དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སྒྲོག་འགྲེལ།

བོད་ལྗོངས་གཞིས་ཀ་རྩེའི་སྒྲོག་འགྲེལ་ཡན་ལག་རུ་ཁག་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

སྤེལ་དུས 2020-09-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དྲིལ་བསྒྲགས་དོན་འཁྱོལ་བྱ་རྒྱུ་བསྟུད་མར་སྐུལ་འདེད་བཏང་ནས། མང་ཚོགས་ཚང་མས་ཚོགས་འདུའི་དགོངས་དོན་ཤེས་རྟོགས་ཡོང་བ་འགན་ལེན་བྱ་ཆེད། ཉེ་ལམ་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་འབྲོང་པ་མཐའ་མཚམས་དོ་དམ་རུ་ཆེན་གྱིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་ཡན་ལག་རུ་ཁག་བཙུགས་ནས། ཁོངས་གཏོགས་ཁུལ་གྱི་མདུན་ས་དང་པོར་བསྐྱོད་དེ་སྒྲོག་འགྲེལ་ལས་དོན་སྤེལ་བ་རེད།

           འབྲོག་པ་ཚོར་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
           རུ་ཆེན་གྱི་སྒྲོག་འགྲེལ་ཡན་ལག་རུ་ཁག་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་གུང་བསྒྲིགས་ཏེ་སློབ་ཁྲིད་ཀྱི་ནང་དོན་བཟོས་པ་མ་ཟད། དྲིལ་བསྒྲགས་ལག་དེབ་བཟོས་ནས་ཁོངས་གཏོགས་ཁུལ་གྱི་  ཁྲོམ་གཞུང་དང་འབྲོག་ར། དགོན་སྡེ། སློབ་གྲྭ་སོགས་སུ་བསྐྱོད་དེ་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱས། སྒྲོག་འགྲེལ་བྱེད་པའི་རིང་ལ་མི་དམངས་ཉེན་རྟོག་པས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། “ངེས་པར་དུ་བྱེད་དགོས་པ་བཅུའི”ཚན་རིག་དང་མཐུན་པའི་གོ་དོན་སོགས་ཀྱི་ནང་དོན་ལ་གོ་བདེའི་འགྲེལ་བཤད་ཞིབ་ཅིང་ཕྲ་བ་ཞིག་བྱས་པ་རེད། 

           འབྲོག་པ་ཚོར་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།

           འབྲོག་པ་ཚོར་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
           ཐེངས་འདིའི་སྒྲོག་འགྲེལ་ལས་དོན་སྤེལ་བའི་རིང་ལ། མི་དམངས་ཉེན་རྟོག་པ་ཚོས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་དེ་དུས་ཐོག་ཏུ་མང་ཚོགས་ཀྱི་སེམས་སུ་བཞག་ནས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བསམ་བློའི་རང་རྟོགས་དང་། བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཇེ་བརྟན་དུ་བཏང་སྟེ། མང་ཚོགས་ཀྱིས་“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི”དམིགས་ཚད་ལ་འབད་འཐབ་ཀྱིས་སྤྲོ་སེམས་འཁོལ་བ་བྱ་རྒྱུར་སྐུལ་སྤེལ་བཏང་ཡོད་པ་རེད།