དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > དཔྱད་གཏམ།

དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་ང་ཚོ་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད།

སྤེལ་དུས 2020-09-09 ཡོང་ཁུངས། བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། རྩོམ་པ་པོ།
          ཉེ་ཆར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ནུས་ཤུགས་སྔར་བས་ཆེ་བ་དང་། བྱ་ཐབས་དེ་བས་མང་བ། རྗེས་མཐུད་རོགས་སྐྱོར་དང་རྒྱབ་སྐྱོར་དེ་བས་མང་བ་བཅས་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་བྱེད་དགོས་པ་དང་། ལྷག་པར་དུ་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་འགྲིམ་འགྲུལ་སྒྲིག་བཀོད་དང་། སྨན་བསྟེན་སློབ་ཞུགས། རྒན་གསོ་དང་སྤྱི་ཚོགས་འགན་སྲུང་སོགས་ཚང་མར་ཁྱབ་པ་བྱེད་དགོས་པའི་ནན་གསུངས་གནང་ཡོད། 
          དེ་སྔོན་བོད་ནི་རྒྱལ་ཡོངས་སུ་དབུལ་པོ་ཐོན་ཚད་མཐོ་ཤོས་དང་། དབུལ་པོའི་ཚད་གཞི་ཟབ་ཤོས། དབུལ་སྐྱོར་མ་གནས་མཐོ་ཤོས། དབུལ་སྒྲོལ་དཀའ་གནད་ཆེ་ཤོས་བཅས་ཀྱི་ས་ཁོངས་ཤིག་ཡིན་ལ། རང་རྒྱལ་གྱི“ཁུལ་གསུམ་དང་ཁོངས་གསུམ”གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་ཀྱང་རེད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་མི་འབོར་དབུལ་པོ་ཉུང་དུ་ཆེས་ཆེར་ཕྱིན་ཞིང་། བོད་ཀྱི་མི་འབོར་དབུལ་པོ་2013ལོའི་ཁྲི་80ནས་2018ལོའི་ཁྲི་15བར་ཉུང་དུ་ཕྱིན་ཡོད་ལ། 2019ལོའི་ལོ་མཇུག་བར་དབུལ་པོའི་རྫོང་(ཁུལ་)19ཡི་དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་མི་འབོར་ཁྲི་15དབུལ་སྒྲོལ་ཐུབ་སྟེ། བལྟོས་མེད་དབུལ་པོ་གཞི་རྩའི་ཆ་ནས་མེད་པ་བཟོས་ཡོད། དབུལ་པོའི་མང་ཚོགས་ཀྱི་ཡོང་འབབ་ཆུ་ཚད་མཐོ་རུ་ཆེས་ཆེར་ཕྱིན་པ་དང་། དབུལ་པོའི་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱུང་ཡོད་ལ། དབུལ་པོའི་ས་ཁུལ་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་མྱུར་པོ་དང་། སྣོད་བཅུད་དབུལ་སྐྱོར་དང་གནས་སྤོས་དབུལ་སྐྱོར་སོགས་ཀྱི་བྱ་ཐབས་ལས། ས་ཁུལ་དབུལ་པོའི་སྣོད་བཅུད་ཁོར་ཡུག་ལེགས་སུ་ཆེས་ཆེར་ཕྱིན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། 
          དབུལ་སྒྲོལ་འགག་སྒྲོལ་ནི་ལོ་རྒྱུས་ཀྱིས་ང་ཚོར་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཆེས་མཛེས་སྡུག་ལྡན་པའི་རེ་སྒུག་ཞིག་ཀྱང་ཡིན། བོད་ཀྱི་ངོས་ནས་བརྗོད་ན། དབུལ་ཞྭ་ཕུད་རྒྱུ་དེ་དུས་བཀག་ལྟར་ལེགས་གྲུབ་བྱུང་བར་ཆ་མཚོན་ན་ཡང་། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་བོད་ཀྱི་དར་རྒྱས་བརྟན་ལྷིང་གི་རྣམ་པ་གསར་པ་མུ་མཐུད་འབྲི་བར་ངེས་པར་དུ་བརྟན་ཐོག་ཡར་འཕེལ་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ལས་འགན་གསར་པ་དང་འགྲན་སློང་གསར་པའི་ཁྲོད་ནས་བྱེད་ཐབས་གསར་པ་འཚོལ་དགོས། དབུལ་སྒྲོལ་འགག་སྒྲོལ་ནི་དམངས་འཚོའི་འདུ་འགོད་ཆེ་ཤོས་ཤིག་ཡིན་པ་དང་། ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོར་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་ཚེ་བོད་ཀྱི་དབུལ་སྒྲོལ་གྱི་ཕན་འབྲས་དངོས་ཁོང་དུ་ཆུད་རྒྱུར་ཕན་ཐོག་ཡོད་ལ། དབུལ་སྒྲོལ་ལས་དོན་གྱི་ཞན་ཆ་བཙལ་ནས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲ་ཞིང་བརྟན་པའི་ལམ་བུ་སྔར་བས་བརྟན་དུ་གཏོང་རྒྱུ་དང་།སྤུས་ཚད་མཐོ་བའི་སྒོ་ནས་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་མངོན་འགྱུར་ཐུབ་རྒྱུར་ཕན་ཐོག་ཡོད། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་ནི་བྱེད་ཐེངས་གཅིག་ལ་གྲུབ་པའི་བྱ་བ་ཞིག་མིན་པ་སྨོས་ཅི་དགོས། ག་དུས་ཡིན་རུང་དབུལ་སྒྲོལ་གྱི་གྲུབ་འབྲས་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་དང་ལེན་ཐུབ་པ་བྱས་ནས་བདེ་སྐྱིད་ལྡན་པའི་སྐལ་བཟང་མེ་ཏོག་བོད་ཀྱི་ས་ཆ་ཚང་མར་བཞད་ཐུབ་པ་བྱེད་དགོས།
          དབུལ་ཞྭ་ཕུད་པ་ནི་མཐའ་སྣེ་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པ་བྱེད་པའི་འགོ་འཛུགས་ས་ཞིག་ཡིན། མ་འོངས་པར་བོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། གྲོང་གསེབ་དར་རྒྱས་ཡོང་བ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ལམ་བུའི་ཐོག་འགོག་ཤུགས་དང་གནོན་ཤུགས་ནི་ང་ཚོ་དང་མཉམ་དུ་གནས་ངེས་རེད། དེར་བརྟེན་ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཕྱོགས་སྡོམ་ཁྲོད་རྒྱུན་ཆད་མེད་པར་བསམ་ཞིབ་དང་། བསམ་ཞིབ་ཁྲོད་མདུན་སྐྱོད་བྱས་ནས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱས་ཏེ་ལོ་རྒྱུས་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།