དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སྐབས་རིམ་བྱུང་གི་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ།

ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ།

སྤེལ་དུས 2020-09-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        1984ལོའི་ཟླ་3པར་འཚོགས་། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་རྗེས། བོད་ལྗོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། དབུལ་བཅོས་ཕྱུག་འགྱུར། སོར་ཆུད་སྐྱེ་འཕེལ་ལག་ལེན་བསྟར་བ་བཅས་ཀྱི་སྲིད་ཇུས་རབ་དང་རིམ་པ་སྤྱད་དེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་ལྷག་དོན་དུ་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་ཐད་བསྐྱར་གསོ་གང་ལེགས་ཞིག་བྱུང་ཡོད་ནའང་བོད་དང་རྒྱལ་ཡོངས་དབར་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་དང་། ས་ཆ་ལ་ལ་སྔར་བཞིན་དབུལ་པོའི་གནས་སུ་གྱར་ཡོད། ཚོགས་འདུ་འཚོགས་པ་དེས་རྒྱལ་ཡོངས་རང་བཞིན་གྱི་བོད་སྐྱོར་ལས་གྲྭ་འགོ་ཚུགས་པ་མཚོན།
        ཚོགས་འདུ་དེས་1980ལོ་ཚུན་གྱི་བོད་ལྗོངས་ཀྱི་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་། བོད་ལྗོངས་ཀྱི་དམིགས་བསལ་གནས་ཚུལ་ལ་སླར་ཡང་ངོས་འཛིན་བྱས་པ། བོད་ལྗོངས་ཀྱི་དོན་དངོས་དང་བསྟུན་ཏེ་དཔལ་འབྱོར་སྲིད་ཇུས་དེ་བས་ལྷུག་ཏུ་བཏང་ནས་བོད་ལྗོངས་མི་དམངས་མགྱོགས་ནས་མྱུར་དུ་ཕྱུག་པོ་ཆགས་རྒྱུའི་གནད་དོན་ཐག་གཅོད་བྱ་རྒྱུ་ཞིབ་འཇུག་བྱས་པ་རེད། ཚོགས་འདུའི་ཐོག་གནས་ཚུལ་གསར་པར་གཞིགས་ནས་བོད་ལྗོངས་ཀྱི་དོན་དངོས་དང་མཐུན་པའི་དཔལ་འབྱོར་སྲིད་ཇུས་དང་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་རབ་དང་རིམ་པ་བཟོས་པ་རེད།