དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སློབ་སྦྱོང་དང་ལག་བསྟར།

སྒྱུར་བཅོས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་བོད་ཀྱི་ལས་རིགས་སློབ་གསོ་ཡག་པོ་གཉེར་བ།

སྤེལ་དུས 2020-09-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། རྩོམ་པ་པོ།
          ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
          ཉེ་ཆར། གསར་འགོད་པས་རང་ལྗོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ནས་ལས་རིགས་སློབ་གསོ་ཇི་ལྟར་ཡག་པོ་གཉེར་རྒྱུའི་ཐད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཧུའུ་ཀྲེ་གོར་བཅར་འདྲི་བྱས་པ་ཡིན།
          ཧུའུ་ཀྲེ་གོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“རང་བྱུང་རིག་པ་དང་། བཟོ་སྐྲུན་རིག་པ། ཞིང་ལས་གསོ་རིག་སོགས་ཐད་དཀོན་པའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། འབྱུང་འགྱུར་གྱི་ཁྲོམ་རའི་དགོས་མཁོར་དམིགས་ནས་ལས་རིགས་སློབ་གསོ་ཡག་པོ་གཉེར་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རིག་ཚན་བཀོད་སྒྲིག་བྱེད་པ། རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ཆེད་ལས་རྩལ་ནུས་རྣམ་པའི་གོ་ཆོད་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས”ཞེས་གསལ་པོ་བསྟན་ཡོད་ཅེས་བརྗོད།
          ཧུའུ་ཀྲེ་གོས། ད་ཕན་ལོ་ཤིས་རིང་། རང་ལྗོངས་ཀྱི་ལས་རིགས་སློབ་གསོའི་ཆེད་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཏེ། མཐོ་རིམ་ལས་རིགས་སློབ་གསོས་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུ་སྟོན་ཕྱོགས་སུ་བཟུང་བ་དང་། རང་སྐྱོང་ལྗོངས་ཀྱི་གཙོ་གནད་འཕེལ་རྒྱས་ཐོན་ལས་ཆེན་པོ་བདུན་རྨང་གཞིར་བྱེད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་བྱང་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཚད་མཐོ་རུ་གཏོང་བའི་གཙོ་གནད་གཉིས་ལ་དམ་འཛིན་བྱེད་པ། ཁྱད་ལྡན་ཆེད་ལས་འཛུགས་སྐྱོང་བྱ་རྒྱུ་དེ་ཚད་བརྒལ་བྱེད་སར་བརྩི་བ་བཅས་བྱས་ནས་ཐོན་ཁུངས་གཅིག་སྡུད་ཀྱིས་དྲ་ཐོག་ཚོང་དོན་གྱི་ལག་རྩལ་དང་། རྩིས་གཉེར། གྱོན་ཆས་དང་རྒྱན་ཆ་ཇུས་འགོད་སོགས་ཀྱི་ཁྱད་ལྡན་ཆེད་ལས་འཛུགས་སྐྱོང་བྱས་ཏེ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་གཙོ་རྐང་དུ་བྱེད་པ་དང་ཐོན་ལས་དང་པོ་དང་གཉིས་པའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་གཤོག་ཟུང་ལྟ་བུར་འཛིན་པའི་ཆེད་ལས་ཀྱི་བྱེད་པོ་ཆགས་པར་བྱས་ནས་བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ལག་རྩལ་རྩལ་ནུས་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ཡོད། འབྲིང་རིམ་ལས་རིགས་སློབ་གསོས་བོད་ཀྱི་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་དམིགས་པ་དང“སྦྲེལ་མཐུད་ལྔའི”བླང་བྱ་གཞིར་བཟུང་གྲོང་ཁྱེར་དང་ས་གནས་ཁག་གི་འཕེལ་རྒྱས་ཀྱི་གཙོ་གནད་དང་ལས་རིགས་སློབ་གྲྭ་ཁག་གི་སློབ་གཉེར་ཚུགས་གནས་གསལ་པོ་བཟོས་ཏེ། ལྗོངས་ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭས་ཁྱད་ལྡན་སྤུས་རྟགས་ཆེད་ལས་20གཙོ་གནད་ཐོག་བཏོད་ཡོད། དེ་དང་དུས་མཚུངས། རང་ལྗོངས་ཀྱིས་སློབ་གྲྭའི་སློབ་གཉེར་དང་ཁེ་ལས་དབར་གྱི་མཉམ་ལས་སྦྲེལ་མཐུད་དམ་ཟབ་ཡོང་རྒྱུར་ཟམ་མི་ཆད་མེད་པར་སྐུལ་འདེད་བཏང་ནས་སློབ་གྲྭ་དང་ཁེ་ལས་དབར་གྱི་མཉམ་ལས་ཟབ་ཏུ་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭས་སློབ་གྲྭ་དང་ཁེ་ལས་མཉམ་གཏོད་ཀྱི་ཁེ་ལས་ཀྱི་ལག་ལེན་རྟེན་གཞི་100བཙུགས་ཡོད་པ་དང་འབྲིང་རིམ་ལས་རིགས་སློབ་གྲྭས་སློབ་གྲྭ་དང་ཁེ་ལས་མཉམ་གཏོད་ཀྱི་ཁེ་ལས་ཀྱི་ལག་ལེན་རྟེན་གཞི་473བཙུགས་ཡོད་ཅེས་བརྗོད།
རྩོམ་སྒྲིག་པ། རིག་གྲོལ།