ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > གསར་འགྱུར།

ངས་སྤྱི་ཁྱབ་ཧྲུའུ་ཅིར་འདི་ལྟར་ཞུ་འདོད།

སྤེལ་དུས 2019-03-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
             ནང་སོག་འཐུས་མི་ཚོགས་པའི་སོག་རིགས་འཐུས་མི་ནཱ་རིན་ཐུའུ་ཡཱས། ངས་སྤྱི་ཁྱབ་ཧྲུའུ་ཅིར། མུ་ཏིག་ལྟར་མཛེས་པའི་ཝུ་ལེའང་སུའུ་ཧའེ་མཚེའུའི་མཛེས་ལྗོངས་ཁུལ་དུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཕ་ཡུལ་གྱི་ཡུལ་མི་ཚོའི་ཚབ་ཞུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཁོང་སྐུ་འཚོ་གསལ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་བཀྲིས་སྨོན་འདུན་ཞུ་འདོད་ཆེན་པོ་འདུག་ཅེས་གསུངས།
             ཡུན་ནན་འཐུས་མི་ཚོགས་པའི་ནུའུ་རིགས་འཐུས་མི་ཞུལ་ཞའོ་ཆིན་གྱིས། ངས་སྤྱི་ཁྱབ་ཧྲུའུ་ཅིར། ཏང་གི་དྲོ་སྐྱིད་འོད་ཟེར་རྒྱལ་མོ་རྔུལ་ཆུའི་གྲོག་རོང་ཁུལ་གྱི་གྲོང་ཚོ་ཡོངས་ལ་འཕྲོས་བྱུང་། ང་ཚོ་ནུའུ་རིགས་མི་དམངས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་ཡིན་ལ། རྒྱལ་མོ་རྔུལ་ཆུའི་རྒྱུད་ཀྱི་གྲངས་ཉུང་མི་རིགས་ཁག་སེ་འབྲུའི་འབྲུ་གུ་བཞིན་མཐུན་སྒྲིལ་བྱ་རྒྱུ་ཡིན་ཞེས་ཞུ་འདོད་ཆེན་པོ་འདུག་ཅེས་གསུངས།
             ཡུན་ནན་འཐུས་མི་ཚོགས་པའི་ཧ་ཉི་རིགས་ཀྱི་འཐུས་མི་ཀྲང་ལིས། ངས་སྤྱི་ཁྱབ་ཧྲུའུ་ཅིར། ཧ་ཉི་རིགས་ཀྱི་མི་དམངས་ནས་ཏང་གི་རྗེས་སུ་འབྲངས་རྗེས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་སོང་བས། ཧ་ཉི་རིགས་ཀྱི་མི་དམངས་ནས་ནམ་ཡང་ཏང་ལ་བརྩི་བཀུར་དང་ཏང་ལ་གཅེས་སྐྱོང་བྱ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཐུགས་བློ་བདེ་པོ་གནང་རོགས་ཞེས་ཞུ་འདོད་ཆེན་པོ་འདུག་ཅེས་གསུངས།
             བོད་ལྗོངས་འཐུས་མི་ཚོགས་པའི་བོད་རིགས་འཐུས་མི་ཚེ་རིང་གཡང་འཛོམས་ཀྱིས། ངས་སྤྱི་ཁྱབ་ཧྲུའུ་ཅིར། སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་འོག་བོད་ལྗོངས་མི་དམངས་རྣམས་བདེ་ཞིང་སྐྱིད་པའི་འཚོ་བ་སྐྱེལ་རྒྱུ་བྱུང་སོང་། ང་ཚོས་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅིར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་མི་སྲིད་ཅེས་ཞུ་འདོད་ཆེན་པོ་འདུག་ཅེས་གསུངས།
             ཤིན་ཅང་འཐུས་མི་ཚོགས་པའི་སོག་རིགས་འཐུས་མི་ཐུར་པཱ་ཐུའུ་གེ་ཅེའི་ཅཱ་ཕུས། ངས་སྤྱི་ཁྱབ་ཧྲུའུ་ཅིར། ཤིན་ཅང་བརྟན་ལྷིང་དང་ཞི་མཐུན་ལྡན་ཞིང་། མི་རིགས་ཁག་བར་མཐུན་སྒྲིལ་ཟབ་མོ་ཡོད་ཚུལ་ཞུ་རྒྱུ་ཡིན། ངས་སྤྱི་ཁྱབ་ཧྲུའུ་ཅི་མཆོག་ནས་ཤིན་ཅང་དུ་ལས་དོན་མཛུབ་ཁྲིད་གནང་བར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ཞུ་འདོད་ཆེན་པོ་འདུག་ཅེས་གསུངས།
             ཡུན་ནན་འཐུས་མི་ཚོགས་པའི་འཇང་རིགས་འཐུས་མི་ཧྥན་ཡུང་ཀྲེན་གྱིས། ངས་སྤྱི་ཁྱབ་ཧྲུའུ་ཅིར། ང་ཚོ་འཇང་རིགས་མི་དམངས་རྣམས་སྤྱི་ཁྱབ་ཧྲུའུ་ཅི་དང་། ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ཐུགས་ཁུར་འོག་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་སྐྱེལ་རྒྱུ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་མཆོག་ནས་ང་ཚོ་ལི་ཅང་གི་གཡུ་འབྲུག་གངས་རི་དང་ལི་ཅང་གནའ་གྲོང་ལ་གཟིགས་པར་ཕེབས་རྒྱུ་དང་། ང་ཚོའི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ལ་གཟིགས་ཞིབ་གནང་བར་ཕེབས་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ཞུ་འདོད་ཆེན་པོ་འདུག་ཅེས་གསུངས།
རྩོམ་སྒྲིག་པ། སངས་སྐྱབས།