དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > 2019ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། > མི་དམངས་འཐུས་ཚོགས།

2018ལོའི་འཐུས་མིའི་གྲོས་འགོ་དང་ཨུ་ཡོན་གྱི་གྲོས་གཞི་ཚང་མ་གཉེར་ཟིན་པ།

སྤེལ་དུས 2019-03-01 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ཟླ་2ཚེས་27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་2018ལོའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་གཉེར་ཚུལ་གྱི་བརྡ་གཏོང་ཚོགས་འདུ་འཚོགས་པ་རེད།
          ཚོགས་འདུའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་གསར་འགྱུར་མགྲིན་ཚབ་པ་ཞི་ཡན་ཁྲུན་གྱིས་ངོ་སྤྲོད་བྱས་པར། 2018ལོ་ཧྲིལ་པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་6319དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་གྲོས་གཞི་3863བསྒྲུབ་རྒྱུར་སྣེ་ཁྲིད་བྱས་པ་དེས“ཚོགས་འདུ་གཉིས”ཀྱི་གྲོས་འགོ་དང་གྲོས་གཞིའི་བསྡོམས་འབོར་གྱི་88.5%དང་87%སོ་སོར་བཟུང་ནས་ཚང་མ་དུས་ཐོག་ཏུ་གཉེར་ཟིན་པ་རེད།
          ཁེ་ལས་གཉེར་རྒྱུ་ཧ་ཅང་སྟབས་བདེ་རུ་སོང་བ།
          རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐང་ཅུན་གྱིས་ཚོགས་འདུའི་ཐོག ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཐོ་འགོད་དེབ་སྐྱེལ་སྟབས་བདེ་ཅན་གྱི་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་སུ་འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི་སྒྱུར་བཅོས་ཁྱབ་གདལ་བཏང་བ་དང་ཞིབ་མཆན་མེད་པ་བཟོ་བ་དང་། གྲབས་ཐོ་འགོད་པ། ལན་སྤྲོད་ཁས་ལེན་ལག་བསྟར་སོགས་ཀྱི་བྱེད་ཐབས་བརྒྱུད་ཆོག་འཐུས་བྱེད་ཆོག་ཀྱང་ལས་གཉེར་བྱེད་མི་ཆོག་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་རེད། ན་ནིང་ལོ་མཇུག་བར། ཐད་སྐྱོང་གྲོང་ཁྱེར་ཁག་དང་། འཆར་གཞིའི་ལོགས་འགོད་གྲོང་ཁྱེར། ཞིང་ཆེན་རིམ་པའི་གྲོང་ཁྱེར་འབྲིང་གྲས་དང་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་བཅས་སུ་ཁེ་ལས་གཉེར་བའི་དུས་ཚོད་དེ་སྔའི་ཉིན་20ནས་ཉིན་8.5ནང་ཚུན་བར་ཐུང་དུ་ཕྱིན་ཡོད། “ཚོང་གཉེར་ཁོར་ཡུག་གི་སྙན་ཞུ་གསར