དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སྒྲོག་འགྲེལ།

དཔའ་མཛངས་རྟུལ་ཕོད་ཀྱིས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད།

སྤེལ་དུས 2020-11-16 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲུ་ཚུགས། རྩོམ་པ་པོ།
           “ལོ་ལྔ་ཚན་བཅུ་གསུམ་པ”ཚུན་དུ་ཉིང་ཁྲིའི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་དང་དཔའ་ངར་ཆེར་སྐྱེད་བྱས་པ་བརྒྱུད། “གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ལ་སྔར་བྱུང་མྱོང་མེད་པའི་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་པ་དང་། དཔལ་འབྱོར་འཛུགས་སྐྲུན་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ། དམངས་འཚོའི་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་བྱུང་བ། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། གྲོང་ཁྱེར་གྱི་ཐོག་བརྩེགས་ཅན་རེ་རེ་དང་གྲོང་གསེབ་ཀྱི་སྡོད་ཁང་རེ་རེ་ལས་དམངས་འཚོར་ཐོབ་པའི་གྲུབ་འབྲས་མངོན་ལ།  ཏང་གི་སྦྲང་ཆར་ཟིལ་མའི་འོག་ལས་ལ་བརྩོན་ཞིང་བློ་རིག་བཀྲ་བའི་ཀོང་པོའི་བུ་ཕྲུག་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་བྱས་རྗེས་ངོ་མཚར་གྲངས་མེད་བཏོད་ཅིང་། “གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”འདི་ཉིད་ད་ཆ་རི་ཀླུང་མཛེས་ལ་མི་རྣམས་དེ་བས་མཛེས་པའི་རྣམ་པ་མངོན་བཞིན་ཡོད།
           ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ།
           “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། ཉིང་ཁྲི་གྲོང་ཁྱེར་གྱིས“ཞིང་གསུམ”ལས་དོན་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ས་བབ་དམའ་བ་དང་། གནམ་གཤིས་ལེགས་པ། སྣོད་བཅུད་ལེགས་པ། ཐོན་ཁུངས་མང་བ་བཅས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དེ་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་གྲུབ་ཆར་ལེགས་སྒྲིག་བྱེད་པའི་གཙོ་རྒོལ་ཁ་ཕྱོགས་དང་།  ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་འགག་རྩའི་དམ་འཛིན་བྱ་གཞི་བཅས་སུ་བརྩིས་ནས་གཞི་ཁྱོན་ལྡན་པ་དང་། སྤུས་རྟགས་གཏོད་པ། སྤུས་ཀ་ལེགས་གཏོང་། སྣ་ཁ་མང་བ་བཅས་ལ་མུ་མཐུད་གཞོལ་བ་དང་འབྲེལ། ཁྱད་ལྡན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཁྱད་ལྡན་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་ཡོད།
           “རྒྱུད་གཅིག་རྟེན་གཞི་བཞིའི་”ཐོན་ལས་ཀྱི་བཀོད་པར་དམིགས་པ་དང་། “རྫོང་མང་པོར་ཐོན་རྫས་གཅིག་དང་ཐོན་ལས་མཉམ་སྒུལ”གྱི་འཕེལ་རྒྱས་བསམ་ཕྱོགས་ལ་གཞིགས་ནས། ཉིང་ཁྲི་གྲོང་ཁྱེར་གྱིས་ཁེ་ལས་དང་མཉམ་ལས་ཁང་གི་ཡུག་འབྲེལ་འདེབས་འཛུགས་དང་གཞི་ཁྱོན་འོས་འཚམ་གྱི་གསོ་ཚགས་ལ་ཁྲིད་སྟོན་ཧུར་ཐག་བྱས་པ་བརྒྱུད། ཀོང་པོ་རྒྱ་མདའ་དང་། སྨན་གླིང་། སྤོ་བོ། བྲག་ཡིབ་བཅས་གཙོ་བོར་བྱེད་པའི་བོད་ཕག་ཐོན་ལས་རྟེན་གཞི་དང་། སྤོ་བོ་དང་། རྫ་ཡུལ། མེ་ཏོག་བཅས་གཙོ་བོར་བྱས་པའི་ཇའི་ཐོན་ལས་རྟེན་གཞི། བྲག་ཡིབ་དང་། སྨན་གླིང་། སྤོ་བོ། རྫ་ཡུལ་བཅས་གཙོ་བོར་བྱས་པའི་ཤིང་འབྲས་འདེབས་འཛུགས་རྟེན་གཞི། སྨན་གླིང་གཙོ་བོར་བྱས་པའི་བོད་སྨན་སྨན་རྩྭ་འདེབས་འཛུགས་རྟེན་གཞི། བྲག་ཡིབ་ཆུས་གཙོ་བོར་བྱས་པའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་བཅས་རིམ་གྱིས་བསྐྲུན་ཡོད། མིག་སྔའི་བར། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན། ཤིང་འབྲས་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་ཁྲི་27.68དང་།  ཇ་ལོ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་4.6 སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་0.9 བོད་སྨན་སྨན་རྩྭ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་1.47 བོད་ཕག་གསོ་ཚགས་མགོ་གྲངས་ཁྲི་23བཅས་ཟིན་ཡོད་པ་རེད།
           ཁྱད་ལྡན་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་དང་རྒྱུན་མཐུད་སྟོབས་ཆེར་ཕྱིན་ནས་ས་གནས་དེ་གའི་ཞིང་འབྲོག་པའི་འབབ་འཕར་ལ་སྣེ་ཁྲིད་ནུས་ལྡན་བྱས་ཡོད། 2019ལོར་ཉིང་ཁྲི་གྲོང་ཁྱེར་གྱི་ཁྱད་ལྡན་ཐོན་ལས་ཁྲོད་དུད་ཚང་ཁྲི་1ཙམ་དང་མི་ཁྲི་4ཙམ་ལ་ཕན་པ་ཐོབ་པ་དང་། རྣམ་གྲངས་ཁུལ་གྱི་མི་རེར་ཆ་སྙོམས་འབབ་འཕར་སྒོར་2000ཟིན་པ་མ་ཟད། ལྷག་པར་དུ་ཇ་ལོ་འདེབས་འཛུགས་ར་བ་བསྐྲུན་པ་དང་ཇ་ལོ་འཐུ་བ་སོགས་ཀྱི་རྣམ་གྲངས་ཁྲོད་ནས་མང་ཚོགས་9388ལ་ཡོང་འབབ་སྒོར་ཁྲི་3051བྱུང་བ་དང་། མི་རེར་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་3249འཕར་ཡོད་པ་རེད།
           སྣོད་བཅུད་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ།
           ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་གསེར་སྒོ་རྭ་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་ངོགས་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཚོ་ཞིག་རེད།
           ལོ་མང་གོང་རང་བྱུང་གི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས། ཡར་ཀླུང་གཙང་པོའི་རྒྱུད་དུ་བྱེ་འགྱུར་ཚབས་ཆེ་རུ་ཕྱིན་པ་དང་སྔོ་ཁེབས་ཉུང་དུ་ཕྱིན་ཡོད། “དེ་སྔོན་གྲོང་ཚོར་བྱེ་རྡུལ་མང་བ་དང་ཕྱི་དྲོ་སླེབས་སྐབས་བྱེ་རླུང་ལྡང་ནས་མིག་ཀྱང་གདངས་ཐུབ་ཀྱི་མེད“བྱེ་རླུང་གིས་གྲོང་ཚོའི་སྡོད་ཁང་ལ་གཏོར་སྐྱོན་བཟོ་བ་དང་། “བཙོག་ཟིང་ཞན་གསུམ”གྱི་ཁོར་ཡུག་གིས་ཀྱང་གྲོང་མིའི་གཟུགས་གཞི་བདེ་ཐང་ལའང་ཤུགས་རྐྱེན་བཟོ་གི་ཡོད།
           གནས་ཚུལ་དེར་ཇི་ལྟར་བྱས་ནས་འགྱུར་ལྡོག་གཏོང་དགོས་སམ། ཐབས་ཤེས་ཡག་ཤོས་ནི་ལྗོན་ཤིང་འཛུགས་རྒྱུ་དེ་རེད།
