ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ།
སྤེལ་དུས 2020-09-04
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་རྒྱལ་ཡོངས་ལས་དམའ་བ་དང་ཐ་ན་གྲངས་ཉུང་མི་རིགས་ས་ཁུལ་གཞན་དག་ལས་ཀྱང་དམའ་བ་ཡོད་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། ཀྲུང་དབྱང་ནས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཤུགས་ཚད་ཆེ་རུ་གཏོང་རྒྱུ་གཏན་འབེབས་བྱས་ཤིང་། 1980ལོའི་ཟླ་3ཚེས་14དང་15རིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཡའོ་པང་གིས་གཙོ་སྐྱོང་གནང་ཐོག་པེ་ཅིང་དུ་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
“ས་ཞིང་ཁྱིམ་དུད་ལ་བེད་སྤྱོད་བྱེད་རྒྱུར་སྤྲད་ནས་རང་བདག་གཉེར་སྐྱོང་བྱེད་རྒྱུ་ཡུན་རིང་འགྱུར་བ་མི་གཏོང་བ ”དང་“ཕྱུགས་ཟོག་ཁྱིམ་དུད་ལ་སྤྲད་ནས་སྒེར་བདག་སྒེར་གསོ་དང་རང་བདག་གཉེར་སྐྱོང་བྱེད་རྒྱུ་ཡུན་རིང་འགྱུར་བ་མི་གཏོང་བ ” ཞིང་འབྲོག་པའི་ཐོན་སྐྱེད་དང་གཉེར་སྐྱོང་ཐད་ཀྱི་ཁྲལ་རིགས་ཐམས་ཅད་རྩ་ཆག་བཏང་བ། ས་ཁུལ་གཞན་དག་ལས་ཕན་ཁེ་ཆེ་བའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱས་པ། ཕྱིར་འཚོང་ཕྱིར་གཏོང་ཐད་ཕྱི་རྒྱལ་གྱི་དངུལ་བརྗེས་བགོ་སྐལ་ཡོངས་རྫོགས་བཞག་པའི་སྲིད་ཇུས་སོགས་ལག་བསྟར་བྱས་པ་རེད།