དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སྒྲོག་འགྲེལ།

གཞིས་རྩེ་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་བྱས་ནས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་མི་ཚང་མས་ཤེས་རྒྱུར་སྐུལ་འདེད་བཏང་བ།

སྤེལ་དུས 2020-12-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           ཉེ་དུས་གཞིས་རྩེ་གྲོང་ཁྱེར་གྱིས་ཏང་གི་སྲིད་ཇུས་སློབ་སྦྱོང་དང་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གཞི་རིམ་གྱི་འཐབ་ས་དང་པོར་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཤེས་རྟོགས་ཐུབ་ཚད་དང་ཁྱབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
           སྒྲོག་འགྲེལ་གསོ་སྦྱོང་གི་ལས་དོན་སྤེལ་ཞིང་། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ“ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”གྱི་མཚམས་ཚིགས་ལས་དོན་ལ་དམིགས་པ་དང་། དྲིལ་བསྒྲགས་ལས་དོན་སྤེལ་རིང་གནས་པའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་དང་ཟུང་འབྲེལ་བྱེད་པ། གསོ་སྦྱོང་ལས་དོན་སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་པས་སྒྲོག་འགྲེལ་གྱི་ཉམས་མྱོང་དང་ཐབས་རྩལ་སྔར་བས་ཆེ་རུ་ཕྱིན་ཏེ་སྦྱངས་པ་གོ་ཆོད་ཡོད་པ་བྱས་པ་དང་། སྦྱངས་ནས་འབྲས་བུ་ཐོན་པ། སྦྱངས་པ་གོ་ཆོད་བཅས་བྱས་ཡོད། ས་སྐྱ་རྫོང་གིས་གཞི་རིམ་སྒྲོག་འགྲེལ་དཔུང་ཁག་གི་ལེགས་ཆ་འདོན་སྤེལ་དང་། ཏང་གི་སློབ་གྲྭའི་གཡུལ་ས་གཙོ་བོའི་ནུས་པར་ཤུགས་སྣོན། ཧྲང་ཧའེ་ཡི་བོད་སྐྱོར་སྟོབས་ཤུགས་ལ་རྟེན་པ། “དཔེ་ཀློག་འཛིན་གྲྭ”སོགས་ཀྱི་ལས་སྟེགས་སྐྲུན་པ་བཅས་བྱས་ཏེ་སྐོར་སྐྱོད་གསོ་སྦྱོང་དང་། དམིགས་འཛུགས་གསོ་སྦྱོང་། ལྟ་སྦྱོང་རྟོག་ཞིབ་སོགས་ཀྱི་རྣམ་པ་ནས་དྲིལ་བསྒྲགས་སློབ་གསོའི་གསོ་སྦྱོང་གཏིང་ཟབ་བྱས་པ་རེད།
           ཤེས་བྱའི་འགྲན་བསྡུར་བྱེད་སྒོ་སྤེལ་ཞིང་། རྫོང་དང་ཆུས་ཁག་གིས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་ཡིག་རྒྱུགས་གཏོང་བ་དང་ས་གནས་ས་ཐོག་ཏུ་དྲི་བ་འདོན་པ་སོགས་ཀྱི་རྣམ་པ་ནས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་ཤེས་བྱའི་འགྲན་བསྡུར་བྱས་པས། “འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི”སློབ་སྦྱོང་གི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཚོའི་སློབ་སྦྱོང་གི་རང་རྟོགས་བསམ་པ་དང་ཧུར་སེམས་འཕེལ་བར་བྱས་ཡོད། ངམ་རིང་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་འབྲེལ་ཡོད་ནང་དོན་དང་ཤེས་བྱར་དམིགས་ནས་ས་ཆ་དངོས་སུ་དྲི་བ་དྲིས་ལན་གྱི་འགྲན་བསྡུར་བྱས་པ་དང་། འགྲན་ཞུགས་རུ་ཁག་ཁག་གིས་འགྲན་བསྡུར་ལ་ཧུར་ཐག་ཞུགས་པ་དང་ལན་ཧུར་ཐག་བརྒྱབ་ཅིང་། རེས་སྐོར་དྲི་གཞི་དང་། ངེས་འདེབས་དྲི་གཞི། ཧབ་ཐོབ་དྲི་གཞི། སྤྲོ་སྣང་ལྡན་པའི་དྲི་གཞི། བར་སྣོན་དྲི་གཞི་སོགས་ལྷུ་ཚིགས་ཀྱི་འགྲན་བསྡུར་བྱེད་སྟངས་སྤྱད་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོའི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ་དང་། ཏང་གཤིས་བློ་སྦྱོང་དང་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་ཕྱིན་ཡོད།
           བརྗོད་བྱ་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་ཤིང་། རྫོང་དང་ཆུས་ཁག་གིས་ཞིང་འབྲོག་མང་ཚོགས་དང་གྲོང་སྡོད་ལས་དོན་རུ་མི་སོགས་སྒྲིག་འཛུགས་བྱས་ནས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་རྒྱ་ཁྱབ་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱིམ་ཚང་མི་རེ་ངོ་རེ་དང་མི་ཚང་མས་ཤེས་པར་བྱས་ཡོད། རྣམ་གླིང་རྫོང་གིས“འབྱོར་འབྲིང་ལམ་བུར་ལང་ཚོའི་བཀྲག་མདངས་འཚེར། ངའི་གྲོང་སྡོད་གཏམ་རྒྱུད”དང“ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོ། མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས”སོགས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་གཏམ་བཤད་བྱས་ཏེ། བརྗོད་བྱ་གཙོ་བོ་ཁ་གསལ་བ་དང་གོ་བདེ་ཤེས་སླའི་སྐད་ཆ་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕ་ཡུལ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བར་བསྟོད་གླུ་བླངས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།