རང་སྐྱོང་ལྗོངས་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཁོངས་གཏོགས་ཀྱིས་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོངབྱས་པ།
སྤེལ་དུས 2020-11-02
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཚེས་27ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་སྒྲོག་འགྲེལ་གྱི་སྒྲོག་འགྲེལ་བའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པ་རྒན་གྲས་པ་སངས་དང་བདེ་སྐྱིད་མཚོ་མོ་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ནང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ལྗོངས་ཀྱི་ལས་དོན་གྱི་གཞི་ཚུགས་ས་དང་ཤུགས་རྒྱག་སར་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་རྒྱུ་མཐའ་འཁྱོངས་སོགས་ཀྱི་ནང་དོན་ཐད་ནས་སློབ་ཚན་ཁྲིད་པ་དང་གསལ་འགྲེལ་གནང་བ་རེད། གྲོང་ཁྱེར་དང་ས་ཁུལ་བདུན་གྱི་རྒན་ཡོལ་ཞུས་པའི་ཏང་ཀྲི་པུའུ་ཚན་པའི་ཁོངས་མི་དང་། ནང་སར་བཅའ་སྡོད་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཁྲུའུ་ཁག་དང་ལས་བྱེད་པའི་ལུས་གསོ་ཁང་གི་ཏང་དོན་ལས་དོན་པ། ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱི་སྒྲོག་འགྲེལ་བ་སོགས་ཁྱོན་མི་60ཙམ་གསོ་སྦྱོང་ལ་ཞུགས་ཡོད།
གསོ་སྦྱོང་ལ་ཞུགས་མཁན་གྱི་བློ་མཐུན་རྒན་གྲས་ཚོས་བླ་ན་མེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཐོག་ནས་སེམས་ནུས་གཉིས་ཀ་ད་ཐེངས་ཀྱི་གསོ་སྦྱོང་ནང་བཞག་སྟེ། སྦྱངས་པར་གོ་བ་ལོན་པ་དང་སྦྱངས་ནས་འབྲས་བུ་ཐོན་པ་བྱས་ཏེ་གསོ་སྦྱོང་མཇུག་འགྲིལ་རྗེས་ངེས་པར་དུ་སྒྲོག་འགྲེལ་བའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ་དང་། དུས་ཐོག་ཏུ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཚང་མར་བརྒྱུད་སྤྲོད་བྱས་ནས། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཁྱིམ་ཚང་མི་རེ་ངོ་རེ་དང་མི་ཚང་མས་ཤེས་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་ཡོད།
རྩོམ་སྒྲིག་པ། རིག་གྲོལ།