དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སློབ་སྦྱོང་དང་ལག་བསྟར།

སི་ཁྲོན་དཀར་མཛེས་རྫོང་དུ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བ།

སྤེལ་དུས 2020-09-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་དྲ་རྒྱ་དང་། བརྙན་འཕྲིན། རླུང་འཕྲིན་སོགས་བརྒྱུད་དེ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་འབྲེལ་ཡོད་བརྡ་འཕྲིན་ལ་བལྟས་ནས། ཚོགས་འདུའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་པ་དང་ཆབས་ཅིག དཀར་མཛེས་རྫོང་དུ་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར།

སློབ་སྦྱོང་བྱེད་པའི་ཡུལ་དངོས།
           ཟླ་9པའི་ཚེས་11ཉིན། དཀར་མཛེས་རྫོང་ཨུས་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཆབ་སྲིད་ཀྱི་གནས་བབ་མཐོན་པོའི་སྒོ་ནས་ཚོགས་འདུའི་དོན་སྙིང་གི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཚོགས་འདུའི་ནང་དོན་ཟབ་མོ་དང་དགོངས་དོན་གྱི་ངོ་བོ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་ཏུ་གཅིག་གྱུར་ཡོང་བར་བྱས། ཟླ་9པའི་ཚེས་9ཉིན་ནས་ཚེས་10ཉིན་བར། དཀར་མཛེས་རྫོང་གི་དགོན་སྡེའི་སྒྲོག་འགྲེལ་ཚོགས་པ་དཀར་མཛེས་དགོན་དང་དར་རྒྱས་དགོན་དུ་སོང་ནས། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་དང་། སྒྲོག་འགྲེལ་བྱས་པ་བརྒྱུད་དེ་རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་གིས་བོད་འབྲེལ་ལས་དོན་གཙོ་གནད་ཁུལ་དང་རྫོང་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་མྱོང་ཚོར་ཐུབ་པར་བྱས་པ་དང་། དཀར་མཛེས་རྫོང་གི་འཛུགས་སྐྲུན་གྲུབ་འབྲས་དང་འཕེལ་ཕྱོགས་མི་རྣམས་ཀྱི་སེམས་གཏིང་དུ་ཟུག་པར་བྱས་ཏེ།  རྒྱལ་གཅེས་ཆོས་གཅེས་དང་། ཁྲིམས་ཤེས་ཁྲིམས་སྲུང་། དགེ་བཀུར་ཡར་བརྩོན། བློ་གཅིག་སེམས་གཅིག་བཅས་ཀྱི་བཟང་ཕྱོགས་ཤིག་ཆགས་པར་བྱས། ཟླ་9པའི་ཚེས8ཉིན་ནས་ཚེས10ཉིན་བར། སྙི་ཁོག་ཤང་གིས་དུས་ཚིགས་གསུམ་པའི་“4+2”སྲིད་ཇུས་ཁྲིམས་སྲོལ་སྒྲོག་འགྲེལ་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། སྒྲོག་འགྲེལ་ཡན་ལག་རུ་ཁག་བཙུགས་ནས་ཤང་དེའི་གྲོང་ཚོ་6ལ་གཅིག་སྡུད་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ། 
           “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། བོད་འབྲེལ་ལས་དོན་གཙོ་གནད་ཁུལ་དང་རྫོང་གི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་དེས་ཚང་མར་སྐུལ་མ་ཆེན་པོ་ཐེབས་པ་དང་ཡིད་ཆེས་ཀྱིས་ཁེངས་ཡོད” ཅེས་དཀར་མཛེས་རྫོང་གི་ལས་བྱེད་པ་ཞིག་གིས་དེ་ལྟར་བཤད། 
           དཀར་མཛེས་རྫོང་མདོ་སྟོད་ཤང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་བོད་སྐྱོར་ལས་བྱེད་པ་ལི་ཀྲི་རེན་གྱིས་བརྗོད་དོན། “བོད་སྐྱོར་དབུལ་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ངས་‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’མུ་མཐུད་དུ་དར་སྤེལ་གཏོང་བ་དང་། ཚོགས་འདུའི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་འབད་བརྩོན་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་མང་བ་འདོན་དགོས་ལ། ཁ་གཏད་རོགས་སྐྱོར་གྱི་ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྗེས་མཐུད་རོགས་སྐྱོར་དང་རྒྱབ་སྐྱོར་སྔར་ལས་མང་པོ་བརྩོན་ལེན་བྱས་ནས་ཤང་ཡོངས་ཀྱི་མི་དམངས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་གཏོང་དགོས”ཞེས་བཤད། 
           “ཏང་ཀྲུང་དབྱང་གིས་ང་ཚོ་མང་ཚོགས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་བྱས་པ་དང་། དུད་ཁྱིམ་ཚང་མར་གློག་དྲ་ཤར་གཏོང་བྱས་ཤིང་། དུད་ཁྱིམ་ཚང་མས་ཁང་པ་གསར་པ་བརྒྱབ་པས། འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་པ་དང་སློབ་གསོ་ཇེ་ལེགས་སུ་ཕྱིན་ཡོད། ང་ཚོས་ངེས་པར་དུ་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ། གྲོང་མི་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་གཏོང་དགོས”ཞེས་སྲིབ་ངོ་ཤང་ཧོར་དགུ་མདོ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་ཀྱིས་དེ་ལྟར་བཤད། 
           མིག་སྔའི་བར། དཀར་མཛེས་རྫོང་གིས་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་རིགས་སྣ་ཚོགས་ཐེངས་145འཚོགས་པ་དང་། མང་ཚོགས་ཀྱི་སྒྲོག་འགྲེལ་ཐེངས་36བྱས་ལ། ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི་0.8ལ་ཁྱབ་ཡོད།
རྩོམ་སྒྲིག་པ། རིག་གྲོལ།