           “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་བྱེ་འགོག་ནགས་བཟོའི་འདུ་འགོད་བར་མཚམས་ཆད་མྱོང་མེད། ད་ཆ་གསེར་སྒོ་རྭ་གྲོང་ཚོར་ལྗོན་ཤིང་རྐང་ཁྲི་བཅུ་ཕྲག་ཁ་ཤས་བཏབ་ཡོད་པ་དང་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་7ཙམ་ཟིན་ཡོད་པ་རེད།
ད་ཆ་གསེར་སྒོ་རྭ་གྲོང་ཚོ་འདི་ཉིད་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པ་དང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་གྱི་གཞུང་ལམ་དང་གཙང་ཞིང་གྲལ་འགྲིག་པའི་གྲོང་ཚོའི་རྣམ་པ་དང་། ཀོང་པོའི་ཁྱད་ཆོས་ལྡན་པའི་སྡོད་ཁང་གསར་པ། སྒོ་རའི་ནང་མེ་ཏོག་སྣ་ཚོགས་བཞད་པ། སྡོད་ཁང་དཀར་ཆ་དང་གཙང་སྦྲ་ལྡན་པ་བཅས་ཡོད་ལ། མགྲོན་བསུར་སྤྲོ་བའི་གྲོང་མིའི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་འདུག དེ་ནི་ད་ཕན་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱི་སྣོད་བཅུད་སྲུང་སྐྱོང་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་རེད།
           “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་36བྱས་པ་དང་། བྱེ་ས་མུའུ་ཁྲི་45བཅོས་སྐྱོང་། ནགས་ཚལ་མུའུ་ཁྲི་18སྲུང་སྐྱོང་། དཔལ་འབྱོར་སྡོང་ཕྲུག་རྟེན་གཞི་མུའུ་ཁྲི་1ལྷག་ཙམ་བསྐྲུན་པ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་རྣམ་གྲངས་70ལེགས་སྒྲུབ་བཅས་བྱས་པར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་2.6དོན་འཁྱོལ་བྱས་ཡོད།
མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་531.85དང་སྔོ་ལྗང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་524.41ཟིན་ནས་སྔོ་འགྱུར་ཁྱབ་ཚད་42.55%དང་41.95%སོ་སོར་ཟིན་ཡོད།
           མི་དམངས་ཀྱི་འཚོ་བ་འབྱོར་ཕྱུག་ལྡན་པ།
           ཉིང་ཁྲི་གྲོང་ཁྱེར་གྱི་མཚོ་མོ་སྐྱིད་རིའི་འགྲམ་དུ་གནས་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སྟེ་ཐང་སྡིང་གྲོང་ཚོ་ཁུ་སིམ་ལ་མཛེས་སྡུག་ལྡན་པ་དང་། གྲོང་ཚོར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་དག་གཙང་སྦྲ་ལྡན་པ། ཁྱིམ་ཚང་གི་སྒོ་འགྲམ་བར་ཡངས་པའི་གཞུང་ལམ་བཟོས་པ། ཁྱིམ་ཚང་ཚང་མས་ཕན་ཚུན་རོགས་རམ་དང་། ཁྱིམ་མཚེས་དབར་འཆམ་མཐུན་ཟབ་པ་བཅས་ཀྱི་དགའ་བའི་རྣམ་པས་ཁེངས་ཡོད།
           ལོ་87ལ་སླེབས་པའི་བགྲེས་སོང་འཛོམས་པས་ལྟོས་གྲོད་པ་མི་རྒྱགས་པ་ནས་འབྱོར་འབྲིང་ཕྱུག་འགྱུར་གྱི་ཕྱོགས་སུ་བསྐྱོད་པའི་བར་གྱི་འགྱུར་ལྡོག་བརྒྱུད་མྱོང་ཡོད། “སྤྱི་ཚོགས་རྙིང་པར་ཆུང་དུས་ཉིན་མོར་གྱོན་པའི་ལྷམ་ནི་དགོང་མོའི་སྔས་མགོ་ཡིན་པ་དང་ལུས་སྟེང་གི་ཕྱུ་པ་ནི་དགོང་མོའི་མལ་ཐུལ་ཡིན། ད་ཆ་ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན་ནས་སྡོད་སའི་ཁང་པ་ལེགས་པ་དང་ལྟོ་གོས་ལ་སེམས་ཁྲལ་མེད་ལ་ནད་ལྟ་དགོས་ན་སྨན་བཅོས་འགན་ལེན་ཡོད”ཅེས་བགྲེས་སོང་འཛོམས་པས་བརྗོད་བྱུང་།
