དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སྒྲོག་འགྲེལ།

ཚོགས་འདུའི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མས་རྟོགས་པའི་འགན་ལེན་བྱེད་པ།

སྤེལ་དུས 2020-11-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉིན་ཤས་བསྟུད་མའི་རིང་། བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ཨུ་ལྷན་གྱི་ཧྲུའུ་ཅིས་སྣེ་ཁྲིད་དེ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མས་རྟོགས་པའི་འགན་ལེན་བྱས་ཡོད་པ་རེད།
          ཉེ་ཆར། བོད་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་གྲོང་ཁྱེར་དེ་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པར་ཕྱོགས་ནས། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། ཁོང་གིས། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས་དང་ལག་བསྟར་བཅས་བྱེད་རྒྱུ་དེ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བའི་བཀོད་སྒྲིག་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ་དང་། མཐའ་ཚད་ཀྱི་བསམ་གཞིག་བརྟན་དུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། ཉེན་ཁ་དང་འགྲན་སློང་ཆེ་རིགས་མཐའ་གཅིག་ཏུ་འགོག་ཟོན་དང་སེལ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བཀོད་སྒྲིག་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཕན་བདེ་མང་ཚོགས་ལ་སྐྲུན་རྒྱུ་མཐའ་འཁྱོངས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་། སྐྱིད་སྣང་། བདེ་འཇཊ་ཚོར་སྣང་བཅས་དེ་བས་མང་བ་ཡོང་བའི་འགན་ལེན་བྱེད་དགོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བཀོད་སྒྲིག་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། ས་མཐོའི་རྩྭ་རྩི་ཤིང་ཚུན་ཆད་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ནས། དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ་དང་། ལྷ་སའི“སྔོ་ལྗང་གྲོང་སྐོར”དང་ཆུ་རྒྱུད་སྒྱུར་བཀོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་བཀོད་སྒྲིག་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས། ཏང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པའི་བཀོད་སྒྲིག་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། དུས་རྒྱུན་ནས་རང་རྟོགས་ངང་ཏང་ཀྲུང་དབྱང་གི་བླང་བྱ་དང་ཡང་ཡང་སྡུར་བ། ཡིན་མིན་ཆེན་པོའི་མདུན་དུ་རལ་གྲི་འཕྱར་ཕོད་པ་དང་དཀའ་ངལ་ཆེན་པོའི་མདུན་དུ་མདུན་སྐྱོད་བྱེད་ཕོད་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
          ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མ་ཧྲེང་ཁྲང་སྤོ་བོ་རྫོང་དུ་བསྐྱོད་ནས། ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་བ་དང་། མང་ཚོགས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་བར་དམིགས་ནས་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་གནང་ཡོད་པས། ང་ཚོའི་ཡོང་འབབ་ཇེ་མང་དུ་སོང་བ་དང་། ཕྱུག་འགྱུར་ལམ་བུ་ཇེ་ཡངས་སུ་སོང་བ། འཚོ་བ་ཇེ་ལེགས་སུ་འགྲོ་བ་བཅས་ཡོང་ངེས་རེད། ཚང་མས་ངེས་པར་དུ་གུང་ཁྲན་ཏང་ཡག་པ་དང་ཏང་གི་གཟིགས་སྐྱོང་སྲིད་ཇུས་ཡག་པ་ཤེས་སུ་འཇུག་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་གཟིགས་སྐྱོང་སྲིད་ཇུས་ལ་དོ་ཁུར་མང་ཙམ་བྱས་ཏེ། དེའི་ཁྲོད་ནས་ལས་སྒྲུབ་ལས་གཏོད་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། སྤྱོད་གོ་ཆོད་པའི་ལག་རྩལ་ཁོང་དུ་ཆུད་པར་བྱེད་པ། རང་འགུལ་ངང་ཁེ་ལས་སུ་ལས་ཀ་བྱེད་པར་སྐྱོད་པ་བཅས་བྱས་ནས། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་དགོས་ཞེས་བརྗོད་པ་རེད།
          ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་གྱིས་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་རེད། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པུའུ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ལྟེ་བའི་དོན་སྙིང་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཏན་ཏིག་བཟོ་བ། རང་རྟོགས་ངང་ཚད་གཞི་དང་ཡང་ཡང་བསྡུར་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་ལ་བརྟེན་ནས། ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ཟབ་མོ་གཏོད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པ་བཅས་ཀྱི་ཉམས་སད་ཐེག་པའི་འཇོན་ཐང་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་དང་ལས་འགན་ཕྲག་ཏུ་དེ་བས་ཡག་པོ་འཁུར་དགོས་ཞེས་བསྟན་པ་རེད།
