དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སློབ་སྦྱོང་དང་ལག་བསྟར།

ངེས་པར་དུ་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས།

སྤེལ་དུས 2020-09-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་གྱི་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔའི་བོད་ལྗོངས་ཀྱི་ལས་དོན་ལ་ཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བཅས་གནང་ནས“ངེས་པར་དུ་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ང་ཚོས་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་བྱས་ནས་རྩ་དོན་གལ་ཆེན་འདི་དུས་རབས་གསར་པའི་བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས།
          “ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”བཅས་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་བོད་ལྗོངས་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་ཞིག་རེད། རྩ་དོན་དེས་དུས་ཡུན་རིང་པོའི་ནང་རང་རེའི་ཏང་གི་བོད་སྐྱོང་། བོད་བརྟན། བོད་དར་བཅས་ཀྱི་གྲུབ་འབྲས་ཉམས་མྱོང་གཅིག་སྡུད་བྱས་ཡོད། དེ་ནི་ལག་ལེན་ལས་ར་འཕྲོད་བྱུང་བའི་རང་རྒྱལ་གྱི་རྒྱལ་བབ་དང་། བོད་ལྗོངས་ཀྱི་དོན་དངོས། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་དང་འཚམ་པའི་རྩ་དོན་གལ་ཆེན་ཞིག་དང་། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་བོད་ལྗོངས་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་འོད་སྟོང་འཕྲོ་བའི་ལག་ལེན་ལས་ར་འཕྲོད་བྱུང་བའི་རྦད་དེ་ཡང་དག་པའི་རྩ་དོན་གལ་ཆེན་ཞིག མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པའི་རྩ་དོན་གལ་ཆེན་ཞིག་བཅས་རེད།
          རྩ་དོན་གལ་ཆེན་དེ་མཐའ་འཁྱོངས་བྱེད་པར། ངེས་པར་དུ་དགོངས་དོན་གྱི་ངོ་བོ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་དགོས། བོད་ལྗོངས་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་དེ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་དམིགས་པ་དང་བོད་ལྗོངས་ཀྱི་དོན་དངོས་སྟངས་འཛིན་གཏིང་ཟབ་གནང་ནས་བཏོན་པའི་སྔོན་མཐོང་རང་བཞིན་དང་སྣེ་ཁྲིད་རང་བཞིན་ལྡན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་འགན་འཁྲི་དང་། ལོ་རྒྱུས་ཀྱི་འགན་འཁྲི། འགན་འཁྲི་འཁུར་སེམས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པར་བརྟེན་ནས་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་མཐའ་འཁྱོངས་བྱེད་པ། ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བོད་ལྗོངས་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་གྱི་དགོངས་དོན་ངོ་བོ་ཁོང་དུ་ཆུད་པར་བྱས་ཏེ་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་འཛིན་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བ། ཆབ་སྲིད་ཀྱི་རྩ་དོན་མཐའ་འཁྱོངས། ཆབ་སྲིད་ཀྱི་འགྲོ་ལམ་བརྟན་དུ་གཏོང་བ་བཅས་བྱས་ཏེ། བོད་ལྗོངས་ཀྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་ཟམ་མི་ཆད་པར་མདུན་སྐྱོད་ཡོང་བར་འགན་ལེན་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་བཅངས་ལུགས་མཚོན་པར་བྱེད་དགོས།
          རྩ་དོན་གལ་ཆེན་དེ་མཐའ་འཁྱོངས་བྱེད་པར། ངེས་པར་དུ་དེའི་ཕུན་སུམ་ཚོགས་པའི་ནང་དོན་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་འགན་འཁྲི་འཁུར་སེམས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ཁྲིམས་ལྟར་བོད་སྐྱོང་བྱེད་པར། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱས་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་དགོས། དམངས་ཕྱུག་བོད་དར་བྱེད་པར། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་རྒྱུ་དེ་བོད་དར་གྱི་རྨང་གཞིའི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་གཏོང་ལ་དམ་པོར་དམིགས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མཉམ་སྤྱོད་ཐུབ་པ་བྱེད་དགོས། ཡུན་རིང་བོད་སྐྲུན་བྱེད་པར། གཟབ་ཅིང་བརྟན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་ལས་དོན་མཐའ་དག་ཕུགས་ཕན་ཇུས་འགོད་དང་བྱེད་ཐབས་མཐའ་དག་རྒྱུན་མཐུད་ཡོང་བར་བྱེད་དགོས། མི་སེམས་གཅིག་སྒྲིལ་བྱེད་པར། དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཟུང་འབྲེལ་བྱས་ཏེ་མི་སེམས་དང་སྟོབས་ཤུགས་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐོག་གཅིག་སྡུད་བྱེད་དགོས། རྨང་གཞི་བརྟན་དུ་གཏོང་བར། རྩ་ལག་མཉམ་བཅོས་དང་རྩ་བཅོས་གཙོ་གནད་དུ་འཛིན་པ་དང་། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབས་ཏེ་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་རྨང་གཞིའི་ལས་དོན་ཏན་ཏིག་སྒྲུབ་དགོས།
          རྩ་དོན་གལ་ཆེན་དེ་མཐའ་འཁྱོངས་བྱེད་པར། ངེས་པར་དུ་དེའི་ལག་ལེན་གྱི་དོན་སྙིང་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་དགོས། བོད་ལྗོངས་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་དེས་བོད་ལྗོངས་ཀྱི་ལས་དོན་ལ་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ། ལས་ཀའི་གཙོ་གནད་དང་དམ་འཛིན་བྱ་གཞི་ཡང་མངོན་པ་དང་། བསམ་བློའི་རང་བཞིན་དང་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་ཆེན་པོ་ལྡན་ལ། མཛུབ་ཁྲིད་ཀྱི་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་ཡོད། ང་ཚོས་བོད་ལྗོངས་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པར་གོ་བ་གཏིང་ཟབ་བླངས་ནས་བོད་ལྗོངས་ཀྱི་ལས་དོན་གྱི་གཙོ་གནད་ལས་འགན་ཁོང་དུ་བརྟན་པོར་ཆུད་པ་བྱེད་པ་དང་། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱེད་ཐབས་སྤྱད་དེ་ཡུན་རིང་བདེ་འཁོད་ལ་ཤུགས་རྐྱེན་བཟོ་བའི་གཏིང་ཟབ་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་མང་ཙམ་བྱེད་པ། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་ཡག་པོ་བྱེད་པ། ཏང་ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཁག་ཡག་པོ་སྤྱོད་པ། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་དང་རྡོ་ལ་རྐང་རྗེས་འཇོག་པ་དང་ལྕགས་ལ་ཤུར་ཁ་ཐོན་པའི་ངར་ཤུགས་སྒྲིམ་པ། ལས་དོན་གྱི་བསམ་ཕྱོགས་སྔར་བས་ལེགས་སུ་གཏོང་བ། ལས་དོན་གྱི་བྱེད་ཐབས་ཇུས་འགོད་ཡག་པོ་བྱེད་པ། ལས་འགན་ཁག་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོབ་པའི་འགན་ལེན་བྱེད་དགོས་པ་མ་ཟད། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ཇུས་འགོད་གནང་བའི་མཛེས་སྡུག་ལྡན་པའི་འཆར་གཞི་རེ་རེ་བཞིན་མངོན་འགྱུར་བྱེད་དགོས།
རྩོམ་སྒྲིག་པ། རིག་གྲོལ།