དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སྒྲོག་འགྲེལ།

བོད་ལྗོངས་གཞིས་རྩེའི་མཐའ་མཚམས་སུ་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར།

སྤེལ་དུས 2020-09-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
 མཐོ་སྒང་དུ་སློབ་སྦྱོང་བྱེད་པ་སྟེ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར་གྲོས་བསྡུར་བྱས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་8པའི་ཚེས་28ཉིན་ནས་ཚེས་29ཉིན་བར། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད། ཚོགས་འདུའི་རྗེས་སུ། བོད་རང་སྐྱོང་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གི་རིམ་པ་སོ་སོའི་ལས་ཁུངས་ནང་ཁུལ་དང་མཐའ་མཚམས་ཁོངས་གཏོགས་ཁུལ་དུ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད།

འདི་ནི་ཡག་ར་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མཐའ་མཚམས་ལས་སྒྲུབ་གནས་སུ་སྐོར་གཡེང་བྱེད་པའི་རྣམ་པ་རེད།
          ཡག་ར་མཐའ་མཚམས་མངག་གཏོང་ཁང་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5300ཟིན་པའི་མི་མེད་ཁུལ་དུ་གནས་ཤིང་། ཟླ་8པའི་ཚེས་30ཉིན། མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚང་མ་མཉམ་གཅིག་ཏུ་འཛོམས་ནས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་གྲོས་བསྡུར་བྱས་ཏེ། མི་དམངས་ཉེན་རྟོག་པ་ཚོས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པས་ང་ཚོའི་འབྱུང་འགྱུར་གྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་། ང་ཚོས་བསམ་བློ་དང་བྱ་སྤྱོད་གཉིས་པོ་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གི་ཐོག་ཏུ་གཅིག་གྱུར་ཡོང་བ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས་“སྲུང་སྐྱོང་གཉིས”ཐུབ་པ་དང་།“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་པོར་གཏོང་བ་བཅས་བྱས་ནས་“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་”མུ་མཐུད་དུ་དར་སྤེལ་དུ་བཏང་སྟེ་གསོ་རླུང་གིས་མི་འདང་ཡང་སྙིང་སྟོབས་ཀྱིས་མི་ཆད་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཞིང་ཆུ་ཚད་དེ་བས་མཐོ་བ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཐའ་མཚམས་དོ་དམ་གྱི་ལས་འགན་སོ་སོ་དོན་འཁྱོལ་ཡོང་བ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱས་ཏེ་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བར་སྲུང་སྐྱོང་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན།