          ཉེ་ཆར། ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་ནག་ཆུ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ལས་བྱེད་པའི་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་ནི། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དོན་སྙིང་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི“ངེས་པར་དུ་བཅུའི”ཕུན་སུམ་ཚོགས་པའི་ནང་དོན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་ལས་འགན། དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལྔ་བཅས་ཁོང་དུ་བརྟན་པོར་ཆུད་པ་བྱེད་པ། དུས་རབས་གསར་པའི་བོད་ལྗོངས་ཀྱི་འཐབ་ཇུས་ཀྱི་ངེས་གནས་ལ་གོ་བ་གཏིང་ཟབ་ལེན་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། དུས་རབས་གསར་པའི་ལོ་རྒྱུས་ཀྱི་ལས་འགན་དང་འགན་འཁྲི་ཕྲག་ཏུ་འཁུར་བ་བཅས་བྱས་ནས། ནག་ཆུའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
          ཉིན་ཤས་གོང་། མངའ་རིས་ས་ཁུལ་གྱིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ཏང་ཡོན་དང་ལས་བྱེད་པའི་ཚོགས་ཆེན་འཚོགས་པ་དང་། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཀྲུང་ཁུའེ་ཡིས་ཚོགས་འདུའི་ཐོག ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དོན་སྙིང་གལ་ཆེན་དང་། ནང་དོན་ཟབ་མོ། བཀོད་སྒྲིག་གལ་ཆེན་བཅས་རྒྱས་བཤད་གནང་བ་རེད། ཚོགས་འདུའི་ཐོག མངའ་རིས་ས་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡག་པོ་བླངས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་། དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་གྱི་དམིགས་ཚད་ལས་འགན་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ། ཏང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
          ཉིན་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོ་འཐབ་ཕྱོགས་དང་པོར་ལས་འགན་སྙན་སེང་ཉན་པ་དང་། གཞི་རིམ་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་དེ། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྣེ་འཁྲིད་དེ་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་བྱེད་རིང་། གཞིས་རྩེ་གྲོང་ཁྱེར་གྱིས། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་དེ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། ཚོགས་འདུའི་ཐོག་ཁ་གསལ་བཏོན་པའི་ལས་འགན་ཁག་གཞིས་རྩེར་དོན་འཁྱོལ་ཏན་ཏིག་ཐུབ་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཁྲོད་ནས། ཁ་ཕྱོགས་དང་ཐབས་ཤེས་འཚོལ་བ་དང་། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བོད་ལྗོངས་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁྲོད་གོ་སྐབས་དམ་འཛིན་དང་འཇོན་ཐང་ཆེ་རུ་གཏོང་བ། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སེམས་ལ་ཟུག་པ་དང་དོན་དངོས་ལས་ཀའི་ནང་ལག་བསྟར་བྱས་ནས། ཞིབ་ཕྲའི་ལས་གནས་ཐོག་མཚོན་པ་བཅས་བྱེད་དགོས། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་བ། སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱེད་པ་བཅས་ལ་དམིགས་པ་དང་ཤུགས་སྣོན་བརྒྱབ་ནས། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དམ་འཛིན་ཏན་ཏིག་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
          ཉིན་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོས་གོང་གིས་འོག་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་པ་རེད། ལྷོ་ཁ་གྲོང་ཁྱེར་གྱིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱེད་པ་ནི། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྣེ་འཁྲིད་དེ་སློབ་སྦྱོང་ནན་ཏན་བྱས་ཏེ། ཟབ་སྦྱོང་ཟབ་ཤེས་དང་། ཟབ་སྦྱོང་མཐིལ་རྟོགས། གོ་དོན་མཐིལ་རྟོགས་བཅས་ཐུབ་པར་བྱེད་དགོས། ལྷོ་ཁའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས། སྣེ་ཁྲིད་སྡེ་ཚན་དང་། འགན་འཁྲི། ལས་འགན་བཅས་རེ་རེ་བཞིན་ཁ་གསལ་བཟོ་བ་དང་། ཚད་གཞི་དང་ཡང་ཡང་བསྡུར་ནས་དོན་འཁྱོལ་བྱེད་པ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ཏེ། འགན་འཁྲི་ཁུར་བའི་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལྷོ་ཁར་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།