ཚོགས་འདུ་གཉིས་ལ་ལྟ་བ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷག་པ་དང་སྤེན་པ་ལྷ་མོར་ཆེད་དོན་བཅར་འདྲི་བྱས་པ།
སྤེལ་དུས 2019-03-05
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པད་མས་བསྒྱུར།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷག་པས་ཀྲུང་གོའི་བོད་ལྗོངས་དྲ་བའི་ཆེད་དོན་བཅར་འདྲི་དང་ལེན་བྱས་པ།
ཟླ་3ཚེས་4ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ཚོགས་འདུ་འཚོགས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་གྲོས་གཞིའི་ལས་དོན་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་བྱས། ཚོ་ཆུང་གི་གྲོས་བསྡུར་ཚོགས་འདུའི་རྗེས་སུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷག་པས་ཀྲུང་གོའི་བོད་ལྗོངས་དྲ་བའི་ཆེད་དོན་བཅར་འདྲི་དང་ལེན་བྱས་ཤིང་། ཁོས་གཙུག་ལག་ཁང་གི་རིག་དངོས་སྲུང་སྐྱོབ་ལས་དོན་ངོ་སྤྲོད་གནང་བ་རེད། ལྷག་པས་བཤད་རྒྱུར་གཙུག་ལག་ཁང་གི་རིག་དངོས་སྲུང་སྐྱོབ་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། གཙུག་ལག་ཁང་གིས"ལྷ་སྐུ་ཐང་གའི་གཞི་གྲངས་མཛོད” བཙུགས་པ་དང་། མིག་སྔར་ལྷ་སྐུ་6000 ལྷག་དང་ཐང་ག་600 ལྷག་གཞི་གྲངས་མཛོད་ནང་དུ་ཕབ་འཇུག་བྱས་ཟིན་ཞེས་བཤད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྤེན་པ་ལྷ་མོས་ཀྲུང་གོའི་བོད་ལྗོངས་དྲ་བའི་ཆེད་དོན་བཅར་འདྲི་དང་ལེན་བྱས་པ།
ཟླ་3ཚེས་4ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ཚོགས་འདུ་འཚོགས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་གྲོས་གཞིའི་ལས་དོན་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་བྱས། ཚོ་ཆུང་གི་གྲོས་བསྡུར་ཚོགས་འདུའི་རྗེས་སུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤ་ཡ་ལྷོ་མའི་ཞིབ་འཇུག་སའོ་ཡི་སའོ་ཀྲང་གཞོན་པ་སྤེན་པ་ལྷ་མོས་ཀྲུང་གོའི་བོད་ལྗོངས་དྲ་བའི་ཆེད་དོན་བཅར་འདྲི་དང་ལེན་བྱས་ཤིང་། ཁོ་མོས་ན་ནིང་ལོའི་རང་ཉིད་ཀྱི་གྲོས་གཞི་དང་ལོ་གཅིག་རིང་གི་འགན་སྒྲུབ་གོང་འཕེལ་བྱུང་ཚུལ་མཚམས་སྦྱོར་བྱས་པ་དང་། ད་ལོ་སྤེན་པ་ལྷ་མོའི་གྲོས་གཞི་གསར་པ་དེ་ནི་གྲངས་འཛིན་དཔལ་འབྱོར་དང་འབྲེལ་བ་ཡོད་ཅིང་། ཁོ་མོས་གྲངས་འཛིན་དཔལ་འབྱོར་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་འཕེལ་ཕྱོགས་ཡིན་པ་དང་། བོད་ལྗོངས་ཀྱིས་གྲངས་འཛིན་དཔལ་འབྱོར་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས་ཚུལ་བཤད།