འདི་ནི་ཇོ་མོ་གླང་མའི་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཇོ་མོ་གླང་མའི་སྒར་ས་ཆེན་མོའི་ལས་སྒྲུབ་ས་ཚིགས་སུ་ཡུལ་སྐོར་པར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྐོར་དྲིལ་བསྒྲགས་བྱེད་པའི་རྣམ་པ་རེད།
          “རི་སྔོ་ཆུ་དྭངསནི་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བཀླུབས་པའི་ས་གཞིའང་གསེར་རི་དངུལ་རི་ཡིན།”“ཇོ་མོ་གླང་མའི་འདབས་རོལ་གྱི་ཁྱོད་དང་ང་། མཛེས་སྡུག་ལྡན་པའི་ཁོར་ཡུག་ཚང་མར་བརྟེན་དགོས་”ཤིང་། “གད་སྙིགས་ས་རུ་མ་འཕངས་ཚེ། ཇོ་རི་ལ་ནི་དེ་བས་མཛེས་ཤིང་སྡུག”ཅེས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200ཟིན་པའི་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་ལས་སྒྲུབ་ས་ཚིགས་སུ་ཇོ་མོ་གླང་མའི་མཐའ་མཚམས་མངག་གཏོང་ཁང་གི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་འགྲོ་འོང་བྱེད་མཁན་གྱི་ཡུལ་སྐོར་པར་དྲིལ་བསྒྲགས་ཡི་གེ་སྤྲོད་བཞིན་ཡོད་ཅིང་། དེར་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དྲིལ་བསྒྲགས་བྱས་ནས་ཡུལ་སྐོར་པས་ས་མཐོའི་སྣོད་བཅུད་ཁོར་ཡུག་དང་།  ལྷག་པར་དུ་ཇོ་མོ་གླང་མའི་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁུལ་གྱི་གཉོམ་ཆུང་རང་བཞིན་དང་གལ་ཆེའི་རང་བཞིན་ཤེས་རྟོགས་བྱ་བར་ཁྲིད་སྟོན་བྱས་ཏེ། ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ངོས་འཛིན་ཇེ་ཟབ་ཏུ་བཏང་བ་དང་། ཡུལ་སྐོར་གྱི་ཚུལ་མིན་བྱེད་སྤྱོད་རང་རྟོགས་སྒོས་ཚོད་འཛིན་བྱས་ནས་ཤེས་དཔལ་ལྡན་པའི་ཡུལ་སྐོར་གྱི་རྣམ་པ་ཟབ་མོ་ཞིག་ཆགས་པ་རེད། “སྔོན་ཆད་ང་ཚོས་མཛེས་ལྗོངས་ཁོ་ནར་ལྟད་མོ་ལྟ་བ་ལས་ཡུལ་སྐོར་བྱ་བའི་གོ་རིམ་ཁྲོད་ཀྱི་རང་ཉིད་ཀྱི་ཚུལ་མཐུན་མིན་པའི་བྱ་སྤྱོད་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་མེད་ལ་སྣང་དོགས་མ་བྱས་ཤིང་། མི་དམངས་ཉེན་རྟོག་པས་དྲིལ་བསྒྲགས་བྱས་པ་བརྒྱུད། ངས་ཇོ་མོ་གླང་མའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ལས་སླ་མོ་ཞིག་མིན་པར་ངོས་འཛིན་ཟབ་མོ་ཞིག་སྐྱེས་པ་དང་། ངས་འདིར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ནི་ཁྱོད་དང་ང་ལ་འབྲེལ་བའི་དོན་ཆེན་ཞིག་ཡིན་པས། ང་ཚོས་སྤོབས་པ་ཆེན་པོས་ཡ་རབས་མིན་པའི་ཡུལ་སྐོར་གྱི་བྱ་སྐྱོད་ལ་དགག་པ་རྒྱག་དགོས”ཞེས་ནང་སའི་ཡུལ་སྐོར་པ་སྐུ་ཞབས་ཝང་ལགས་ཀྱིས་དེ་ལྟར་བཤད།

འདི་ནི་སྐྱིད་རོང་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་སྐོར་དྲིལ་བསྒྲགས་བྱེད་པའི་རྣམ་པ་རེད།
          རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2800ཡོད་པའི་སྐྱིད་རོང་རྫོང་ས་ལེ་གྲོང་ཚོར་སྐྱིད་རོང་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་གྲོང་ཚོ་དང་དུད་ཚང་རེ་རེ་བཞིན་དུ་བསྐྱོད་ནས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་། ཏང་གི་མི་རིགས་སྲིད་ཇུས། དམངས་ཕན་སྲིད་ཇུས་སོགས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དྲིལ་བསྒྲགས་བྱས་ཤིང་། བོད་ལྗོངས་ཀྱི་ཨ་མ་རྒན་མོ་ཚེ་དབང་སྒྲོལ་མས་བརྩེ་བ་ཆེན་པོས་བཤད་རྒྱུར།“ཉེ་བའི་ལོ་ཤས་རིང་། ཏང་གི་སྲིད་ཇུས་བཟང་པོ་ཁག་གིས་ང་ཚོ་འཚོ་བ་སྐྱེལ་སའི་མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་དེར་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་དུ་བཅུག་པ་དང་། ལྷག་པར་དུ་2015ལོའི་‘4·25’ས་ཡོམ་བྱུང་རྗེས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོའི་འོག ང་ཚོས་སླར་ཡང་ཁྱིམ་གཞིས་བསྐྱར་སྐྲུན་བྱས་ཏེ་ད་ཆ་ཁྱིམ་ཚང་ཚང་མ་སྲིད་གཞུང་གིས་ང་ཚོར་བཟོས་པའི་ཁང་པ་གསར་པའི་ནང་སྡོད་ཀྱི་ཡོད་པ་དང་། མི་འགྱངས་པར་གཞུང་ལམ་ཡང་ང་ཚོའི་སྒོ་ཁར་བཟོ་རྒྱུ་རེད། རྒན་རྒོན་གྱིས་སྨན་པར་བསྟེན་པ་དང་། ཕྲུ་གུ་སློབ་གྲྭར་བསྐྱོད་པ་སོགས་ཚང་མ་གནད་དོན་མ་རེད། འཚོ་བ་ཡག་པོ་འདི་རིགས་ནི་ང་ཚོས་སྤྱི་ཚོགས་རྙིང་པར་སེམས་སུ་དྲན་ཡང་མི་ཕོད། ང་ཚོས་ངེས་པར་དུ་ཐོབ་དཀའ་བའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱེད་ངེས་ཡིན་ཞིང་། ད་རུང་མུ་མཐུད་དུ་ཏང་གི་སྣེ་ཁྲིད་འོག་ང་ཚོའི་ཁྱིམ་གཞིས་དྲོན་མོ་འཛུགས་སྐྲུན་བྱ་རྒྱུ་ཡིན”ཞེས་བཤད།