           “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་ཐང་སྡིང་གྲོང་ཚོས་འཕེལ་རྒྱས་ཀྱི་ཚ་རླབས་གསར་པ་བསུས་ཤིང་། ཞིང་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་ཁང་སྟེ་པིང་ཧུའུ་ཞིང་ཞོར་ཐོན་རྫས་ཕྱོགས་བསྡུས་ལས་སྣོན་ཆེད་ལས་མཉམ་ལས་ཁང་ཐོག་མར་བཙུགས་ཤིང་། ད་ཆ་མཉམ་ལས་ཁང་ལ་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་900ལྷག་ཙམ་ཡོད་པ་དང་ལོའི་ཡོང་འབབ་སྒོར་ཁྲི་40ཟིན་གྱི་ཡོད། ད་ཕན་ལོ་ཤས་རིང་། པད་ཁའི་སྣུམ་སྣོན་བཟོ་གྲྭ་དང་། བོད་བྱ་གསོ་ཚགས་རྟེན་གཞི། སྣོད་བཅུད་ཡུལ་སྐོར་གླིང་ཁུལ། ཡུལ་སྐོར་སྣེ་ལེན་ཁང་སོགས་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་པ་དང“ཀྲི་པུའུ+མཐུན་ཚོགས+ཞིང་དུད”བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་ལ་ཕན་འབྲས་རགས་ཙམ་ཐོན་ཡོད། 2019ལོར་ཐང་སྡིང་གྲོང་ཚོའི་གྲོང་གསེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་900ལས་བརྒལ་ཡོད། གྲོང་མིའི་ཁྱིམ་ཚང་གི་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་ནས་བདེ་སྐྱིད་སྟོན་གྲངས་ལོ་རེ་བཞིན་འཕར་བཞིན་ཡོད།
           2019ལོར་ཉིང་ཁྲི་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་172.45ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་33041ཟིན་ནས་11.3%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16710ཟིན་ནས་12.8%འཕར་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད།
           རྫོང་ཆུས་བདུན་གྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོའི་དུད་ཚང་6958ཀྱི་མང་ཚོགས་23893ཚང་མ་དབུལ་ཞྭ་ཕུད་ཐུབ་པ་དང་། གྲོང་ཚོ་དབུལ་པོ་490ཚང་མ་དབུལ་སྒྲོལ་ཐུབ་པ། དབུལ་པོ་དབུལ་རྐྱང་རྦད་དེ་དབུལ་སྒྲོལ་ཐུབ་པ་བཅས་ཀྱི་གྲུབ་འབྲས་ཐོབ་ཡོད།
           “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་འགྲན་སློང་དང་ཐོབ་དཀའ་བའི་གོ་སྐབས་མང་པོར་ཕྱོགས་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་དཀའ་ངལ་བསུ་ཞིང་མདུན་སྐྱོད་དང་། འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་པ། ཏན་ཏན་ཏིག་ཏིག དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཏེ། འཕར་བའི་ནུས་པ་ལྡན་པ་དང་ཕུགས་ལ་ཕན་པའི་དོན་ཆེན་དང་སྒྲུབ་དཀའ་བའི་བྱ་བ་ཁག་གཅིག་བསྒྲུབས་པས་འཕར་བའི་འགུལ་ནུས་གཅིག་སྡུད་བྱུང་བ་མ་ཟད། རྨང་གཞི་བརྟན་པོ་བཏིང་ཐུབ་པ་བྱུང་ཡོད།
           འདས་ཟིན་པའི་ལོ་ལྔའི་ནང་འབད་འཐབ་ཀྱི་རྐང་རྗེས་ཉིང་ཁྲིའི་ས་གཞི་ཆེ་མོར་བཞག་ཡོད། འབྱུང་འགྱུར་ལོ་ལྔ་ཡི་རིང་མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་དེ་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་ཐུབ་ངེས་རེད། 
རྩོམ་སྒྲིག་པ། རིག་གྲོལ།