དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སྒྲོག་འགྲེལ།

བོད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་ཡིས་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་འབྲེལ་ཡོད་དྲིལ་བསྒྲགས་སྤེལ་གཏོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས།

སྤེལ་དུས 2020-09-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། རྩོམ་པ་པོ།
          ཉེ་ཆར། བོད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་ཡིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་འབྲེལ་ཡོད་དྲིལ་བསྒྲགས་སྤེལ་གཏོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་དྲིལ་བསྒྲགས་པུའི་ཉེ་དུས་ཀྱི་དྲིལ་བསྒྲགས་སྤེལ་གཏོང་གི་འབྲེལ་ཡོད་ལས་དོན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་བརྒྱུད་བསྒྲགས་བྱས་པ། གཙོ་གནད་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
          ཡན་ཅིན་ཧའེ་ཡིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་དྲིལ་བསྒྲགས་ཡག་པོ་བྱེད་པ་ནི། མིག་སྔ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་དོན་ཆེན་ཨང་དང་པོ་ཡིན་ལ། ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་རེད། འབྲེལ་ཡོད་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། བཀོད་སྒྲིག་ཞིབ་ཚགས། མཐུན་སྦྱོར་གཞོགས་འདེགས་དམ་ཟབ། ལས་ཀའི་མཉམ་ཤུགས་ཆགས་པ་བཅས་བྱས་ནས་དྲིལ་བསྒྲགས་སྤེལ་གཏོང་གི་ལས་དོན་ཐུན་མོང་ཐོག་གཏིང་ཟབ་དང་། ཞིབ་ཕྲ། ཏན་ཏིག་བཅས་ཀྱི་སྒོ་ནས་སྤེལ་ཏེ། དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་དང་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་གཏོད་དགོས་ཞེས་གསུངས་པ་རེད།
          ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། གཅིག་ནས་ཚད་མཐོའི་མཐོང་ཆེན་བྱེད་དགོས། རིམ་ཁག་འབྲེལ་ཡོད་ཚན་པས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་མཐོ་ཚད་དུ་ལངས་ནས། “འདུ་ཤེས་བཞི”ཟབ་དུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་མཐོ་ཚད་དུ་ལངས་ནས། དྲིལ་བསྒྲགས་ཆེན་པོའི་ལས་ཀའི་འདུ་ཤེས་འཛུགས་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དྲིལ་བསྒྲགས་སྤེལ་གཏོང་གི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་ཐུབ་པ། ཚན་པ་འདི་ག་དང་སྡེ་ཚན་འདི་གས་ཀྲུང་དབྱང་སྨྱན་སྦྱོར་དང་རང་སྐྱོང་ལྗོངས་སྨྱན་སྦྱོར་གྱི་དྲིལ་བསྒྲགས་སྤེལ་གཏོང་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པའི་འགན་འཁྲི་གལ་ཆེན་ལ་ངོས་འཛིན་གསལ་པོ་ཐུབ་པ་བཅས་བྱས་ཏེ། འབྲེལ་ཡོད་ཀྱི་གཞོགས་འདེགས་དང་། རྒྱབ་སྐྱོར། ཞབས་འདེགས་བཅས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། གཉིས་ནས་འགན་འཁྲི་ཁ་གསལ་བཟོ་དགོས། ཧྲུའུ་ཅི་ཝུའུ་དབྱིང་ཅེའི“ཐོག་མའི་དཔྱད་གཞི་གྲ་སྒྲིག་ཡག་པོ་དང་ཕྱོགས་ཡོངས་ནས་མཁོ་འདོན་བྱེད་པའི”མཆན་བཀོད་ཀྱི་བླང་བྱ་གཞིར་བཟུང་།བོད་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་འབྲེལ་ཡོད་སྡེ་ཚན་གྱིས་སྨྱན་སྦྱོར་གྱི་དྲིལ་བསྒྲགས་སྤེལ་གཏོང་ལས་དོན་ལ་གཞོགས་འདེགས་བྱེད་པའི་ལས་འགན་ཁག་བགོས་ཁ་གསལ་དང་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད། འབྲེལ་ཡོད་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཧྲུའུ་ཅིས་རང་ཉིད་ངོ་མས་འདྲི་རྟོག་དང་བཀོད་སྒྲིག་བྱས་ཏེ། ལས་འགན་ཁག་བགོས་འགོ་ཁྲིད་གཅིག་གཏན་འཁེལ་བྱས་ནས་སྨྱན་སྦྱོར་གྱི་དྲིལ་བསྒྲགས་སྤེལ་གཏོང་ལས་དོན་ལ་གཞོགས་འདེགས་བྱེད་པར་འགན་ཞིབ་ཕྲ་འཁུར་བ་དང་། ཐོག་མའི་དཔྱད་གཞི་གྲ་སྒྲིག་དང་། གྲངས་གཞི་བསྡོམས་རྩིས། དཔྱད་གཞི་མཁོ་འདོན། བཅར་འདྲིའི་ས་གནས་འབྲེལ་གཏུག བཅར་འདྲི་བྱ་ཡུལ་འབྲེལ་གཏུག་སོགས་ལས་འགན་ཞིབ་ཕྲ་མི་སོ་སོར་ཁག་བགོས་བྱེད་པ། ལེགས་སྒྲུབ་ཀྱི་དུས་ཚད་ཁ་གསལ་བཟོ་བ་བཅས་ཀྱིས་ལས་ཀ་དོན་འཁྱོལ་དང་། ལས་འགན་དོན་འཁྱོལ། འགན་འཁྲི་དོན་འཁྱོལ་བཅས་བྱེད་དགོས། གསུམ་ནས་སྤུས་ཚད་འགན་ལེན་བྱེད་དགོས། ཐོག་མའི་དཔྱད་གཞི་ཆ་ཚང་པོ་ཡོང་བར་བྱེད་དགོས་པ་སྟེ་ངོ་བོ་གཏན་འཁེལ་གྱི་བརྡར་ཤ་གཅོད་དགོས་ལ་གྲངས་ཚད་གཏན་འཁེལ་གྱི་དབྱེ་ཞིབ་ཀྱང་བྱེད་དགོས་པ་དང་། སྤྱི་ཡོངས་ཀྱི་སྲིད་ཇུས་དགོས་ལ་བྱེད་ཐབས་ཞིབ་ཕྲ་ཡང་དགོས་པ། སྤྱི་ཁོག་གི་སྡོམ་ཚིག་དགོས་ལ་གྱོད་དཔེ་བྱེ་ཕྲག་ཀྱང་དགོས། དཔྱད་གཞི་ཡང་དག་ཡོང་བར་སྲིད་ཇུས་འགྲེལ་བཤད་གནད་སྨིན་དང་གོ་བ་ལེན་ཚུལ་གཅིག་མཚུངས་ཡིན་དགོས་པ་དང་། དཔལ་འབྱོར་དབྱེ་ཞིབ་རྩོད་སྒྲུབ་དྲང་བདེན་དང་གྲུབ་འབྲས་ཐོན་པའི་གྱོད་དཔེ་དངོས་ཡོད་དང་རྫུན་ལྷད་མེད་པ་དགོས་པ། དཔེ་མཚོན་བྱས་རྗེས་དོན་དངོས་དང་རྫུན་མི་བཟོ་བ་བཅས་བྱས་ནས་ཐོག་མའི་དཔྱད་གཞི་ནང་དོན་ཆ་ཚང་པོ་ཡོང་བར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 
རྩོམ་སྒྲིག་པ། རིག་གྲོལ།