དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > དཔྱད་གཏམ།

མི་རིགས་བསྐྱར་དར་ཡོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

སྤེལ་དུས 2020-09-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བདུན་ཅུ་དོན་ལྔ་འཁོར་བར་དྲན་གསོ་ཞུ།
          “དྲང་བདེན་ལ་རྒྱལ་ཁ་ཐོབ་ངེས་ཡིན། ཞི་བདེར་རྒྱལ་ཁ་ཐོབ་ངེས་ཡིན། མི་དམངས་ལ་རྒྱལ་ཁ་ཐོབ་ངེས་ཡིན” དེ་རིང་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བའི་དྲན་གསོའི་ཉིན་མོ་དང་། དྲང་བདེན་ངན་པ་ལས་རྣམ་པར་རྒྱལ་བ་དང་། འོད་ཟེར་མུན་ནག་ལས་རྣམ་པར་རྒྱལ་བ། ཡར་ཐོན་ལོག་སྤྱོད་ལས་རྣམ་པར་རྒྱལ་བ་བཅས་ཀྱི་རླབས་ཆེན་གྱི་དྲན་གསོའི་ཉིན་མོ། ཀྲུང་གོ་མི་དམངས་དང་འཛམ་གླིང་ཐོག་གི་ཞི་བདེར་དགའ་བའི་རྒྱལ་ཁབ་དང་མི་དམངས་ཀྱི་དུས་ཆེན་གལ་ཆེན་བཅས་ཡིན།
          “མི་དུང་ཕྱུར་བཞི་ཡིས་མཉམ་དུ་ངར་ཤུགས་སྒྲིམ། བློ་སེམས་གཅིག་མཐུན་གྱིས་རི་འགོག་དམག་ལ་ཞུགས”དེ་ནི་དཀའ་ཚེགས་ཤིན་ཏུ་ཆེ་བའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་ཅིག་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་དར་སྤེལ་བཏང་ནས་བཙུགས་པའི་རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་དར་ཆའི་འོག མདུན་ཕྱོགས་ཀྱི་དམག་འཁྲུག་ཡིན་ནའང་འདྲ། ཡང་ན་དགྲ་བོའི་རྒྱབ་ཕྱོགས་ཀྱི་དམག་འཁྲུག་གང་ཞིག་ཡིན་རུང་། ཀྲུང་གོ་མི་དམངས་ཀྱིས་དགྲ་ལ་མཉམ་སྡང་དང་རྒྱལ་ཁབ་ཀྱི་དཀའ་ཉེན་མཉམ་སེལ་གྱིས། ཤ་ཁྲག་གི་ཕུང་པོར་བརྟེན་ནས་མི་རིགས་འཇིག་ཉེན་ལས་སྐྱོབ་པ་དང་མི་རིགས་ཀྱི་ལ་རྒྱ་སྲུང་བའི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་བསྐྲུན་པ་དང་། ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་ཕྱིའི་བཙན་འཛུལ་འགོག་པའི་རླབས་ཆེའི་ལེའུ་བརྩམས་ཡོད། དམག་འཁྲུག་དེའི་རིང་། ཀྲུང་གོ་མི་དམངས་ཀྱིས་མི་རིགས་ཀྱི་བློས་གཏོང་ཧ་ཅང་ཆེན་པོར་བརྟེན་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་འཐབ་ས་གཙོ་བོ་བསྲུངས་ནས། ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ཆེད་དམག་འཐབ་བྱས་ཡོད་ལ། མིའི་རིགས་ཧྲིལ་པོའི་མདུན་ལམ་དང་ལས་དབང་ཆེད་དམག་འཐབ་དྲག་པོ་ཡང་བརྒྱབ་ཡོད། ལོ་14ཡི་རིང་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་དྲག་པོ་བྱས་པ་བརྒྱུད། 
          ཀྲུང་གོ་མི་དམངས་ཀྱིས་གདུག་རྩུབ་ཤིན་ཏུ་ཆེ་བའི་རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་ཕམ་ཉེས་སུ་བཏང་བས། ཉེ་རབས་ཚུན་དུ་ཀྲུང་གོས་ཕྱིའི་དགྲ་བོའི་བཙན་འཛུལ་འགོག་པར་རྒྱལ་ཁ་ཡོངས་སུ་ཐེངས་དང་པོ་ཐོབ་ཡོད། རླབས་ཆེན་གྱི་རྒྱལ་ཁ་འདིས། རི་པིན་དམག་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་མི་སེར་སྤེལ་རྒྱུ་དང་བྲན་དུ་བཀོལ་རྒྱུའི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས་པ་དང་འབྲེལ། ཉེ་རབས་ཚུན་དུ་ཀྲུང་གོས་ཕྱིའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་དམག་འཐབ་བྱེད་ཚད་ཕམ་པའི་མི་རིགས་ཀྱི་མཚན་ཤས་མེད་པར་བཟོས་ཡོད། རླབས་ཆེན་གྱི་རྒྱལ་ཁ་འདིས། འཛམ་གླིང་ཐོག་གི་ཀྲུང་གོའི་གནས་བབ་བསྐྱར་དུ་གཏན་འཁེལ་ཐུབ་ནས། ཀྲུང་གོ་མི་དམངས་ལ་འཛམ་གླིང་ཐོག་གི་ཞི་བདེར་དགའ་བའི་མི་དམངས་ཀྱི་བརྩི་འཇོག་ཐོབ་ཡོད། རླབས་ཆེན་གྱི་རྒྱལ་ཁ་འདིས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལྗོངས་བཏོད་དེ། གནའ་བོའི་ཀྲུང་གོའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་དཀའ་ངལ་ཁྲོད་དུ་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཕྱེ་ཡོད། རླབས་ཆེན་གྱི་རྒྱལ་ཁ་འདི་ནི། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་གྱི་དམག་འཁྲུག་ལ་རྒྱལ་ཁ་ལེན་པ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་ཀྱང་ཡིན།
          སྔོན་མའི་བསླབ་བྱ་མ་བརྗེད་ན། རྗེས་མའི་མེ་ལོང་ཞིག་ཏུ་འགྱུར། དེང་གི་འཛམ་གླིང་ལ་ལོ་བརྒྱ་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་སུ་གནས་ཤིང་། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་སྤེལ་བཞིན་ཡོད། མདུན་སྐྱོད་ཀྱི་འགྲོ་ལམ་ཐོག ཉེན་ཁ་དང་འགྲན་སློང་ཇི་ཙམ་ཆེ་ན། དེ་ཙམ་གྱིས་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ནས། འགྲན་སློང་ཆེན་པོར་བློ་ཁོག་ཆེན་པོས་ཁ་གཏད་གཅོག་ཕོད་པ་དང་། ཉེན་ཁ་ཆེ་རིགས་འགོག་པ། འགལ་རྐྱེན་ཆེ་རིགས་སེལ་བ། འགལ་བ་ཆེན་པོ་ཐག་གཅོད་བཅས་བྱེད་དགོས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་གྱི་དམག་འཁྲུག་གི་རླབས་ཆེན་རྒྱལ་ཁར་དྲན་གསོ་ཞུ་བའི་དམིགས་ཡུལ་ནི་ལོ་རྒྱུས་བློ་ལ་ངེས་པ་དང་མ་འོངས་པར་ཉེན་བརྡ་བཏང་ནས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་དེ་བས་འབད་འབུངས་ཧུར་བརྩོན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་རྒྱུའི་སྐུལ་སློང་བྱེད་རྒྱུ་དེ་ཡིན།
          ལོ་རྒྱུས་བློ་ལ་ངེས་ནས་མ་འོངས་པར་ཉེན་བརྡ་གཏོང་དགོས་ཤིང་། ང་ཚོས་མི་རིགས་བསྐྱར་དར་ཡོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ཀྲུང་གོ་གུང་ཁྲན་ཏང་གི་ཆུ་གཞུང་གི་གཞོམ་མེད་བྲག་རིའི་ནུས་པ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་འགག་རྩ་ཡིན་པ་དང་། མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན། གདུག་རྩུབ་དང་གཏུམ་དྲག་ཧ་ཅང་ཆེ་བའི་རི་པིན་བཙན་འཛུལ་པའི་མདུན་དུ། རང་རེའི་ཏང་གིས་མི་དམངས་སྐུལ་སློང་དང་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་རི་འགོག་དམག་འཁྲུག་རྒྱག་པའི་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས། ཡང་དག་པའི་འཐབ་ཇུས་འདིང་བ་དང་། དགྲ་བོའི་རྒྱབ་ཕྱོགས་སུ་གཡུལ་ས་ཆེན་པོ་གཏོད་པ། རི་འགོག་དམག་འཁྲུག་མཐའ་འཁྱོངས