དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ༢༠༡༢ཆེན་སྒྲིག 2020 > ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། > སློབ་སྦྱོང་དང་ལག་བསྟར།

ཡན་ཅིན་ཧའེ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་དང་ཀློག་དེབ་རྩོམ་འབྲིའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

སྤེལ་དུས 2020-12-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་བཀའ་མངགས་ལྟར། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་དང་ཀློག་དེབ་རྩོམ་འབྲིའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་དང་ཀློག་དེབ་རྩོམ་འབྲིའི་ལས་དོན་ནན་ཏན་དང་། ཞིབ་ཕྲ། ཡག་པོ་བཅས་བསྒྲུབས་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་ལྷོད་མེད་དང་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད།
          ཡན་ཅིན་ཧའེ་ཡིས་བོད་ནི་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མ་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་དང་ཀློག་དེབ་རྩོམ་འབྲིའི་ལས་དོན་གཏིང་ཟབ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་ནས“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མེས་རྒྱལ་གཅིག་གྱུར་དང་། བོད་ལྗོངས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་དུས་བཀག་ལྟར་སྤུས་ཚད་ལེགས་པོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་དང་ཀློག་དེབ་རྩོམ་འབྲིའི་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
          ཡན་ཅིན་ཧའེ་ཡིས་སྤུས་ཚད་ནི་དཔེ་དེབ་ཀྱི་ཚེ་སྲོག་རེད། འགན་འཁྲིའི་འདུ་ཤེས་དང་། དཀའ་སྤྱད་ཀྱི་འདུ་ཤེས། མཉམ་ལས་ཀྱི་འདུ་ཤེས། སྤུས་དག་གི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས་འགོ་ཁྲིད་གནས་སུ་འཁེལ་བ་དང་། སྒྲིག་གཞི་གནས་སུ་འཁེལ་བ། གྲོན་དངུལ་གནས་སུ་འཁེལ་བ། དཔུང་ཁག་གནས་སུ་འཁེལ་བ། ཆ་རྐྱེན་གནས་སུ་འཁེལ་བ་བཅས་བྱེད་དགོས་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཡག་པོ་བཏང་ནས་དཀའ་སྤྱད་སྡུག་རུས་དང་ལས་ཀར་འབད་བརྩོན་བྱེད་དགོས་པ། དུས་བཀག་གི་བཀོད་གཏོང་དང་། སྐུལ་འདེད། གྲོས་མོལ། འབྲེལ་གཏུག་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འབྲེལ་མཐུད་ཧུར་ཐག་དང་། ཕན་ཚུན་རྒྱབ་སྐྱོར། མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། ཀྲུང་དབྱང་ཏང་གི་སློབ་གྲྭ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་། དེ་བཞིན་ལྗོངས་ཕྱིའི་ནུས་པ་ལྡན་པའི་མཐོ་སློབ་དང་ཇུས་འདོན་ཚོགས་པ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། མིང་དོན་མཚུངས་པ་དང་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་ཀློག་དེབ་རྩོམ་འབྲི་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཡན་ཅིན་ཧའེ་ཡིས་ཀློག་དེབ་རྩོམ་འབྲིའི་ལས་འགན་དཀའ་ཚེགས་ཆེ་བ་དང་དུས་ཚོད་ཐུང་བས། འབྲེལ་ཡོད་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱར་བ་གྲུ་འདེགས་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། རང་འགུལ་ངང་ལས་འགན་འཁུར་དགོས་པ་དང་དུས་ཐུང་ནང་སྤུས་ཚད་འགན་ལེན་བྱས་ནས་ཆུ་ཚད་ལྡན་པ་དང་། ཁྱད་ཆོས་ལྡན་པ། སྤུས་ཀ་དག་པ་བཅས་ཀྱི་ཀློག་དེབ་རྩོམ་འབྲི་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།