་ཤོས་ཁྱབ་བསྒྲགས་བྱས་པ་ལས་མངོན་པར། རང་རྒྱལ་གྱི་ཚོང་གཉེར་ཁོར་ཡུག་གི་སྤྱིའི་གདེང་འཇོག་དཔལ་འབྱོར་དངོས་ཚན་190ཁྲོད་ནས་ཨང་46པར་སླེབས་པ་དེ་2017ལོ་ལས་ཨང་32འཕར་ཡོད། དེའི་ནང‘ཁེ་ལས་གཉེར་རྒྱུར་སྟབས་བདེ་རུ་འགྲོ་ཚད’ཨང་རིམ་65བར་ཤུགས་ཆེར་འཕར་ནས་ཨང་རིམ་28ལ་སླེབས་ཡོད”ཅེས་ཐང་ཅུན་གྱིས་བཤད།
          ས་ཆའི་ཐོན་ཁུངས་དོ་དམ་ལ་དོ་ཁུར་ཐོབ་པ།
          “འཐུས་མི་དང་ཨུ་ཡོན་ཚོས་དོ་ཁུར་ཆེ་ཤོས་བྱེད་ས་ནི་ས་ཆའི་ཐོན་ཁུངས་ཀྱི་དོ་དམ་གནད་དོན་ཡིན་ཞིང་། དེའི་ཐད་ཀྱི་གྲོས་འགོ་དང་གྲོས་གཞིས་རང་པུའུ་ཡིས་གྲོས་འགོ་དང་གྲོས་གཞི་སྒྲུབ་འགན་འཁུར་བའི་བསྡོམས་འབོར་གྱི་63%བཟུང་ཡོད”ཅེས་རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་གཞོན་པ་ཁུའུ་རེ་ཤིས·མའེ་ཧོ་སུའུ་ཐིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་2018ལོར་རང་བྱུང་ཐོན་ཁུངས་པུས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཁག་668སྒྲུབ་འགན་འཁུར་བས་ཚང་མ་དུས་ཐོག་ཏུ་གཉེར་ཟིན་ཞེས་བཤད།
          ཁུའུ་རེ་ཤིས·མའེ་ཧོ་སུའུ་ཐིས། རང་བྱུང་ཐོན་ཁུངས་པུས་འཐུས་མི་དང་ཨུ་ཡོན་འགའ་ཤས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་འགོར་གཞིགས་ནས་ཡུན་རིང་གི་གཞི་རྩའི་ཞིང་ཁ་སྲུང་སྐྱོང་དང་། ཁང་སའི་དོ་དམ་ལམ་ལུགས་སྒྱུར་བཅོས། ཞིང་ཆེན་བརྒལ་བའི་རྨོ་ཞིང་གསབ་པའི་རྒྱལ་ཁབ་ཀྱི་སྤྱི་འདོམས། སྒྲིག་བཀོད་ཞིང་སྤྱོད་ས་ཆ་དོ་དམ། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་མ་ལག་འཛུགས་པ། དམངས་བདེ་དམངས་ཕན་གྱི་གཏན་འཇགས་རྒྱུ་ནོར་ཐོ་འགོད། རི་ཆུ་ནགས་གསུམ་དང་། ཞིང་ཁ། མཚེའུ། རྩྭ་ཐང་བཅས་ཀྱི་སྲུང་སྐྱོང་ཉམས་གསོའི་འདུ་འགོད་ཚོད་ལྟ། རྒྱ་མཚོ་སྐོར་གསུབ་ཀྱི་དོ་དམ་ཚོད་འཛིན། ས་ཁམས་ཆ་འཕྲིན་མཉམ་སྤྱོད་སོགས་ཀྱི་སྲིད་ཇུས་དང་ལམ་ལུགས་འཐུས་ཚང་དང་འབྲེལ་ཡོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་བཤད།
          རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་གྲོས་འགོ་དང་གྲོས་གཞིའི་གྲངས་འབོར་ཆག་པ།
