་སྐྱིད་དང་བདེ་ཐང་གི་རྣམ་པ་སྙན་ཚིག་དང་རི་མོས་མཚོན་ཡོད་ཅིང་། དཀའ་བའི་ལས་ལ་ཞིམ་པོའི་ཟས་ཐོབ། ལོ་དྲུག་ཅུའི་རིང་གི་དཀའ་སྤྱད་སྡུག་རུས་བརྒྱུད་མཐར། བོད་ལྗོངས་ཀྱིས་དཔལ་འབྱོར་གོང་འཕེལ་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན། མི་དམངས་བདེ་བར་སྡོད་པའི་དགའ་སྤྲོའི་རྣམ་པ་མངོན་དུ་གྱུར། མི་མེད་པའི་ལུང་སྟོང་དུ་གཞུང་ལམ་བསྐྲུན། གུར་མེད་པའི་ས་སྟོང་དུ་ཐོག་ཁང་བསྐྲུན་ཞེས་བོད་ལྗོངས་གཞས་མ་གྲགས་ཅན་ཚེ་བརྟན་སྒྲོལ་མས་བླངས་པ་ནང་བཞིན། ད་ལྟའི་བོད་ལྗོངས་ཀྱི་གྲོང་ཁྱེར་རྣམ་པ་ཡོངས་སུ་འགྱུར་ཞིང་། ཁང་བརྩེགས་མཐོན་པོ་ཀྲོང་ངེར་འགྱིང་། མཛེས་པའི་གྲོང་ཚོ་སྐར་ཚོགས་འདྲ། སྐྱེ་ཁམས་དང་སྤྱི་གླིང་གི་ཁོར་ཡུག་མཛེས་ཤིང་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་ཁ་ཧ་ཅང་མགྱོགས། ཡུལ་སྐོར་གོང་འཕེལ་བྱུང་ཞིང་སྤྱི་ཚོགས་ཧྲིལ་བོ་འཆམ་མཐུན་དང་མཐའ་མཚམས་ཀྱི་ཡུལ་གྲུ་བརྟན་པོར་གནས། བྱང་ཐང་ནས་ཇོ་མོ་གླང་མའི་འདབས་དང་མངའ་རིས་ནས་འབྲི་ཆུ་བར་དུ་གཞུང་ལམ་བསྲིངས་ཤིང་མཐོ་རིམ་གཞུང་ལམ་སྣོལ་མར་སྦྲེལ་བ། ཞིང་འབྲོག་མི་དམངས་མང་པོས་རླངས་འཁོར་ཆུང་ངུ་བསྐོར། མཉམ་འབྲེལ་དྲ་བ་ཞིང་གྲོང་དུ་སྦྲེལ་ནས་གྲོང་མི་ཚོས་གསལ་མཆོག་བརྙན་འཕྲིན་དང་རིག་ནུས་ཁ་པར་བཟུང་སྟེ། སྐད་འཕྲིན་དང་ཏུའུ་ཡཱེན་སོགས་བཀོལ་ནས་ཕ་ཡུལ་གྱི་ཞོག་ཁོག་དང་ནས། ནོར་གནག་སོགས་ཞིང་ཕྱུགས་ལས་ཐོན་རྫས་དང་ཡུལ་སྐོར་ཐོན་ཁུངས་སོགས་དྲ་རྒྱར་འགྲེམས་སྤེལ་བྱས། ལོ་བཅོ་ལྔའི་རིང་རིན་མེད་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་ཀྱི་ཆུ་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་། སྤྱི་ཚོགས་འགན་སྲུང་ཕྱོགས་ཡོངས་སུ་ཁྱབ་ཅིང་མང་ཚོགས་ཀྱི་བསམ་པའི་རིག་གནས་ཕུན་སུམ་ཚོགས་ལ། བོད་ལྗོངས་མི་དམངས་ཀྱི་འཚོ་བ་ཉིན་བཞིན་ཇེ་བཟང་དང་བདེ་སྐྱིད་ཀྱི་སྣང་བ་ཇེ་མཐོ་ཡིན།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་བའི་མཚན་ལྗོངས། 
            མ་འོངས་པའི་སྐོར་གླེང་ན། བོད་ལྗོངས་མི་དམངས་སོ་སོའི་བདེ་སྐྱིད་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་བྱ་བར་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པར་ཁ་འབྲལ་ཐབས་མེད་ལ། ཞི་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་བར་ངེས་པར་མཐའ་མཚམས་སྐྱོང་དགོས། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་འཇགས་བྱེད་དགོས་ཞེས་པའི་འཐབ་ཇུས་ཀྱི་བསམ་བློ་གལ་ཆེན་བཏོན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་པའི་བོད་ལྗོངས་འཛུགས་སྐྲུན་གྱི་མཛུབ་ཁྲིད་གལ་ཆེན་གནང་སྟེ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན། ང་ཚོ་མི་དམངས་བློ་སེམས་གཅིག་ཏུ་ཕྱོགས་ཤིང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་དུས་རབས་ཤིག་ཏུ་འཚོ་བས་སེམས་སུ་སྤྲོ་བས་ཁེངས་ཡོད། ང་ཚོས་དུས་རབས་གསར་པའི་ཞི་བའི་བོད་ལྗོངས་དང་། འཆམ་མཐུན་བོད་ལྗོངས། འབྱོར་འབྲིང་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་པའི་ལམ་དུ་དཀའ་སྤྱད་ཀྱི་སྤོབས་པ་སྐྱེད། བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་དཀའ་སྡུག་དག་མྱངས་མྱངས་རྗེས་བོད་གསར་བའི་བདེ་ལེགས་མིག་གིས་མངོན་སུམ་མཐོང་བའི་བོད་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་གསར་གཏོད་དང་ཞི་མཐུན། སྔོ་ལྗང་། སྒོ་འབྱེད། ལོངས་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱ་ངེས། གོམ་པ་རེ་རེ་བཞིན་བདེ་སྐྱིད་ལ་སྙེག་ནས་མདུན་དུ་འགྲོ་བ་དང་། ཧུར་བརྩོན་ངང་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་ཏེ་འབད་པ་ཆེན་པོས་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་འགྱུར་བྱ་ངེས།