དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > དཔྱད་གཏམ།

འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་དགོས།

སྤེལ་དུས 2020-09-16 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།
           གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་རེད། གསར་གཏོད་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་གསར་གཏོད་དོན་གཉེར་བྱེད་པ་ནི་འབྱུང་འགྱུར་དོན་གཉེར་བྱེད་པ་ཞིག་རེད།
           ཟླ་9ཚེས་11ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་བསམ་འཆར་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ནས་འགོ་བཙུགས་ཏེ། ཚན་རྩལ་གསར་གཏོད་མགྱོགས་སུ་གཏོང་བའི་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་བ་དང་། རྒྱ་ཆེའི་ཚན་རིག་མཁས་ཅན་དང་ཚན་རྩལ་ལས་དོན་པར་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་ཕྱོགས་པ་དང་། དཔལ་འབྱོར་གྱི་འཐབ་ས་གཙོ་བོར་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་ཕྱོགས་པ་བཅས་མཐའ་འཁྱོངས་བྱས་ཏེ། ཚན་རིག་ལག་རྩལ་རྒྱ་ཆེ་གཏིང་ཟབ་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་འབད་བརྩོན་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
           ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་འཕེལ་ཕྱོགས་ཆེན་པོར་ལྟ་ཞིབ་དང་། སྤྱི་ཡོངས་ལ་ཇུས་འགོད། སྒྱུར་བཅོས་ཟབ་གཏོང་། ཕྱོགས་ཡོངས་ཤུགས་འདོན་བཅས་གནང་སྟེ། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་བཏང་ཡོད། ལྷའི་ཕོ་བྲང་དང་། ཀླུ་མོ། གནམ་མིག ཝུའུ་ཁུང་། མོ་ཙི། གནམ་གྲུ་ཆེན་པོ། མྱུར་བགྲོད་ལྕགས་ལམ། བྱང་སྐར་སྤུན་བདུན་སོགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་དང་། ཚན་རྩལ་གསར་གཏོད་ཀྱི་འཕེལ་ཕྱོགས་གསར་པར་ཤུགས་དྲག་ལྡན་པ། མདུན་གྲལ་གྱི་ཁྱབ་ཁོངས་ཁག་གཅིག་མཉམ་དུ་བསྐྱོད་པའམ་སྔོན་ལ་སྐྱོད་འགོ་ཚུགས་པའི་དུས་མཚམས་སུ་སླེབས་པ། ཚན་རྩལ་གྱི་སྟོབས་ཤུགས་གྲངས་འབོར་གྱི་གསོག་འཇོག་ནས་སྤུས་ཚད་ཀྱི་འཕུར་མཆོང་ཕྱོགས་སུ་བསྐྱོད་པ། གནས་ཀྱི་ཚད་བརྒལ་ནས་ཁྱབ་ཁོངས་ཀྱི་ནུས་པ་མཐོར་གཏོང་གི་ཕྱོགས་སུ་བསྐྱོད་ཡོད། ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་རིང་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས་རིམས་ནད་སྨན་བཅོས་དང་། རིམས་འགོག་སྨན་ཁབ་ཞིབ་སྤེལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཁྱབ་ཁོངས་གལ་ཆེན་མང་པོར་ཚན་ཞིབ་འགག་སྒྲོལ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་པ་མ་ཟད་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད།
           དེང་སྐབས་འཛམ་གླིང་གིས་ལོ་བརྒྱའི་རིང་འཕྲད་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་བརྒྱུད་བཞིན་ཡོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་བྱུང་ནས་རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་དང་དེ་བཞིན་དེ་བས་རིང་བའི་དུས་སྐབས་ཀྱི་འཕེལ་རྒྱས་བཅས་ཀྱིས་ཚན་རྩལ་གསར་གཏོད་མགྱོགས་སུ་གཏོང་བར་དེ་བས་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་བཏོན་ཡོད། ཚན་རྩལ་གསར་གཏོད་མགྱོགས་སུ་གཏོང་བ་ནི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དང་། སྤུས་ཚད་ལེགས་པའི་མི་དམངས་ཀྱི་འཚོ་བ་མངོན་འགྱུར་བྱེད་པའི་དགོས་མཁོ། འཕེལ་རྒྱས་ཀྱི་གནས་བབ་གསར་པ་གཏོད་པའི་དགོས་མཁོ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་གསར་པ་བདེ་བླག་ངང་སྐྱོད་འགོ་ཚུགས་པའི་དགོས་མཁོ་བཅས་ཡིན་པ་ང་ཚོས་ངེས་པར་དུ་ངོས་འཛིན་གང་ལེགས་བྱེད་དགོས། ད་ལྟ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་ཚན་རིག་ལག་རྩལ་གྱི་ཐག་གཅོད་ཇུས་གཞི་སྔོན་ཆད་ཀྱི་དུས་སྐབས་གང་རུང་ཞིག་ལས་ཀྱང་དེ་བས་དགོས་གལ་ཆེ་ཞིང་། སྒུལ་ཤུགས་ཨང་དང་པོ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་གལ་དེ་བས་ཆེ། དེ་དང་དུས་མཚུངས་སུ་རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་མདུན་དུ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་གོང་དུ་འཕེལ་བའི་རྒྱབ་ལྗོངས་ཆེན་པོའི་འོག ང་ཚོས་ངེས་པར་དུ་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་གསར་གཏོད་ཀྱི་ལམ་དུ་སྐྱོད་དགོས་པ་དང་། ལྷག་པར་དུ་ཐོག་མའི་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ་གནས་བབ་དེ་བས་མངོན་གསལ་དོད་སར་བཞག་ནས“མེད་པ་ནས་ཡོད་པའི་བར”གྱི་ཚད་བརྒལ་དེ་བས་མང་པོ་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས།
           གསར་གཏོད་ནི་ད་ལྟའི་དུས་རབས་ཀྱི་བརྗོད་གཞི་གལ་ཆེན་ཞིག་རེད། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་སུ་ཕྱིན་པ་ལས། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་མགྱོགས་པོ་གཏོང་བའི་ཁ་ཚ་དགོས་གཏུག་གི་རང་བཞིན་དེ་བས་མངོན་གསལ་དོད་པོས་མངོན་ཡོད། རང་རྒྱལ་ལ་གྲངས་འབོར་ཧ་ཅང་མང་བའི་ཚན་རྩལ་ལས་དོན་པ་དང་གཞི་ཁྱོན་ཧ་ཅང་ཆེ་བའི་ཞིབ་སྤེལ་མ་དངུལ་ཡོད་པས། འགག་རྩ་ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱས་ནས། རྒྱ་ཆེའི་ཚན་རིག་མཁས་ཅན་དང་ཚན་རྩལ་ལས་དོན་པ་ཚོར་འཇོན་ཐང་འདོན་པའི་གར་སྟེགས་བསྐྲུན་ནས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་འཐོབ་པར་བྱེད་དགོས། ཚན་རིག་གི་གྲུབ་འབྲས་དང་བསམ་པའི་འདེགས་སྐྱོར་ཁ་འབྲལ་ཐབས་མེད། མེས་རྒྱལ་བློ་ལ་འཆང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྒྱལ་གཅེས་ཀྱི་སྙིང་སྟོབས་དང་། (པར་ངོས་གཉིས་པར་གཟིགས) 
           (པར་ངོས་དང་པོར་མཐུད) ཡང་རྩེར་འཛེགས་ཕོད་པ་དང་སྔོན་ལ་བྱེད་ཕོད་པའི་གསར་གཏོད་ཀྱི་སྙིང་སྟོབས། བདེན་དོན་བརྩོན་གཉེར་དང་གཟབ་ནན་སློབ་གཉེར་གྱི་བདེན་འཚོལ་གྱི་སྙིང་སྟོབས། ཁེ་གྲགས་མི་གཉེར་བ་དང་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱེད་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས། བློ་རིག་གཅིག་སྡུད་ཀྱིས་འགག་གནད་སྒྲོལ་བ་དང་མཐུན་སྒྲིལ་རོགས་ལས་བྱེད་པའི་མཉམ་སྒྲུབ་ཀྱི་སྙིང་སྟོབས། གཞན་ཕན་སྒྲུབ་འདོད་པ་དང་རྗེས་རབས་པར་བྱ་དགའ་སྤྲོད་པའི་མི་སྐྱོང་གི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་གསར་གཏོད་བྱེད་མཁན་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཐད་ལེགས་སྐྱེས་འབུལ་མཁན། བླ་ན་མེད་པའི་བསམ་བློ་དང་གཤིས་རྒྱུད་ཀྱི་ལག་ལེན་བསྟར་མཁན། སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོར་སྣེ་ཁྲིད་བྱེད་མཁན་བཅས་བྱེད་རྒྱུའི་བརྩོན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་བྱར་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་བྱས་ནས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་དེ་ཐོན་སྐྱེད་ནུས་ཤུགས་དངོས་ལ་འགྱུར་བ་བྱེད་དགོས།
           རང་རྒྱལ་གྱི་རྒྱ་ཆེའི་ཚན་རིག་མཁས་ཅན་དང་ཚན་རྩལ་ལས་དོན་པར་ཚན་རིག་གི་ཡང་རྩེར་འཛེགས་པ་དང་ཚན་རྩལ་གྱི་ངོ་མཚར་གཏོད་པའི་ཆོད་སེམས་དང་། སྙིང་སྟོབས། ནུས་པ་བཅས་ལྡན་ཡོད་པས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཐད་འབུལ་འོས་པའི་ལེགས་སྐྱེས་འབུལ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།