          སྣོད་བཅུད་ཁོར་ཡུག་པུའི་པུའུ་ཀྲང་གཞོན་པ་ཀྲོང་གོ་ཐའེ་ཡིས། 2018ལོར་སྣོད་བཅུད་ཁོར་ཡུག་པུས་གྲོས་འགོ་དང་གྲོས་གཞི་ཁྱོན་782སྒྲུབ་འགན་འཁུར་བའི་ནང་གྲོས་འགོ་499དང་གྲོས་གཞི་283ཡོད། “རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ནི་རྒྱ་ཆེའི་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་ཡིན་ལ། འཐུས་མི་དང་ཨུ་ཡོན་ཚོས་ཚད་མཐོའི་དོ་ཁུར་བྱེད་པའི་གནད་དོན་ཞིག་ཀྱང་རེད། ལོ་ལྟར་དེའི་ཐད་ཀྱི་གྲོས་འགོ་དང་གྲོས་གཞིའི་གྲངས་འབོར་ཧ་ཅང་མང་པོ་ཡོད”ཅེས་བཤད་པ་དང་། ཁོང་གིས་ཉེ་བའི་ལོ་ཤས་རིང་གཙོ་གནད་ས་ཁོངས་བཅོས་སྐྱོང་བྱས་པ་དང་ཆབས་ཅིག་ཅིང་ཅིན་ཅི་གསུམ་ཚུད་པའི་འགག་སྒྲོལ་བཅོས་སྐྱོང་ལས་དོན་ལ་ཕན་འབྲས་ངེས་ཅན་ཐོན་རྗེས་གྲོས་འགོ་དང་གྲོས་གཞིའི་གྲངས་འབོར་ཅུང་ཆག་ཡོད། 2018ལོར་སྣོད་བཅུད་ཁོར་ཡུག་པུས་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་སྐོར་གྱི་གྲོས་འགོ་དང་གྲོས་གཞི་100ཙམ་སྒྲུབ་འགན་འཁུར་བ་དེ་ལོ་གོང་མ་ལས་བལྟོས་བཅས་ཀྱིས་གསུམ་ཆ་གཅིག་དམའ་རུ་ཕྱིན་ཡོད་ཅེས་བཤད།
          འགག་སྒོ་སྒྲོལ་བའི་དུས་ཚོད་གསུམ་ཆ་གཅིག་ཐུང་དུ་ཕྱིན་པ།
          འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ཙོའུ་ཀྲི་ཝུའུ་ཡིས་ངོ་སྤྲོད་བྱས་པར། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ན་ནིང་སྒྲུབ་གཉེར་བྱས་པའི་འཐུས་མི་དང་ཨུ་ཡོན་གྱིས་བཏོན་པའི་གྲོས་འགོ་དང་གྲོས་གཞིའི་ནང་། འགག་སྒྲོལ་གྱི་ལས་ཕྱོད་མཐོ་རུ་གཏོང་བ་དང་། འགག་སྒྲོལ་གྱི་བརྒྱུད་རིམ་ལེགས་སུ་གཏོང་བ། འགག་སྒྲོལ་གྱི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ། འགག་སྒོའི་ཉོ་ཚོང་རང་བཞིན་གྱི་མ་གནས་དམའ་རུ་གཏོང་བ་བཅས་ཀྱི་གྲོས་འགོ་དང་གྲོས་གཞིས་བཟུང་བའི་བསྡུར་ཚད་མཐོ་ཙམ་ཡོད།
          དེའི་ཐད། ཙོའུ་ཀྲི་ཝུའུ་ཡིས། དངོས་ཟོག་འགག་སྒྲོལ་གྱི་དུས་ཚོད་ཧྲིལ་པོ་ཐུང་དུ་གཏོང་བར་ཕྱིར་གཏོང་དངོས་ཟོག“རེ་ཞུ་སྔ་སྣུར”གྱི་ལས་དོན་ཁྱབ་སྤེལ་བཏང་བ་དང་། སྒོ་ཁྲལ་གྱི་འགན་ལེན་འགན་བཅོལ་ལམ་ལུགས་ཁྱབ་གདལ་བཏང་སྟེ་ཁེ་ལས་ཆུང་གྲས་ཀྱིས་སྒོ་ཁྲལ་འཇལ་སྐབས་ཚོང་ལས་འགན་བཅོལ་གྱི་བྱ་ཐབས་བརྒྱུད་ལག་བསྟར་བྱེད་ཆོག་པས་ཁེ་ལས་ཀྱི་མ་དངུལ་གྱི་གནོན་ཤུགས་ཆུང་དུ་འགྲོ་རྒྱུ་རེད་ཅེས་བཤད་པ་རེད།
རྩོམ་སྒྲིག་པ། རིན་ཆེན།