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་པ། རྒྱལ་ཁབ་སྐྱོབ་གནས་ཐུབ་པའི་མི་རིགས་ཡོངས་ཀྱི་རེ་བ་འགྲུབ་པ་བཅས་བྱས་ནས། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་ཡང་དག་པའི་ཁ་ཕྱོགས་སུ་སྣེ་ཁྲིད་བྱས་ཡོད། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་རྨང་གཞིའི་ཐོག་རང་རེའི་ཏང་གིས་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མུ་མཐུད་འབད་འཐབ་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་སྦྲགས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གཏན་འཁེལ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཁྱབ་དང་གཏིང་ཟབ་ཀྱི་སྤྱི་ཚོགས་འཕོ་འགྱུར་ཡོང་བ་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70སོང་རིང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་ངལ་དང་ཉེན་ཁ་དང་འགལ་རྐྱེན་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བྱས་ཏེ། ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་ངེས་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་མང་པོ་བཏོད་པ་བརྒྱུད། ཀྲུང་ཧྭ་མི་རིགས་ལ་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་རླབས་ཆེན་མཆོང་སྐྱོད་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་མ་གཏོགས་ཀྲུང་གོར་འགོ་ཁྲིད་བྱེད་མི་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ཚེ། གཞི་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་ལོ་རྒྱུས་ལས་གསལ་བཤད་གཏིང་ཟབ་ཐུབ་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། མི་དམངས་དུང་ཕྱུར་14ཡི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
          ཀྲུང་ཧྭ་མི་རིགས་ལ་བཙན་འཛུལ་པ་དང་དམར་འཛིང་མཐའ་འཁྱོལ་བྱེད་པའི་དཔའ་ཉམས་དང་། རང་སྟོབས་རང་སྤེལ་གྱི་རྨང་གཞིའི་ཐོག་ཉམས་པ་སོར་ཆུད་ཀྱི་ཆོད་སེམས། འཛམ་གླིང་མི་རིགས་ཁག་ཁྲོད་རང་ཚུགས་ཐུབ་པའི་ནུས་པ་བཅས་ལྡན་ཡོད་པ་ལོ་75ཡི་གོང་གི་རླབས་ཆེན་རྒྱལ་ཁས་འཛམ་གླིང་སྐྱེ་འགྲོ་ཀུན་ལ་ར་སྤྲོད་བྱས་ཡོད། དུས་རབས་གསར་པར་འབད་འབུངས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པར། ང་ཚོར་འགྲན་སློང་ལ་ཁ་གཏད་གཅོག་པའི་འགྱུར་མེད་ཀྱི་ཆོད་སེམས་དང་། བློ་སྟོབས་བརྟན་པོ། རྒྱལ་སྟོབས་ཆེན་པོ་བཅས་ཡོད་པ་དང་། ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་གདེང་ཚོད་དང་། འཇོན་ཐང་། བློ་གྲོས་བཅས་ཡོད་པས། རྒྱལ་ཁབ་དང་མི་སུ་འདྲ་ཞིག་ཡིན་རུང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ལོ་རྒྱུས་ཀྱི་གོམ་སྟབས་འགོག་མི་ཐུབ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས། ཀུན་སེམས་གཅིག་སྒྲིལ་དང་དཀའ་ངལ་ཁྱད་བསད་བྱས་ནས་གཏན་འཁེལ་བའི་དམིགས་ཚད་ཕྱོགས་སུ་མུ་མཐུད་འབད་འབུངས་མདུན་སྐྱོད་བྱེད་དགོས།