འདི་ནི་སྒང་དཀར་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྒང་དཀར་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་ཁང་ནང་དུ་སློབ་མ་རྣམས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བའི་རྣམ་པ་རེད།
          “གྲོགས་པོ་ཆུང་ཆུང་ཚོ། ཁྱོད་ཚོས་དངོས་པོ་ཅི་ཞིག་གིས་ང་ཚོའི་རྒྱལ་ཁབ་མཚོན་ཐུབ་པ་ཤེས་སམ། ”
          “ངས་ཤེས་ཀྱི་ཡོད་ངས་ཤེས་ཀྱི་ཡོད། དེ་ནི་སྐར་ལྔའི་དར་དམར་རེད།” 
          “གྲོགས་པོ་བཀྲ་ཤིས་རྡོ་རྗེས་ལན་བཏབ་པ་ཧ་ཅང་ཡག་པོ་འདུག སྐར་ལྔའི་དར་དམར་ནི་ང་ཚོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ཡིན་ལ། ང་ཚོའི་རྒྱལ་ཁབ་ཀྱི་མཚོན་རྟགས་ཀྱང་ཡིན། དོན་དངོས་སུ་སྐར་ལྔའི་དར་དམར་ལས་གཞན། ད་རུང་རྒྱལ་རྟགས་དང་། རྒྱལ་གླུ། རྒྱལ་ས་དང་རྒྱལ་སྟོན་དུས་ཆེན་སོགས་ཚང་མ་ང་ཚོའི་རྒྱལ་ཁབ་ཀྱི་མཚོན་རྟགས་རེད།” 
          རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4340ཡོད་པའི་དིང་རི་རྫོང་སྒང་དཀར་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་ཁང་ནང་དུ།སྒང་དཀར་མཐའ་མཚམས་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སློབ་མ་ཚོར་“མེས་རྒྱལ་ང་ཡི་སེམས་ན་གནས”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་གསོན་ཉམས་དོད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཞིག་འཁྱེར་ཡོང་སྟེ་སློབ་འགོ་ཚུགས་པའི་སློབ་ཚན་དང་པོ་བྱས་ཤིང་། དེའི་རིང་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ད་དུང་སློབ་གྲོགས་ཡོངས་ཀྱི་སྣེ་ཁྲིད་དེ་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བ་དང་། མི་སྣ་ཡོངས་ཀྱིས་རྒྱལ་གླུའི་ཁྲོད་དུ་རྒྱལ་དར་ལ་གུས་འདུད་ཞུས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་དང་། སྐད་གསང་མཐོན་པོའི་གླུ་གཞས་ལས་ཕྲུ་གུ་ཚོར་གདེང་ཚོད་དང་སྤོབས་སེམས་ཀྱིས་ཁེངས་ཡོད་པ་མཚོན་འདུག
རྩོམ་སྒྲིག་པ། རིག་གྲོལ།